ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

12.03.2015 06:08:07
གངས་དཀར་སེམས།

གྷ་པུར་ལ་མ་སར་ནི་ཆཱི་ལི་Chileརྒྱལ་ཁབ་ཀྱི་རྩོམ་པ་པོ་དང་སྙན་ངག་མ་ཞིག་རེད། དེ་སྔོན་མོའི་མིང་ལ་ལུའུ་སི་Lucila de María del Perpetuo Socorro Godoy Alcayagaཟེར་ཞིང༌། གྷ་པུར་ལ་མ་སར་ཟེར་བའི་མིང་དེ་ནི་འཇིག་རྟེན་ཐོག་གྲགས་པའི་མོའི་སྨྱུག་མིང་ཡིན། སྨྱུག་མིང་དང་རུས་མིང་གཉིས་ཀ་ཁོ་མོས་དགའ་དད་བྱེད་ཡུལ་དབྱི་ཊ་ལིའི་ Italy རྩོམ་པ་པོ་གྷ་པུར་ལ་མ་སར་དང་།
༡༩༠༤ ལོར་ནཱོ་པེལ་རྩོམ་རིག་བྱ་དགའ་ཐོབ་མྱོང་མཁན་ཧྥ་རན་སིའི་Franceརྩོམ་པ་པོ་ཧྥ་ཀྲེ་ཁེ་མིས་ཊོ་Frederic Mistralགཉིས་ཀྱི་མིང་དང་རུས་མིང་འདོགས་པ་ཞིག་ཆགས་ཡོད།

གྷ་པུར་ལ་མ་སར་༡༨༨༩ཟླ་༤ཚེས་༧ཉིན་ཆཱི་ལི་རྒྱལ་ཁབ་ཀྱི་ཝུན་ཁུ་ནར་Vicuñaསྐྱེས། དེ་སྔོན་ཆཱི་ལིའི་རྒྱལ་ས་སཱན་ཊི་གྷོའི་SanDiegoཆཱི་ལི་སློབ་ཆེན་དང༌། ཨ་རིའི་གྲོང་ཁྱེར་ཉུག་ཡོག་New Yorkགྷོ་ལུན་པི་ཡ་ Colombia སློབ་ཆེན་བཅས་གྲགས་ཅན་གྱི་སློབ་གྲྭའི་ནང་སཱི་པན་ Spain་སྐད་ཡིག་སློབ་འཁྲིད་བྱེད་ཀྱི་ཡོད། དེ་བཞིན་ཁོ་མོ་ནི་ཕུལ་བྱུང་གི་ཕྱི་འབྲེལ་དཔོན་བློན་ཞིག་དང་སློབ་གསོ་བཅོས་སྒྱུར་བྱེད་མཁན་ཞིག་ཀྱང་རེད། ༡༩༢༢ལོར་ཁོ་མོར་མཱོ་ཟི་ཁོ་Mexicoནས་གདན་ཞུ་ལྟར་ས་ཁུལ་རང་གི་སློབ་གསོ་ལས་ཁུངས་ནས་སྤེལ་བའི་སློབ་གསོ་བཅོས་བསྒྱུར་ལ་རོགས་སྐྱོར་ཞུས། བཅོས་བསྒྱུར་གྱི་སྣེ་ཤེན་དེས་སློབ་གྲྭ་ཁག་ཏུ་དར་ཁྱབ་སོང་སྟེ་དཔེ་མཛོད་ཁང་རབ་དང་རིམ་པ་ལའང་ཁྱབ་ཡོད་པ་རེད། ལོ་དེར་ཉུག་ཡོག་New Yorkསཱི་པན་Spainམཐོ་སློབ་ནས་ཁོ་མོའི་སྙན་ངག་ཕྱོགས་དེབ་ཐོག་མ་དེ་དཔར་འགྲེམས་བྱས། དེའི་ནང་དོན་དང་བརྗོད་གཞི་གཙོ་བོ་ནི་སྔར་བཞིན་བརྩེ་དུང་གི་སྐྱོ་གར་སྐོར་ཡིན། ཁོ་མོའི་རྩོམ་འབྲིའི་ལུགས་ནི་ཞིབ་ཚགས་དང་མི་སེམས་འགུལ་བ་ཞིག་ཡོད། བརྗོད་བྱེད་ཚིག་སྟབས་བདེ་ཞིང་གསལ་བ། བརྩེ་ཚོར་གཏིང་ཟབ་པ་བཅས་ཀྱིས་སྐབས་དེར་ལཱ་ཏིང་ཨ་མི་རི་ཁའི་Latin Americaདེང་རབས་རིང་ལུགས་པའི་སྙན་ངག་ལུགས་ལས་བརྒལ་ཡོད་པ་རེད།

༡༩༢༤ལོར་ཁོ་མོས་སླར་ཡང་བརྩེ་ཚོར་ཞེས་པའི་སྙན་ངག་ཕྱོགས་དེབ་དཔར་བསྐྲུན་བྱས། དེ་རྗེས་ཨ་རི་ནས་གདན་ཞུ་ལྟར་ཨ་རིའི་སློབ་ཆེན་དུ་གཏམ་བཤད་བྱས་ཏེ་ཕྱིར་རྒྱལ་ཁབ་ཏུ་ལོག་རྗེས་ཆཱི་ལི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཁང་དུ་ལས་ཞུགས་བྱས། ལས་བྲེལ་ཆེ་བའི་གཞུང་དོན་དུ་ཁོ་མོས་མུ་མཐུད་རྩོམ་རིག་བརྩམས་ཆོས་བྲིས། ༡༩༣༨ ལོར་ཁོ་མོས་སླར་ཡང་ཚེར་མའི་སྡོང་པོ་ཞེས་པའི་སྙན་རྩོམ་ཕྱོགས་དེབ་དེ་སྤེལ། དེའི་ནང་བརྗོད་གཞི་སྣ་ཚོགས་ལྡན་ཞིང༌། རང་བྱུང་ཁམས་ལ་བསྟོད་པ་བཅས་ཡོད། དེས་ཨཱིན་ཏི་ཨན་ Indians མི་ཚོའི་སྡུག་ངལ་དང་ཇུའུ་ཞི་ Jewishམི་རིགས་ཀྱི་སྡུག་བསྔལ་བཅས་མཚོན་ཡོད་པ་རེད། ད་དུང་ག་འགྲོ་འདི་འགྲོ་མེད་པའི་མི་ཚོའི་སྡུག་ངལ་བཅས་ཀྱང་བྲིས་ཡོད། སྙན་ངག་ཕྱོགས་དེབ་འདིས་དམངས་ཁྲོད་ཀྱི་རྩོམ་ལུགས་མང་པོ་བེད་སྤྱོད་དེ་མི་རིགས་ཀྱི་ཁྱད་ཆོས་གསལ་པོ་མངོན་ཡོད། ཁོ་མོས་བརྩམས་ཆོས་དེ་དག་གིས་ལཱ་ཏིང་ཨ་མི་རི་ཁའི་གླིང་Latin Americaགི་བརྩེ་ཚོར་མཚོན་པའི་ལུགས་དར་སྤེལ་འགྲོ་བར་ཤུགས་རྐྱེན་གཏིང་ཟབ་བཞག་ཡོད་པ་རེད།

༡༩༤༥ལོར་ཁོ་མོར་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ། དེ་ནི་ལཱ་ཏིང་ཨ་མི་རི་ཁའི་ཕྱོགས་ནས་གཟེངས་རྟགས་རག་མཁན་ཐོག་མ་དང༌།  དེའི་ཕྱོགས་ནས་བྱ་དགའ་དེ་ཐོབ་མཁན་བུད་མེད་ཐོག་མ་བཅས་ཡིན། ༡༩༥༡ལོར། ཁོ་མོར་མེས་རྒྱལ་ཆཱི་ལི་ནས་རྒྱལ་ཁབ་རིམ་པའི་གཟེངས་རྟགས་ Premio Nacional de Literatura ཀྱང་ཐོབ་ཡོད། ༡༩༥༧ལོའི་ཟླ་༡ཚེས་༡༠ཉིན་ཁོ་མོ་ཨ་རིའི་ནུག་ཡོག་གླིང་ཆེན་པོར་འདས་གྲོངས་སུ་གྱུར།

གྷ་པུར་ལ་མ་སར་གྱི་བརྩམས་ཆོས་ཁག
ཤི་ཕོའི་སྙན་ངག་ཡིག་ཕྲེང་བཅུ་བཞི། ཞེས་པ་འདི་ནི་རང་ཤི་རྒྱག་ནས་འདས་གྲོངས་སུ་གྱུར་བའི་དགའ་རོགས་ཀྱི་ཆེད་དུ་བྲིས་པ་ཞིག་ཡིན། དེའང་༡༩༡༤ལོར་སྙན་ངག་མས་ཟཱན་ཏི་གྷོའི་མེ་ཏོག་མཉམ་བཞེད་ཅེས་པའི་སྙན་ངག་འགྲན་ཚོགས་ཐོག་སྤེལ་བ་ཞིག་ཡིན་ལ། བརྩམས་ཆོས་འདིར་སྐབས་དེར་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ་མ་ཟད། ལྷོ་ཨ་མི་རི་ཁ་གླིང་ཆེན་དུའང་སྙན་པའི་གྲགས་པ་འབར།

སུན་སྣང༌། བརྩེ་ཚོར། ཚེར་མ་ཅན་གྱི་སྡོང་པ། བཅས་སྙན་ངག་དེབ་བཅས་ཀྱང་དཔར་འགྲེམས་བྱས་ཡོད་པ་རེད།



  གངས་དཀར་སེམས།
 

12.03.2015 07:09:08

འབྲེལ་ཐག
http://zh.wikipedia.org/wiki/%E5%8A%A0%E5%A4%AB%E5%88%97%E6%8B%89%C2%B7%E7%B1%B3%E6%96%AF%E7%89%B9%E6%8B%89%E7%88%BE

 
 
28.03.2015 01:36:19


 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -