ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
ཡིད་སྐྱོ་བའི་གནས་ཚུལ།
07.03.2015 22:36:49

ཡིད་སྐྱོ་བའི་གནས་ཚུལ། འདི་ཟླ་སྟེ།  ཕྱི་ལོ་༢༠༡༥ལོའི་ཟླ་བ་༣་ཚེས༧ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་སྨར་ཁམས་འོད་ཟེར་དགོན་པའི་ཁྲི་པ་རྗེ་བཙུན་ངག་མཆོག་ལྡན་མཆོག་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས་ཡོད་པའི་གནས་ཚུལ་ཐོན་འདུག

དམ་པ་ཁོང་ནི་ཕྱི་ལོ་༡༩༣༣ལོར་སྨར་ཁམས་སྒར་ཐོག་གྲོང་དུ་ཡབ་དོན་གྲུབ་རྒྱལ་མཚན་དང་ཡུལ་གཡང་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དགུ་ཙམ་ལ་རབ་ཏུ་བྱུང་སྟེ་འོད་ཟེར་དགོན་པར་ཆོས་ཞུགས་མཛད་ཅིང༌། འོད་ཟེར་དགོན་དུ་ཆོ་ག་ཕྱག་ལེན་མཚོན་སློབ་གཉེར་མཐར་སོན་ཏེ་ཚོགས་རྒྱུགས་ཆེན་པོ་འབུལ་བཞེས་མཛད་པ་དང༌།  ཆོས་སྒར་དུ་ཞུགས་ཤིང་ལམ་རིམ་ཆེན་མོར་ཡང་ལོ་ཤས་རིང་སློབ་གཉེར་མཛད།  དེ་ནས་བོད་དུ་དུས་འགྱུར་བྱུང་བ་དང་ཟླ་ཤས་རིང་ཁོང་ཉིད་ཀྱི་དགེ།  དགེ་བསྟན་པ་མཆོག་དང་མཉམ་དུ་རི་ལ་ཕེབས་པ་དེས། ཟླ་ཤས་རིང་རྒྱ་དམག་གི་བཙོན་དུ་བཞུགས་དགོས་པ་ཡང་བྱུང༌།

ཕྱི་ལོ་༡༩༩༠ལོ་ནས་འོད་ཟེར་དགོན་པའི་ཁྲི་པའི་ཐུགས་འགན་བཞེས་ཤིང༌། ཁྲི་པའི་དུས་ཡུན་མི་ལོ་ཉི་ཤུ་རྩ་ལྔ་ཙམ་གྱི་རིང་ལ། དགོན་པ་གསེར་བཞེངས་ཀྱི་གཙོ་འགན་གྲས་དང༌། དགོན་པའི་འཛིན་སྐྱོང་དང༌། སྡེ་དམངས་ལ་གཟིགས་རྟོག་ཆེན་པོས་དད་ལྡན་བས་ཆོས་ཕྱོགས་ནས་གང་ཕུལ་བ་དག་གཉེན་ཉེ་མཐའ་སྐྱོང་མིན་པར། དགོན་པ་ཡར་རྒྱས་དང་དགེ་འདུན་པའི་སློབ་གཉེར་སོགས་ལ་ཡོན་དུ་སྦྱར་ཞིང་གཟིགས་རྒྱ་ཆེན་པོ་མཛད་མཁན་ཞིག་དང༌། ལྷག་པར་དུ་གདན་ས་གསུམ་མཚོན་པའི་དགོན་སྡེ་ཁག་ལ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་རྣམས་ལ་གཟིགས་རྟོག་རྒྱ་ཆེར་མཛད་མཁན་སྐྱེ་བུ་དམ་པ་ཞིག་ཡིན།  

ཁོང་ཉིད་དགོངས་པ་ཆོས་དབྱིངས་སུ་འཐིམས་པ་དེ་ནི།  ཛབོད་བསྟན་སྤྱི་དང། ཡང་སྒོས་སྨར་ཁམས་འོད་ཟེར་ཡུལ་དགོན་གཉིས་ལ་གྱོང་གུད་ཆེན་པོ་བྱུང་སོང་ཞེས། དད་ལྡན་གདུལ་བྱ་རྣམས་ཀྱིས་མྱ་ངན་ཆེན་པོ་བྱས་དང་བྱེད་བཞིན་པ་རེད་འདུག་པ་བཅས།།



བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས། | བོད་མིའི་སྐྱིད་སྡུག་མཉམ་མྱོང་།


 

03.04.2015 01:09:33

ཉམས་སུ་ལེན་མཁན་ཡིན་ན་དག་ཞིང་ཏུ་ཕེབས་ངེས།
ལན།
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -