ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

17.02.2015 05:30:14
གངས་དཀར་སེམས།

མཱ་རི་ཡ་གྷིར་ཙི་ཁི་སི་མ་ཊི་ལེ་ཏ། Maria Grazia Cosima Deledda 格拉齊亞·黛萊達
མཱ་རི་ཡ་༼ གཤམ་དུ་མིང་འདིས་འཐུས་པ་བྱས་ཡོད། ༽ ནི་ ༡༨༧༡ ཟླ་༩ ཚེས་༢༧ ནས་༡༩༣༦ ཟླ་༨ ཚེས་༡༥ བར་འཚོ། དབྱི་ཊ་ལི་ཟ་ཏིང་མཚོ་འགག་གི་རང་བྱུང་རིང་ལུགས་པའི་རྩོམ་པ་པོ་ཞིག་རེད།


༡༩༢༦ ལོར་གདུག་རྩུབ་ཀྱི་ལམ། ཞེས་པའི་བརྩམས་ཆོས་ཀྱིས་ནཱོ་བྷེལ་རྩོམ་རིག་བྱ་དགའ་ཐོབ།

མཱ་རི་ཡ་ནི་འབྲིང་རིམ་མ་རྩའི་ཁྱིམ་ཚང་ཞིག་ཏུ་སྐྱེས། སློབ་ཆུང་ཐོན་རྗེས་སྒེར་གྱི་དགེ་རྒན་ལ་བརྟེན་ནས་སློབ་སྦྱོང་བྱས། དེ་རྗེས་སོ་སོས་རྩོམ་རིག་ཐོག་སློབ་གཉེར་བྱས། པཱར་ཀྲ་ཁི་ Balzac དང་གྷོ་གི་ Gogol ཊོ་སིར་ཐེ་ Tolstoy དང་ཊོ་ཟི་ཐོལ་ཧྥུ་སི་ཀི་ Dostoevsky བཅས་ཀྱི་བརྩམས་ཆོས་ཧ་ཅང་མང་པོར་བལྟས། སཱ་ཊིན་ཉི་ཡའི་ Sardinia མཚོ་གླིང་གི་མཛེས་སྡུག་ལྡན་པའི་སཱ་ཊིང་མཚོ་གླིང་གི་ཡུལ་ལྗོངས་དང་གཏམ་རྒྱུད་ཀྱིས་ཁོ་མའི་སེམས་ཁམས་བཟི་བར་བྱས་ཏེ་མོའི་བསམ་བློའི་སྒོ་མོ་འབྱེད། ཐོག་མའི་དུས་སུ་ཁོ་མོས་དུས་དེབ་ཐོག་བརྩམས་སྒྲུང་སྤེལ་ཞིང་༡༨༩༠ ལོར་ནཱེ་ཙུ་རོ། ཞེས་པ་དེ་ནི་མོའི་བརྩམས་ཆོས་ཐོག་མར་ངོས་འཛིན་བྱས། ༡༩༠༠ ལོར་མོ་དང་འཐབ་འཛིང་སྡེ་ཚན་གྱི་དཔོན་པོ་པཱ་མི་རོ་མ་ཊི་སམ་ནི་ Palmiro Madesani དང་ཆང་ས་རྒྱབ་རྗེས་རཱོ་མ་ Rome ལ་གནས་སྤོས། ༡༨༩༥ ལོར་ཨཱ་ནིམ་ཝན་ཟི་ཊ་ Animeo neste ཞེས་པའི་རྩོམ་དང་ ༡༩༠༠ ལོར་ཝེ་ཁུ་ཏ་ལེ་མོན་ཐ་ཉི་ཡ་ l vecchio della montagna སོགས་བརྩམས་པར་འགྲེམས་བྱས་རྗེས་དཔྱད་བརྗོད་པ་རྣམས་ཀྱིས་མོའི་རྩོམ་ཡིག་ལ་དོ་སྣང་བྱེད་འགོ་བརྩམས་ཡོད་པ་རེད།

༡༩༠༣ ལོར་པར་འགྲེམས་བྱས་པའི་དབྱི་ཨོ་སི་པོ་ཐོ་ལུ་ Elias Portolu ཞེས་པ་དེ་ནི་ཁོ་མོ་རྒྱལ་ཁའི་ལམ་དུ་ཁ་ཕྱོགས་པའི་མཚོན་རྟགས་ཤིག་རེད། མོའི་བརྩམས་ཆོས་ཐལ་བ། Cenere ཞེས་པ་དེ་༡༩༠༦ ལོར་སྤེལ། ༡༩༢༠ ལོར་བརྩམས་སྒྲུང་ཨ་མ་ལཱ་མ་ཊ། La Madre ཞེས་པ་དེ་སྤེལ། ༡༩༢༠ ལོར་བཟའ་ཐོར་རྗེས་སུ། Naufraghiin porto ཞེས་པ་དེ་སྤེལ། ༡༩༣༧ ལོར་ཁཱོ་ཞི་མ། Cosi ma ཞེས་པ་སོགས་སྤེལ། དེའི་ནང་ཐལ་བ་ཞེས་པ་དེ་རྗེས་སུ་ཨེ་ལི་ནོ་ར་ཏུ་སེས་འཁྲབ་སྟོན་བྱས་པའི་གློག་བརྙན་ཞིག་ཏུ་བསྐྲུན། ཁོ་མོའི་བརྩམས་སྒྲུང་ལ་རིགས་གཉིས་སུ་དབྱེ་ཆོག་སྟེ་དང་པོ་ནི་སྙིང་ཉེ་ཞིང་གཡོ་འགེབས་མེད་པ། དྭངས་གཙང་འགྲོས་ཀྱིས་སཱ་ཏིང་མཚོ་གླིང་གི་ཡུལ་སྲོལ་གཤིས་གོམས་གསལ་པོར་མཚོན་ཏེ་འཇིག་རྟེན་མི་རྣམས་ཀྱིས་ས་དེའི་གནས་སྟངས་ཤེས་སུ་བཅུགས། གཞན་ཡང་མིའི་བསམ་བློའི་གཏིང་ཟབ་ས་ཞིག་ལ་འབྲི་བཀོད་ཀྱིས་སྐྱོ་གདུང་དང་ཡ་ང་བའི་སྙན་ངག་འགྲོས་ཀྱིས་མིའི་བརྩེ་ཚོར་དང་ཆོས་ལུགས་ཀྱི་རྣམ་པར་གོ་རྟོག་རྙེད་པའི་སྐོར་བྲིས་ཡོད། བརྩམས་ཆོས་འདི་དག་ལ་རྒྱུན་དུ་ལས་དབང་གི་ཤུགས་རྐྱེན་ཞིག་ཐེབས་ཤིང་ཆོས་དཔེའི་ནང་གི་ནང་དོན་ལྟ་བུ་ཞིག་ཕྱིར་མངོན་ཡོད་པ་རེད། ༡༩༣༦ ལོར་ཁོ་མོ་རཱོ་མར་འདས་གྲོངས་སུ་གྱུར།

མི་ཚེའི་གནས་སྟངས།
མཱ་རི་ཡ་ནི་ཁྱིམ་ཚང་ཕྱུག་པོ་ཞིག་གི་ཕྲུ་གུ་དྲུག་གི་ནང་གི་ཆུང་ཤོས་ཨང་གཉིས་པ་དེ་རེད། ཨ་ཕ་ཅཱོན་ཨན་ཏུ་ཉི་ John Anthony ནི་མ་རྩ་ཆེ་བའི་ཚོང་པའམ་ས་བདག་ཅིག་རེད། ༡༨༩༢ ལོར་ཨ་ཕས་ཧུར་བརྩོན་གྱིས་ཉི་རོ་ Nuoro གྲོང་ཁྱེར་གྱི་འགོ་དཔོན་ལས་ཚབ་ཀྱང་བྱས་མྱོང༌། ཨ་མ་ Frances ca• Kan Bosu ཧྥུ་རན་སི་ཁན་བྷོ་སུ་ནི་དད་འདུན་གཙང་མའི་ཆོས་པ་ཞིག་རེད། མོས་ཚད་གཞི་བརྒལ་བའི་བསམ་བློའི་ཀུན་སྤྱོད་ཀྱིས་ཕྲུ་གུ་ཚོ་གསོ་སྐྱོང་བྱས། ཨ་མ་སློབ་ཆུང་ཐོན་རྗེས་གྷི་ར་ཙི་ཡ་ Grazia ས་ཁུལ་གྱི་སྤུན་མཆེད་ཕྱོགས་ནས་དབྱི་ཊ་ལིའི་ Italy སྐད་དང༌། ལཱ་ཏིང་ Latin སྐད། ཧྥ་རན་སིའི་ French སྐད་བཅས་ཤེས་ཡོད། སྐབས་དེའི་ལུགས་སྲོལ་གྱིས་བུ་མོར་འཐུས་ཚང་གི་ཤེས་ཡོན་སློབ་གསོ་ཞིག་ཐོབ་ཆོག་གི་མེད་པར་བརྟེན་དེ་རྗེས་ཁོ་མོས་རྩོམ་རིག་རང་སྦྱོང་བྱས། དེ་བཞིན་ལོ་རྒྱུས་མཁས་དབང་ཨེ་རུའེ་ཁོ་སི་ཊ་ Enrico Costa དང་གྲོགས་པོ་ཆགས། ཨེ་རུའེ་ཁོ་སི་ཊ་ཡིས་མཱ་རི་ཡའི་ནུས་པ་མཐོང་ཞིང་ཁོ་མོར་རྩོམ་རིག་གི་རྒྱུད་རིམ་དུ་ཤུགས་རྐྱེན་ཆེན་པོ་བཞག་མྱོང་མཁན་ཞིག་ཀྱང་རེད།

ཁོ་མོའི་ཐོག་མའི་བརྩམས་སྒྲུང་ཐུང་གྲལ་འགའ་ལཱོ་ཏི་མ་མོ་ཊ་ L'ultima moda ཞེས་པའི་དུས་དེབ་ཐོག་བཀོད་ཅིང༌། དེའང་སྙན་ངག་གི་ལམ་ནས་བྲིས་པ་ཞིག་རེད། ༡༨༩༠ ལོར་ཁྲོ་ཝེ་ས་ནི་ Trevisani ནས་པར་འགྲེམས་བྱས་པའི་ནཱེ་ལ་ཙུ་རོ་ Nell'azzurro ནི་ཁོ་མོའི་བརྩོམས་ཆོས་ཐོག་མར་ངོས་འཛིན་བྱེད་ཆོག་པ་ཡིན། ༡༨༩༦ ལོར་སི་པེ་ར་ནིས་ Speirani རྩོམ་སྒྲིག་བྱས་པའི་ཨིས་ས་ཅས་ aesaggi ཅེས་པ་དེའི་ནང་ཁོ་མོས་སྙན་ངག་དང་བརྩམས་སྒྲུང་མཉམ་དུ་སྒྲིལ་བའི་ལུགས་གསར་སྤེལ་ཐབས་དེ་ནི་མངོན་མཚན་ཆེན་པོ་རེད། ༡༨༩༥ ལོར་མཱ་རི་ཡས་དྲང་བདེན་གྱི་བླ་སྲོག ཅེས་པ་དེ་སྤེལ། ༡༨༩༩ ཟླ་༡༠ པར་ཁོ་མོ་རཱོ་མར་གནས་སྤོས། ༡༩༠༠ ལོར་རི་གྲོང་ནང་གི་རྒས་པོ། ཞེས་པ་དེ་སྤེལ། དེ་ནས་སཱ་ཏི་ཉི་ཡ། ཞེས་པ་དེ་འབྲི་འགོ་བརྩམས། དེ་མིན་དུས་དེབ་ཆུང་ངུ། ཞེས་པ་དང་སྙན་ངག་གསར་པ་ཕྱོགས་བསྒྲིགས། ཅེས་པའི་དུས་དེབ་གཉིས་ཀྱི་རྩོམ་སྒྲིག་ཁང་དང་མཉམ་འབྲེལ་བྱེད་འགོ་བརྩམས། ཁོ་མོར་དཔྱད་གླེང་པ་ཚོས་དོ་སྣང་བྱུང་སྟེ་སྐྱོན་བརྗོད་བྱེད་མཁན་གྱིས་ཁོ་མོ་དང་རཱོ་ཅེ་ལོ་པང་ཅི་ Ruggiero • Bunge དང༌། ལུའུ་ཨི་ཨན་ཁ་པི་  Luigi• AnnaKarp སོགས་གྲགས་ཅན་མི་སྣ་དང་གཅིག་མཚུངས་ཀྱིས་གླེང་བཞིན་ཡོད། ༡༩༠༠ ལོར་མོ་རང་ནོར་སྲིད་སྡེ་ཚན་གྱི་དཔོན་པོ་ཕཱ་མི་རོ་ Pal Miro དང་ཆང་ས་རྒྱབ། ཁོ་རང་གཉིས་ཁཱ་རི་ཡ་ལིར་ངོ་ཤེས་པ་རེད། ༡༩༠༣ ལོར་སྤེལ་བའི་དབྱི་ལི་སི་པོར་ཐོ་ལུ་ Elias Portolu ཞེས་པ་དེས་ཁོ་མོའི་རྩོམ་པ་པོའི་གོ་ས་ལ་གཏན་འབེབས་བཟོས།
དེ་རྗེས་ཁོ་མོས་བརྩམས་སྒྲུང་དང་ཟློས་གར་སོགས་:《Cenere》(1904)、《L'edera》(1908)、《Sino al confine》(1911)、《Colombi e sparvieri》(1912)、《Canne al vento》(1913)、《L'incendio nell'oliveto》(1918)、《Il Dio dei viventi》(1922)བཅས་ཇི་ཉིད་ཅིག་བྲིས་ཡོད་པ་རེད།

བརྩམས་ཆོས་ཇི་སྤེལ།
སཱ་ཊིང་མཚོ་གླིང་གི་ལོ་རྒྱུས། Racconti sardi ༡༨༩༥ ལོར་སྤེལ།
དྲང་བདེན་གྱི་བླ་སྲོག Anime oneste ༡༨༩༥ ལོར་སྤེལ།
བཟའ་ཐོར་བྱུང་རྗེས། Dopo il divorzio ༡༩༠༢ ལོར་སྤེལ།
རྟག་ཏུ་སྔོ་ལྗང་ཅན་གྱི་འཁྲི་ཤིང༌། L'edera ༡༩༠༨ ལོར་སྤེལ།
རླུང་ནང་གི་འདམ་རྩ། Canne al vento ༡༩༡༣  ལོར་སྤེལ།
བརྩམས་སྒྲུང་ཨ་མ། La madre ༡༩༢༠ ལོར་སྤེལ།
བརྩེ་དུང་གི་རྗེས་ཤུལ། Il sigillo d'amore ༡༩༢༦ ལོར་སྤེལ།
ཁཱི་སི་མ། Cosima ༡༩༣༧ ལོར་སྤེལ།

 

རྩོམ་ཡིག་འདིའི་འབྲེལ་མཐུད་ཁ་བྱང་། འདིར་བསྣུན།

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -