ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.04.2015 05:49:06
གངས་དཀར་སེམས།

བུད་མེད་མཚན་མཐུན་དགའ་རོགས་འདིའི་རིགས་ཀྱི་ཁྱོ་བོ་དེ་ལ་མཚོན་ན་ཁོ་པ་ནི་བུད་མེད་དེ་ཚོའི་འཚོ་བར་འགན་སྲུང་བྱེད་མཁན་གྱི་ཡོ་བྱད་ལྟ་བུ་རེད། དེའང་བུད་མེད་འདི་དག་གིས་ཁྱོ་བོར་དུས་མཚུངས་ཁེ་བཟང་ལྟ་བུ་གཉིས་རག་ཐབས་ཀྱིས་བུད་མེད་རག་པ་དུས་མཚུངས་ཕོ་ཁྱོ་གའི་གཟི་རྔམ་ལ་ཉེན་ཁ་འཕྲད་སྐབས་ཀྱི་ཁོང་ཁྲོ་དེ་དག་ཞི་ཐབས་བྱེད་ཀྱི་ཡོད།
བུད་མེད་དབར་ལུགས་མཐུན་མིན་པའི་བརྩེ་ཚོར་དེ་དག་དང་སྐྱེས་ཕོ་དབར་གྱི་བརྩེ་ ཚོར་དབར་བསྡུར་ན་བུད་མེད་དབར་གྱི་བརྩེ་ཚོར་འདི་སྔོན་ལས་ཞིབ་ཚགས་ཅིང་རྒྱུན་རིང་བའི་ཚོར་འདུ་ཞིག་སྟེ། དེའང་ཕལ་ཆེར་བསམ་བློའི་རང་བཞིན་དང་གཞན་གྱིས་ཤེས་རྟོག་དཀའ་བ། དེ་བས་མཐོང་རྒྱུ་དཀོན་པ་བཅས་རེད། དོན་དངོས་ཐོག་བུད་མེད་མཚན་མཐུན་དགའ་རོགས་སྐོར་རྒྱ་ནག་གི་ལོ་རྒྱུས་མ་དེབ་ དང༌། དེ་མིན་གྱི་ཡིག་ཆ་སོགས་སུ་མང་པོ་བཀོད་ཡོད་པ་རེད།

ཕོ་བྲང་གཏིང་རུབ་ནང་གི་ལང་ཚོ་ཁེར་རྐྱང༌།

བུད་མེད་མཚན་མཐུན་དགའ་རོགས་ཀྱི་བྱ་སྤྱོད་སྐོར་གླེང་འོང་དུས་རྒྱལ་པོའི་ཕོ་བྲང་མི་ གླེང་དཀའ་མོ་ཡིན། ཕོ་བྲང་ནང་གི་བཙན་སྒོ་དགུ་བསྒྲིགས་དང་ཕོ་བྲང་གི་གཏིང་རུམ་གྱི་ནང་དུ་བུད་ མེད་ཀྱི་བརྩེ་ཞེན་དང་འདོད་མོས་ལ་སྡོམ་རྒྱ་ཇི་ཙམ་ཐེབས་ཡོད་དམ། རྒྱལ་པོས་མཛེས་མའི་འདོད་རྔམ་ལ་བརྩོན་ལེན་བྱེད་པ་ནི་མཐའ་མེད་པ་ཞིག་རེད། དེས་ཕོ་བྲང་ནང་གི་བུད་མེད་རྣམས་ལ་སྡུག་ངལ་ཆེས་ཆེར་སྟེར་ཡོད་ལ། དེ་ནི་བཤད་མི་ཤེས་པའི་སུན་སྣང་ཞིག་ཀྱང་ཡིན། རྒྱལ་པོའི་ཕོ་བྲང་གི་གཏིང་རུམ་ཞིག་ནང་བུད་མེད་དེ་ཚོས་ཅི་ཞིག་ལ་བརྟེན་ནས་སེམས་ཀྱི་སྡུག་ངལ་དང་ཁེར་རྐྱང་གི་སུན་བཙིར་ཞི་ཐབས་བྱེད་དམ།

རྒྱའི་དེབ་ཐེར་ལེའུ་དགུ་པ་སྤུན་ཉེའྀ་ལོ་རྒྱུས་ཅེས་པའི་ནང་རྒྱལ་མོ་ཁྲིན་ཨ་ཅོའི་སྐོར་ཡིག་ཕྲེང་འགའ་ཤས་ཙམ་གྱིས་མོ་རང་ཕོ་བྲང་གཏིང་རུམ་ཞིག་ལ་ཇི་ལྟར་བསྡད་མིན་སྐོར་བྲིས་ཡོད། མོ་རང་གིས་མཐུ་ཤེས་མཁན་བུད་མེད་གཞན་ཞིག་འབོད་དེ་དེའི་མཐུ་རྩལ་གྱིས་རྒྱལ་པོའི་སེམས་སླར་མོ་རང་ལ་འགུག་ཐབས་བརྩོན་པའི་སྐོར་འཁོད་ཡོད་པ་དེས་བུད་མེད་ དབར་གྱི་མཚན་མཐུན་དགའ་རོགས་སྐོར་གྱི་རྣམ་པ་གསལ་ཡོད། དེ་རྗེས་ཀྱང་ཅཱ་ཐོ་པན་གོས་བརྩམས་པའི་ཧཱན་ཝུའི་ལོ་རྒྱུས། ཅེས་པའི་དེབ་ནང་རྒྱལ་མོ་ཁྲིན་ཨ་ཅོས་མཐུ་རྩལ་ཤེས་མཁན་གྱི་བུད་མེད་ཅིག་འབོད་ འགུག་བྱས་པ་དང༌། བུད་མེད་དེས་ཕོ་ཆས་གྱོན་ཞིང་རྒྱལ་པོ་དང་མཉམ་དུ་བསྡད་ཀྱི་ཡོད་པ་དེ་ནི་ཁྱོ་ ཤུག་གཉིས་ཕན་ཚུན་བརྩེ་དུང་གིས་འཚོ་བ་བསྐྱེལ་བཞིན་ལྟ་བུ་ཡིན་པའི་སྐོར་ཧ་ཅང་ཞིབ་ཕྲའི་སྒོ་ནས་འབྲི་བཀོད་བྱས་ཡོད་པ་རེད། གནམ་འོག་བུད་མེད་ཡོངས་ཀྱི་དཔོན་མོའམ་རྒྱལ་མོ་ཞིག་ལ་མཚོན་ནའང་ཁེར་རྐྱང་གི་སུན་བཙིར་འོག་མཚན་མཐུན་དགའ་རོགས་ཀྱི་བརྩེ་དུང་རག་ཐབས་བྱེད་ཀྱི་ཡོད་ན། དེ་མིན་ཕོ་བྲོང་ནག་གི་རྒྱལ་པོའི་བཙུན་མོ་ལོ་གཞོན་དེ་དག་གིས་འཚོ་བ་ཇི་ལྟར་ཆོད་ཐབས་བྱེད་ཀྱི་ཡོད་དམ། རྒྱའི་དེབ་ཐེར་རྒྱལ་མོ་ཞཱོ་ཁྲིང་ཀྲོའོ། ཞེས་པའི་ནང་ཧཱན་ཟེར་བ་དེ་རྒྱལ་པོ་ཆགས་ནས་བཟུང་ཕོ་བྲང་དབར་ཕན་ཚུན་འབྲེལ་འཇག་ལྟ་བུ་གྱུར། ཧཱན་ཤར་མའི་རྒྱལ་པོས་རྒྱའི་དེབ་ཐེར་ལ་མཆན་བཀོད་སྐབས་ཕོ་བྲང་ནང་གི་བཙུན་མོ་རྣམས་ཕན་ཚུན་འཆམ་ཐབས་བྱེད་པ་དེ་ལ་ཕན་ཚུན་འབྲེལ་འཇག་ཟེར་ཞིང༌། ཕོ་བྲང་དང་ལས་གནས་ཁང་གཞན་དབར་གྱི་བུད་མེད་དབར་ཁྱོ་ཤུག་ལྟ་བུའི་ཁྱིམ་ཚང་ བསྒྲིག་མཁན་ནི་སྐབས་དེར་མཚོན་ན་གྲངས་ཀ་ཉུང་ཉུང་མིན། ཞེས་འཁོད་ཡོད་པ་རེད།

ཕན་ཚུན་བརྩེ་ཞེན་གྱིས་འགྲོགས་པ།

ཕོ་བྲང་ནང་གི་བུད་མེད་ཚོ་ཁེར་རྐྱང་གི་སུམ་སྣང་གིས་ཕན་ཚུན་སེམས་གསོ་བྱེད་ཀྱི་ཡོད། དེས་ན་དམངས་ཕྲོད་དུ་བུད་མེད་དབར་གྱི་བརྩེ་དུང་ངོ་མ་ཆགས་པ་ཟེར་བའི་སྐོར་གྱི་ རྣམ་པ་དེ་ཇི་ལྟར་ཞིག་ཡིན་ནམ། མཱིང་རྒྱལ་རབས་སྐབས་ཀྱི་ཆཱེའེ་བུ་སྤུན་ཟེར་བའི་མཚན་མཐུན་དགའ་རོགས་སྐོར་གྱི་ རྩོམ་ཡིག་ནང་ང་ཚོས་མཱིང་རྒྱལ་རབས་མཇུག་ནས་ཆིང་རྒྱལ་རབས་འགོའི་སྐབས་སུ། སྤྱི་ཚོགས་ཀྱི་རྣམ་པ་ནི་ཧ་ཅང་གུ་ཡངས་སམ་རྣམ་གཡེང་ཆེ་དྲག་ནས། མཚམས་རེར་འཆོལ་འགྲོ་བའི་གནས་སྟངས་ཀྱང་ཡོད་པ་ཤེས། རྒྱབ་ལྗོངས་འདི་འདྲའི་འོག་ལཱི་ཡུའུ་ཡིས་རྒྱ་ནག་གི་རྩོམ་རིག་ལོ་རྒྱུས་ཐོག་བུད་མེད་དབར་གྱི་མཚན་མཐུན་དགའ་རོགས་སྐོར་གྱི་ཟློས་གར་དུང་སེམས་ཀྱི་དགའ་རོགས་སམ་མཛེས་མའི་དྲི་ཞིམ། ཞེས་པ་དེབ་ཅིག་བྲིས། དེབ་དེའི་རྩོམ་པ་པོའི་གྲོགས་པོ་ཧྥུའུ་ཝེ་ཡིས་སྔོན་གླེང་བྲིས་པའི་ནང་བརྩམས་སྒྲུང་དེའི་འབྱུང་ཁུངས་ནི་རྩོམ་པ་པོ་ཁོ་རང་སྒེར་གྱི་ཁྱིམ་ཚང་འཚོ་བ་ཡིན་ སྐོར་གསལ་བཤད་བྱས་ཡོད།

བརྩམས་ཆོས་ དེའི་ནང་ཕྱི་ནང་གཉིས་ལ་ཤེས་འཇོན་ལྡན་པའི་ཚུའེ་ཆེན་ཡུན་དང་ཕྱི་མཛེས་ནང་བཙུན་གྱི་ཚཱོ་ཡུའུ་ཧ་གཉིས་ཆར་པའི་མེ་ཏོག་དགོན་དུ་ཕན་ཚུན་མཐོང་བ་ཙམ་གྱིས་བརྩེ་དུང་ཆགས་ཅིང་མཆེད་གྲོགས་ལྟར་མཛེས་མའི་དྲི་ཞིམ་ཞེས་པའི་བརྗོད་གཞིའི་ཐོག་མཉམ་ དུ་སྙན་ངག་གྱེར་ཞིང༌། དེ་རྗེས་ཚེ་ཕྱི་མར་ཁྱོ་ཤུག་ཆགས་རྒྱུའི་དམ་བཅའ་བཞག ཚུའེ་ཆེན་ཡུན་གྱིས་ཁྱོ་བོའི་ཕོ་ཆས་གྱོན་ཞིང༌། ཚཱོ་ཡུའུ་ཧ་དང་མཉམ་དུ་སངས་རྒྱས་ཀྱི་སྐུའི་མདུན་དུ་མནའ་བསྐྱེལ་ཐོ་བཙུགས་ནས་བུད་མེད་གཉིས་གཉེན་བསྒྲིགས་བྱས། མོ་གཉིས་ཕན་ཚུན་ཇི་སྲིད་གནས་པའི་བར་འཆམ་མཐུན་ཡོང་ཕྱིར་འགག་སྒོ་དུ་མ་གཏོར་རྗེས་མོ་གཉིས་ཀ་ཚུའེ་ཆེན་ཡུན་གྱི་ཁྱོ་ག་ཧྥན་ཧྲིའི་མནའ་མར་སོང༌། ཧྥན་ཧྲི་ནི་སྐྱོ་གར་ནང་གི་སྐྱེས་པ་ཞིག་གམ། སོ་སོའི་དགའ་སྣང་ཚད་མེད་དེ་འགོག་མ་ཐུབ།

ལཱི་ཡུའུ་ཡིས་བུད་མེད་མཚན་མཐུན་དགའ་རོགས་འདི་གཉིས་འབྲི་བཀོད་བྱེད་སྐབས། ཕན་ཚུན་མཛའ་བརྩེས་འགྲོགས་པ། ཅེས་པའི་བརྩམས་ཆོས་ནང་དང༌། ཆེད་དུ་བསྒྲིགས་པའི་ལཱི་ཝུང་ཁྱིམ་མིའི་སྙན་ངག་ཕྱོགས་དེབ་བམ་རོལ་དབྱངས་ཆེད་ བསྒྲིགས་གཞིས་སྒར་དྲི་ཞིམ་གྱིས་ཁྱབ། ཁྱིམ་མཚེས་བུ་མོ་གཅེན་གཅུང་གཉིས། ཅེས་པའི་བརྩམས་དེབ་ནང་ལའང་ཁོ་པའི་བུ་མོ་ཆུང་ཆུང་གཉིས་ཀྱིས་མི་གཞན་མེད་ས་ནས་ཕན་ཚུན་འདོད་དོན་བཏོན་བཞིན་པའི་སྐོར་བྲིས་ཡོད་པ་རེད།

སྤྱི་བཏང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་བུད་མེད་མཚན་མཐུན་དགའ་རོགས་ཀྱི་འཚོ་གནས་སྐོར་བཤད་ན། དེ་ནི་དོན་དངོས་ཐོག་ང་ཚོས་ལཱི་ཡུའུ་ཡི་བརྩམས་སྒྲུང་དེའི་ནང་ནས་ཟུར་ཞིག་མཐོང་ཐུབ་པ་ཡིན། བུད་མེད་དེ་དག་དཔལ་འབྱོར་ཡོང་བབས་ཐད་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་གནས་སྟངས་ཡིན་ཞིང༌། བུད་མེད་དེ་དག་སྐྱེས་པ་ལ་བརྟེན་དགོས་པ་དང༌། སྐྱེས་པ་ཕོའི་སྒེར་བདག་གི་ཅ་དངོས་ལྟར་རེད། གཉེན་སྒྲིག་ནི་བུད་མེད་དེ་ཚོ་མུ་མཐུད་འཚོ་ཐབས་བྱེད་པའི་རྒྱབ་བརྟེན་ཆེ་ཤོས་ཡིན། དེར་བརྟེན། གནའ་བོའི་བུད་མེད་མཚན་མཐུན་དགའ་རོགས་དེ་དག་ངེས་པར་དུ་སྲོལ་རྒྱུན་གྱི་ཁྱིམ་གཞི་ཞིག་ཏུ་འཚོ་དགོས། དེ་དག་གིས་བློ་བདེ་སེམས་བདེའི་སྒོ་ནས་ཕོ་མོ་དབར་གྱི་གཉེན་བསྒྲིག་ལ་བརྟེན་ནས་སོ་སོའི་བརྩེ་དུང་གི་ཁྱིམ་གཞི་བསྐྲུན་ཐབས་བྱེད་ཀྱི་ཡོད། བུད་མེད་དེ་དག་ལ་མཚོན་ན་ཁོ་ཚོའི་ཁྱོ་བོ་ནི་མོ་རང་ཚོ་མུ་མཐུད་འཚོ་ཐུབ་པའི་ཡོ་ཆ་ཙམ་རེད། བུད་མེད་དེ་ཚོར་ཁྱོ་ག་ཡོད་པ་དུས་མཚུངས་སུ་ཕྱོགས་གཉིས་ཀྱི་ཁེ་བཟང་རག་ཐུབ་ལ། གནས་སྟངས་དེ་འདྲར་བརྟེན་ནས་སྐྱེས་པ་ཕོའི་དབང་ཤུགས་ཀྱི་ལ་རྒྱ་ལ་ཉེན་ཁ་བཟོ་ སྲིད་པའི་ཁོང་ཁྲོ་དེ་དག་ཞི་ཐབས་བྱེད་ཀྱི་ཡོད།

དེང་གི་དུས་བར་བུད་མེད་ཀྱི་སྤྱི་ཚོགས་གནས་བབས་ཐོག་མཐའ་བར་གསུམ་དུ་མཐོར་འདེགས་འགྲོ་བཞིན་ཡོད། འོན་ཀྱང་སྔར་བཞིན་སྲོལ་རྒྱུན་གྱི་འཆིང་ཐག་དེ་དག་གཏོར་ཐུབ་མེད། གཉེན་སྒྲིག་ནི་བུད་མེད་དེ་དག་གི་མི་ཚེའི་ནང་གི་བྱ་བཞག་ཆེ་ཤོས་ཤིག་ཡིན། དེས་སྒེར་ལ་དཔལ་འབྱོར་ཐད་ཀྱི་གོ་ས་ཐོབ་ཡོད་ལ། བུད་མེད་མཚན་མཐུན་དགའ་རོགས་མང་པོས་ད་དུང་ཡང་སྲོལ་རྒྱུན་གྱི་ཁྱིམ་གཞིས་ལ་ཕྱིར་ལོག་ཐུབ་པར་གདམ་ཁ་རྒྱག་སྟེ་ཕོ་མོའི་དབར་གྱི་གཉེན་བསྒྲིག་ལ་བརྟེན་ནས་སོ་སོའི་འཚོ་ཐབས་ཀྱི་བདེ་འཇགས་ལ་འགན་སྲུང་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད།།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -