ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

28.03.2015 02:37:40
གངས་དཀར་སེམས།

རྩོམ་པ་མོ་འདི་ནི་འཛམ་གླིང་ཐོག་ནཱོ་བྷེ་རྩོམ་རིག་ཐོབ་མཁན་བུད་མེད་ཨང་དྲུག་པ་དེ་ཡིན། དེའང་ནཱེ་ལེ་ས་ཁི་ཟི་ནི་ ༡༨༩༡ ལོའི་ཟླ་ ༡༢ ཚེས་ ༡༠ ནས་ ༡༩༧༠ ཟླ་ ༥ ཚེས་ ༡༢ བར་འཚོ། ཁོ་མོ་ནི་འཇཱའ་མན་གྱི་ཅུའུ་ཞི་ Jewish རིགས་རྒྱུད་ཀྱི་སྙན་ངག་པ་དང་ཟློ་གར་རྩོམ་པ་པོ་ཞིག་ཡིན། ༡༩༦༦ ལོར་ནཱེ་ལེ་ས་ཟ་ཁི་ཟི་ Sax དང་ཨི་སི་རེ་ Israel ཡི་རྩོམ་པ་པོ་སཱམ་ཡུ་ཇོ་ཟོ་ཧྥུན་ཨ་ནོན་ Samuel Jose phA gnon  དང་མཉམ་དུ་ནཱོ་བྷེ་རྩོམ་རིག་བྱ་དགའ་ཐོབ།


 

གཟེངས་རྟགས་དཔྱད་བརྗོད་ཚོགས་ཆུང་ནས་ཁོ་མོའི་བརྩམས་ཆོས་ཀྱིས་བརྩེ་ཚོར་དང་ཟློས་གར་བརྩམས་ཆོས་ཀྱིས་མི་རྣམས་ལ་སེམས་འགུལ་ཐེབས་པའི་ནུས་ཤུགས་ཡོད་ཅིང་། དེ་དག་གིས་ཨི་སི་རེའི་མི་རྣམས་ཀྱི་ལས་དབང་མཚོན་ཐུབ་ཡོད་པ་རེད་ཅེས་ངོས་འཛིན་བྱས། ནཱེ་ལེ་ས་ཁི་ཟི་ Sax འཇའ་མན་ནི་ Germany རྒྱལ་ཁབ་ཀྱི་བྷོ་ལིན་ Berlin གྲོང་ཁྱེར་དུ་སྐྱེས།


༡༩༤༠ ལོར་འཇཱའ་མན་ Germany ནཱ་ཙི་ Nazis ཆབ་སྲིད་ཚོགས་པའི་རྒྱལ་ཁོངས་སུ་ཇུའུ་ཞི་མི་རིགས་ཚོར་གཉའ་གནོན་དང་རྡུང་རྡེག་བཏང་བའི་གནས་སྟངས་ལ་གཡོལ་ཕྱིར་སུའེ་ཊན་ Sweden རྒྱལ་ཁབ་ཏུ་བཙན་གྱིས་གྱར་དགོས་བྱུང་བ་རེད། ཁོ་མོའི་བརྩམས་ཆོས་རྣམས་འཇའ་མན་སྐད་ཡིག་ཐོག་ནས་བྲིས་པ་ཡིན་ལ། གཡུལ་འཐབ་མཇུག་སྒྲིལ་རྗེས་ཁོ་མོའི་བརྩམས་ཆོས་དེ་དག་འཇའ་མན་ནཱ་ཙི་ཆབ་སྲིད་ཚོགས་པས་ཡཱོ་རོབ་གླིང་ Europe དུ་ཇུའུ་ཞི་མི་རིགས་ལ་དམར་བསད་ཆེན་པོ་སྤེལ་བའི་སྐོར་དང་འབྲེལ་བའི་སྙན་ངག་དང་བརྩམས་ཆོས་ཀྱང་ཆགས་ཡོད་པ་རེད།


བརྩམས་ཆོས་ཁག

༡། སྙན་ངག་ལུགས་ཀྱི་བརྩམས་ཆོས།

ཤི་ལམ་དུ་དེད་པའི་མགྲོན་ཁང་དུ།  In the apartment of death

རབ་རུབ་ཀྱི་སྐར་ཚོགས། Morning Star bleak

བྲོས་བྱོལ་དང་འགྱུར་ལྡོག  Escape and Change

ད་ནས་སླར་ཤེས་མཁན་མེད། Nobody knows again

གཙང་སའི་ཁུལ་དུ་འཛུལ། Enter the territory of the clean

ཤི་ཕོས་མུ་མཐུད་དགའ་སྟོན་གཤམ། Death still Qingsheng

ཚོར་བ་རྣོ་བའི་གབ་ཚིག  Hot riddle

གསོན་པོ་འཚོལ་བ། Looking for living

༢། སྙན་ངག་ཟློས་གཞུང་།

ཨེ་ལི། Avery བཅས་ཡོད།


  གངས་དཀར་སེམས།
 

28.03.2015 03:37:55




མ་རྩོམ་འབྲེལ་ཐག

http://zh.wikipedia.org/wiki/%E5%86%85%E8%8E%89%C2%B7%E8%90%A8%E5%85%8B%E6%96%AF


 
 
31.03.2015 07:54:57

བུད་མེད་རྩོམ་པ་པོ་དེའི་སྙིང་སྟོབས་ལ་ཡིད་སྨོན་འཆོར་ངེས

 
 
03.04.2015 01:20:14

འཛམ་གླིང་ནཱོ་བྷེ་གཟེངས་རྟགས་ཐོབ་མཁན་བུད་མེད་ཞེ་ལྔ་ཡོངས་ངའི་ཡིད་སྨོན་ཤོར་ས་ཡིན་ལགས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -