ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
ཨ་མའི་བཀའ་དྲིན།
11.04.2015 00:12:09

-----------ཨ་མའི་བཀའ་དྲིན།
བརྩེ་བའི་དྲོད་ཀྱི་རུམ་ཁ་ནང་དུ་ནུ་ཞོ་མངར་མོས་ལུས་ཁམས་གསོ །།
བགོད་པའི་མཛུམ་མདངས་ང་ལ་སྟོན་གྱི་འཇམ་པའི་གོས་ཀྱིས་ལུས་ཁམས་དྲོད །
བྱམས་པའི་བརྩེ་སེམས་བདག་ལ་བཅངས་ཏེ་ལུས་ཀྱིས་དཀའ་སྡུག་ཁུར་དུ་བླངས །།
རང་ལུས་གྲོད་ཁོག་སྟོང་པ་གྱུར་ཀྱང་བཅུད་ལྡན་ཟས་རྣམས་བུ་ལ་སྦྱིན།།


~~~~~~~~~~~~~~~~~~~~~~~~~

བརྩེ་བའི་ཟུར་མིག་བདག་ལ་འཕངས་ཤིང་ཉིན་མཚན་ཨ་མས་འཚོལ་རྒྱུ་ཁྱོད །
ངག་ནས་བགྲང་རྒྱུ་མ་ཎི་འབྲུ་དྲུག་བུ་ཕྲུག་བདེ་བའི་སྨོན་ལམ་ཡིན།།
ཡོད་ཚད་གཞན་གྱི་དོན་དུ་འཚོ་ཞིང་སྒོ་གསུམ་ལས་ཀྱིས་ཀུན་ཏུ་བྲེལ།།
ཉིན་མཚན་དྲན་སེམས་བདག་ལ་ཕྱོགས་པའི་ཁྱེད་ནི་འཇིག་རྟེན་རླབས་ཆེན་མ།།
~~~~~~~~~~~~~~~~~~~~~~~~~~~~~

 



བརྗོད་གཞིའི་རིགས་བཀར་བ།: ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ། | གངས་དཀར་སེམས།


 

13.04.2015 06:33:59

ལུས་ཁམས་གསོ་དང་ལུས་ཁམས་དྲོད་གཉིས་བསྐྱར་ཟློས་ལྟར་སྣང་། ཟུར་མིག་འདི་ཨ་མ་ལ་མི་འཚམ།
ལན།
 
16.04.2015 01:14:19

དགོངས་ཚུལ་གནང་བ་བཀའ་དྲིན་ཆེ།
ལན།
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -