ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

01.02.2015 23:08:46
གངས་དཀར་སེམས།

གྷི་རི་ཟིའི་སྙན་ངག་མ་ཟཱ་ཧྥུའུ་Sapphoམཚན་མཐུན་དགའ་རོགས་ཀྱི་མེས་མོ་རེད་ཟེར་དོན་གང་ཡིན་ནམ།


ནུབ་ཕྱོགས་པའི་རིག་གཞུང་ཁ་ཕྱེས་ཏེ་བུད་མེད་སྐོར་གླེང་ཡོང་དུས། ཚང་མས་ཟཱ་ཧྥུའུ་ཡི་ཤུགས་རྐྱེན་དང་འབྲེལ་བ་ཡོད་པ་ཤེས་ཐུབ། ཟཱ་ཧྥུའུ་ཡིས་བག་ཡོད་ཀྱིས་བརྩེ་ཚོར་མཚོན་སྟངས་དང༌། རྩོམ་འགྲོས་དབྱངས་དང་ལྡན་པའི་ལུགས་ཀྱིས་ཟཱ་ཧྥུའུ་ཡི་ལུགས་ Sapphism ཅེས་པ་གསར་གཏོད་བྱས་ཏེ་གནའ་བོའི་གྷི་རི་ཟིའི་བརྩེ་ཚོར་མཚོན་པའི་སྙན་ངག་ལུགས་དེ་མཐོ་རླབས་གསར་པ་ཞིག་ཏུ་བཏེགས་ནས། རྗེས་རབས་པ་ཚོར་ཤུགས་རྐྱེན་གཏིང་ཟབ་བཞག་ཡོད།


སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པར་རྒྱ་ནག་གི་སྙན་ངག་པ་གྲགས་ཅན་ཆུས་ཡོན་ Qu Yuan གྱིས་ཕུའུ་རོ་ Perot Rive ཆུ་འགྲམ་དུ་སྙན་ངག་གྱེར་བཞིན་པའི་སྐབས་སུ་སྐུ་དྲགི་ཁྱིམ་དུ་སྐྱེས་པའི་ཟཱ་ཧྥུའུ་ཡིས་མཚོ་གླིང་ཐོག་རོལ་དབྱངས་དཀྲོལ་ཞིང་སོ་སོའི་དུང་ཚོར་ཟབ་པའི་བརྩེ་དུང་གི་གླུ་གཞས་ལེན་བཞིན་པའི་སྒང་རེད། ཁོ་མོས་སོ་སོའི་སྙན་ངག་ལམ་ལུགས་གསར་གཏོད་བྱས་ཏེ་གནའ་བོ་གྷི་རི་ཟིའི་བརྩེ་དུང་མཚོན་པའི་སྙན་ངག་དེ་མཐོ་རླབས་གཞན་ཞིག་ཏུ་འདེགས། ལ་ལས་ཁོ་མོ་དང་སྙན་ངག་པ་གྲགས་ཅན་ཧཱེ་མ་ Homer དང་བསྡུར་ཏེ་ཕོའི་ནང་གི་ཧཱེ་མ་དང་མོའི་ནང་གི་ཟཱ་ཧྥུའུ་ཞེས་བཤད་སྲོལ་ཡོད། ཟཱ་ཧྥུའུ་ནི་གནའ་བོའི་གྷི་རི་ཟིའི་མཚན་ཉིད་རིག་པ་གྲགས་ཅན་ཕུའུ་ལེ་ཐུའི་ Plato མིག་ནང་གི་ལྷ་མོ་མེའུ་ཟི་ Muse ཨང་བཅུ་པ་དང་མཚུངས། སྙན་ངག་མ་ཟཱ་ཧྥུའུ་ནི་ལོ་རབས་སྔོན་གྱི་༼ ༦༣༠ དང༌། ཡང་ན་ ༣༡༢ནས་ ༥༩༢དང༌། ཡང་ན་ ༥༦༠བར་འཚོ། ༽ ཁོ་མོ་ནི་གནའ་བོ་གྷི་རི་ཟིའི་ཚོར་བ་མཚོན་མཁན་གྱི་སྙན་ངག་མ་གྲགས་ཅན་ཞིག་ཡིན། མོའི་མི་ཚེའི་ནང་བརྩེ་དུང་གི་སྙན་ངག་དང་ཆང་སའི་སྙན་ངག དེ་བཞིན་ལྷ་ལ་བསྟོད་པའི་སྙན་ངག་དང་དྲན་གསོའི་བསྟོད་པ་ཅེས་མི་ཉུང་བ་ཞིག་འབྲི་མྱོང༌།

 

སྤྱིའི་བཤད་སྲོལ་ལྟར་ན་མོ་རང་ལཱེ་ཟི་པོ་ཟི་ Lesbos མཚོ་གླིང་དུ་སྐུ་དྲག་གི་ཁྱིམ་གཞིས་ཤིག་ཏུ་སྐྱེས་པར་སྐད། རྒྱུ་ནོར་ཕུན་སུམ་ཚོགས་པོས་སོ་སོའི་རང་དབང་གི་སྒོ་ནས་སྒེར་གྱི་འདོད་མོས་ལྟར་འཚོ་བ་བསྐྱེལ་ཆོག་ཅིང༌། མོ་རང་གིས་སྐབས་དེར་ལཱེ་པོ་ཟི་Lesbos གླིང་ཚོམ་ཐོག་གི་རིག་གཞུང་ལྟེ་གནས་སུ་སྒྱུ་རྩལ་སྦྱོང་རྒྱུ་གཏན་འཁེལ་བཟོས། ཁོ་མོའི་ཨ་ཕ་ཡང་སྙན་ངག་ལ་དགའ་པོ་ཡོད་ཅིང་ཨ་ཕའི་ཤུགས་རྐྱེན་འོག་ཟཱ་ཧྥུའུ་ཡང་སྙན་ངག་འབྲི་ཞིང་གྱེར་བར་དབྱིངས་ཞུགས། ཁོ་མོ་ནི་སྒེར་གྱི་བརྩེ་དུང་དང་བརྩེ་བ་བོར་བའི་སུན་སྣང་སྐོར་མཚོན་མཁན་སྙན་ངག་པ་ཐོག་མ་དེ་ཡིན། མོ་རང་གཞོན་ནུའི་སྐབས་གཞན་གྱིས་ཕ་ཡུལ་ནས་ཕྱི་ཕུད་བཏང་བ་དེའང་སྐབས་དེའི་ཆབ་སྲིད་ཀྱི་འཐབ་རྩོད་དང་འབྲེལ་བ་ཡོད་ཚོད། དེ་རྗེས་ཕྱིར་ཕ་ཡུལ་དུ་ལོག་ཆོག་པའི་དུས་སུ་བུ་མོ་ཁེར་རྐྱང་འཛོམས་སའི་སློབ་གྲྭ་ཞིག་བཙུགས། གནའ་བོའི་ཁ་རྒྱུན་དུ་མོའི་མིང་སྙན་གྲགས་ལ་གནོད་པའི་བཤད་སྲོལ་མི་ཉུང་བ་ཞིག་ཡོད་ཀྱང་སྐབས་དེའི་རྒྱུ་ཆ་གཞན་ཡང་ཡོད་པའི་ཐོག་ནས་ང་ཚོས་ཟཱ་ཧྥུའུ་ནི་ཕ་ཡུལ་གྱི་མི་ཚོས་བརྩི་བསྐུལ་ཆེན་པོ་བྱེད་ཡུལ་ཞིག་ཡིན་པ་ཤེས་ཐུབ།

 

བུད་མེད་རིང་ལུགས་པ་དང་མཚན་མཐུན་དགའ་རོགས་ཀྱི་མེས་པོ།


ཟཱོ་ཧྥུའུ་ནི་ནུབ་ཕྱོགས་རྩོམ་རིག་ཐོག་གི་གསར་གཏོད་ཅན་གྱི་སྙན་ངག་མ་ཞིག་རེད། སྤྱི་ལོ་སྔོན་གྱི་ལོ་རབས་དྲུག་པར་གནའ་བོ་གྷི་རི་ཟིར་སྐྱེས། སྐབས་དེར་ཁོ་མོ་ནི་སྙན་ངག་སྡེངས་ཆའི་ཐོག་གི་རྐང་འཛིན་པ་ཞིག་ཡིན། མཚན་ཉིད་རིག་པ་གྲགས་ཅན་ཕུའུ་ལེ་ཐུའི་ཡིས་ཀྱང་ཁོ་མོས་སྙན་ངག་འབྲི་སྐབས་ལྷ་མོ་ལེའུ་ཟི་ཁོག་ཏུ་ཞུགས་པ་ལྟར་ཡིན་སྐོར་བསྟོད་ར་བཏང༌། འོན་ཀྱང་ཟཱོ་ཧྥུའུ་ཡིས་དད་འདུན་བྱེད་ཡུལ་ནི་ལྷ་མོ་ལེའུ་ཟི་མིན་པ་འདོད་ལྷ་ཨཱ་ཧྥོ་ལོ་ཏི་ཐི་ Apoluodite རེད། དེའང་མོའི་སྙན་ངག་ལ་ཡིད་དུ་འོང་ཞིང་ཞིབ་ཚགས་ལྡན་པའི་རང་གཤིས་ཀྱི་ལམ་ལུགས་ཆགས་སྟངས་དང་ཐད་ཀར་འབྲེལ་ཡོད་པ་ཞིག་རེད། དུས་རབས་བཅུ་དགུ་ནས་བཟུང་ཟཱ་ཧྥུའུ་ནི་བུད་མེད་མཚན་མཐུན་དགའ་རོགས་དང་དོན་གཅིག་མིང་གི་ཁྱད་པ་ལྟར་གྱུར་ཞིང༌། མོ་རིགས་མཚན་མཐུན་དགའ་རོགས་ཀྱི་དོན་མཚོན་པའི་མིང་ཚིག Lesbian དང་ Sapphic དེ་དག་ཚང་མའི་འབྱུང་རྩ་ཟཱ་ཧྥུའུ་ཆགས་ཡོད་པར་བརྟེན། དེང་རབས་མི་ཚོས་ཁོ་མོ་ནི་བུད་མེད་མཚན་མཐུན་དགའ་རོགས་ཀྱི་མེས་པོར་བསྐུལ་བཞིན་ཡོད། སྙན་ངག་མའི་སྙན་རྩོམ་དང་ལོ་རྒྱུས་དག་ཀྱང་མོའི་སྒེར་གྱི་ལོ་རྒྱུས་ལྟར་གསང་བ་ལྐོག་འགྱུར་ལྟར་ཡིན། མི་ཚོས་ཁོ་མཽ་ནི་གནའ་རབས་སུ་རླབས་ཆེན་གྱི་སྙན་ངག་མ་ཞིག་ཡིན་ཞིང༌། གནའ་བོ་གྷི་རི་ཟིའི་མི་ཚོས་ཁོ་མོར་ཆེ་བསྟོད་བྱས་ཤིང༌། སྐྱེས་པའི་སྙན་ངག་པའི་ནང་ཧཱོ་མ་ཡོད་ལ། བུད་མེད་སྙན་ངག་མའི་ནང་ཟཱ་ཧྥུའུ་ཡོད་ཅེས་དམིགས་སྟོན་བྱེད་སའི་བཤད་སྲོལ་ཆགས། དེ་བཞིན་ཕུའུ་ལེ་ཐུའི་ཡིས་ཀྱང་མོ་ནི་ལྷ་མོ་ལེའུ་ཟི་ཨང་བཅུ་པ་དེ་རེད་ཅེས་བསྟོད་ཡོད།



ཁོ་མོས་སྙན་ངག་གིས་གནའ་བོའི་རོ་མའི་Rome སྙན་ངག་པ་ཁཱེ་ཐ་ལོ་ཟི་ Catullus དང༌། ཧཱོ་ར་ཟིའི་ Horace རྩོམ་ལའང་ཤུགས་རྐྱེན་མ་ཉུང་བ་བཞག་སྟེ་དེ་རྗེས་ཐོག་མཐའ་བར་གསུམ་དུ་ཡཱོ་རོབ་གླིང་དུ་གོང་བསྐུལ་ཐོབ། དེ་མིན་ཞོ་ཆའི་དངུལ་སྒོར་ཐོག་ཁོ་མོའི་ངོ་པར་ཡང་བརྐོས་མྱོང༌། ཁོ་མོའི་སྙན་ངག་དེ་དག་ཕལ་ཆེར་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པར་ཐོག་མར་ལེའུ་དགུ་ལ་བགོས་ནས་པར་འགྲེམས་བྱས་མྱོང་ཡང་དེང་བར་ལྷག་ཡོད་པའི་ཡིག་རིགས་ནི་ཧ་ཅང་ཉུང་ཉུང་རེད། དེའང་ཡིག་ཕྲེང་ ༢༨ ཙམ་གྱི་སྙན་ངག་ཅིག་ད་བར་མཐོང་ལམ་དུ་ཡོད་པ་ཙམ་ཡིན། དུས་རབས་བཅུ་དགུ་བར་མི་ཚོས་རྩོམ་པ་པོ་གཞན་གྱི་བརྩམས་ཆོས་ཐོག་ཟཱ་ཧྥུའུ་ཡི་སྐོར་ལུང་འདྲེན་བྱས་པའི་ཐོག་ནས་ཁོ་མོ་ཤེས་རྟོག་བྱུང་བ་ཞིག་ཡིན། ༡༨༩༨ ལོར་མཁས་པ་ཚོས་ཁོ་མོའི་སྙན་རྩོམ་ཐ་ཐོར་རེ་ཡོད་པ་འགའ་རྙེད། དེང་ཁོ་མོའི་སྙན་རྩོམ་ཐ་ཐོར་དེ་དག་བསྡོམས་ཤོག་ལྷེབ་ ༢༦༤ ཙམ་ཡོད། འོན་ཀྱང་དེའི་ནང་སྙན་ངག་ཆ་ཚང་བ་ ༦༣ ཙམ་དང༌། དེ་བཞིན་གཞན་ཆ་ཚང་བའི་ཤོག་ལྷེ་ཁག་ ༢༡ ཙམ་ཡོད། དེང་བར་ང་ཚོས་རྩོམ་རིག་སྐོར་གྱི་བརྩམས་ཆོས་ལ་བརྩིས་ནས་མཐོང་ཐུབ་པའི་སྙན་ངག་ཕལ་ཆེར་ཆ་ཚང་བ་ནི་སྙན་རྩོམ་ ༤ ཙམ་ལས་མེད། དེ་ནི་ ༢༠༠༤ ལོར་རྙེད་པ་ཞིག་རེད། ཡིག་ཕྲེང་ ༡༢ ཅན་གྱི་སྙན་ངག་དེ་ནི་གནའ་བོའི་གྷི་རི་ཟིའི་སྲོལ་རྒྱུན་གཟུགས་སྐུའི་ Mummyཐོག་བཀོད་པའི་རྩའི་ཤོག་བུ་སྟིང་ནས་མཐོང་བ་ཞིག་རེད། སྙན་ངག་དེ་ཨཱོག་ཟི་ཧྥོ་ཊི་ Oxford University སློབ་ཆེན་གྱི་མཁས་པ་མཱ་ཐིང་ཝེ་ཟི་ཐིའི་ Martin • West ཡིས་ཨཱིན་ཡིག་ཐོག་ཡིག་འགྱུར་བྱས་པའི་རྩོམ་ཡིག་བཅས་ ༢༠༠༥ ་ཟླ་ ༦ ཚེས་ ༣ པའི་ཁྲཱམ་ཟི་ Times ཟེར་བའི་རྩོམ་རིག་ཚགས་དེབ་ཐོག་འཁོད་ཅིང་པར་འགྲེམས་བྱས་པ་ཞིག་ཡིན།

 

དར་ཁྱབ་སོང་བའི་བརྩམས་ཆོས།


ཟཱ་ཧྥུའུ་ལ་ཚོར་བ་འབྲི་བཀོད་ཀྱི་སྙན་ངག་པ་ཞེས་འབོད་དགོས་པའི་རྒྱུ་མཚན་ནི་སྐབས་དེར་སྙན་ངག་ནི་རོལ་དབྱངས་དཀྲོལ་ནས་ལེན་དགོས་པ་ཞིག་ཡིན་པས་རེད། ཁོ་མོས་སྙན་ངག་གི་སྒྱུ་རྩལ་དང་གཟུགས་དབྱིབས་ཐོག་ནས་བཅོས་བསྒྱུར་བཏང་སྟེ་ཚོར་བ་མཚོན་པའི་སྙན་ངག་གི་ཁ་ཕྱོགས་གསལ་བ་བྱས་ཤིང༌། ལྷ་ཚོགས་དང་ལྷ་མོ་ལེའུ་ཟིའི་མིང་ཐོག་ནས་སྙན་ངག་འབྲི་བཀོད་ཀྱིས་སྒེར་གྱི་འབོད་སྒྲ་སྒྲོག་པའི་རོལ་དབྱངས་ཤིག་ལ་ཁ་བསྒྱུར། ཁོ་མོས་བཞག་པའི་སྙན་ངག་བསྡོམས་ལེའུ་དགུ་ལྷག་ཡོད། འོན་ཀྱང་དེང་བར་སྙན་རྩོམ་ཆ་ཚང་ བ་གཅིག་ལས་གཞན་ཚང་མ་ཐ་ཐོར་ཙམ་ཡིན། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པ་ནས་བཟུང་ཟཱ་ཧྥུའུ་ཡི་མིང་དེ་སྙན་ངག་དང་ཟློས་གར། གཞན་གྱི་ལུགས་མང་དུ་མཐོང་ཞིང༌། ཟཱ་ཧྥུའུ་རིམ་བཞིན་སྐབས་རེར་ལྷ་ལྟར་བཀོད་ཅིང་མཚམས་རེར་འདྲེ་ལྟར་ཡང་འབྲི་བཀོད་བྱས། སྐབས་དེའི་དུས་རབས་ཀྱི་དགོས་མཁོ་ལྟར་ཁོ་མོ་ལྷ་མོ་ལེའུ་ཟུ་ཨང་བཅུ་པར་འབྲི་བཀོད་བྱས་པའམ། ཡང་ངོ་གདོང་ནག་ཅིང་མི་སྡུག་པའི་མདོག་ངན་མ་དེ་འདྲའང་འབྲི་བཀོད་བྱས། དུས་རབས་དཀྱིལ་མར་ཟཱ་ཧྥུའུ་ཡིས་སྙན་ངག་གི་ལམ་ནས་མཚན་མཐུན་དགའ་རོགས་དབར་གྱི་བརྩེ་དུང་ལ་བསྟོད་གླུ་ལེན་པའི་རྐྱེན་གྱིས་ཆོས་ཚོགས་ནས་ཁོ་མོ་ལོག་ལྟ་ཅན་ལ་བརྩིས་ཏེ་མོའི་སྙན་ངག་ཚང་མ་མེར་བསྲེགས་བཏང༌། གལ་ཏེ་དུས་རབས་བཅུ་དགུའི་མཇུག་གི་ཞིང་པ་རྒས་པོ་དེས་ནཱེལ་ Nile གཙང་འགྲམ་ནས་རྩའི་ཤོག་བུའི་ཐོག་ཟཱ་ཧྥུའི་སྙན་ངག་སྐོར་བྲིས་ཡོད་པ་དེ་དག་མ་མཐོང་ཚེ། གཙང་པོས་ཁྱུད་མིད་དུ་བཏང་བའི་མོའི་སྙན་ངག་དེ་བས་མང་བ་ཡོད་པར་ངེས། འོན་ཀྱང་ཁོ་མོའི་ཡ་མཚན་དངོས་འབྱུང་ལྟ་བུའི་ངག་རྒྱུན་དེ་དག་ད་བར་དར་ཁྱབ་འགྲོ་བཞིན་པ་མ་ཟད། དམིགས་བསལ་དུ་དུས་རབས་མི་འདྲ་བའི་སྙན་ངག་པའི་སེམས་ནང་ཟཱ་ཧྥུའུ་ནི་འོད་ཟེར་གྱི་མཆོད་རྟེན་ཞིག་ཏུ་གྱུར་ཡོད་པ་རེད།

 

བརྩམས་ཆོས་ཀྱི་ནང་དོན་སྐོར།


ཟཱ་ཧྥུའུ་ཡི་བརྩམས་ཆོས་མང་ཆེར་ཡིད་འོང་མཛེས་སྡུག་གིས་བརྩེ་དུང་ལ་རེ་བ་འཆང་བའི་སྐོར་ཡིན་པ་མ་ཟད། རྒྱུན་དུ་ཁོ་མོའི་སློབ་མ་བུ་མོ་ཚོའི་ཆེད་དུ་བྲིས་པ་ཞིག་ཀྱང་ཆགས་ཡོད། སྐབས་དེར་གཞོན་ནུ་མ་མང་པོ་མཚོ་གླིང་ལཱེ་ཟི་པོ་ Lesbos ཟིར་འབྱོར་ཏེ་ཁོ་མོ་དགེ་རྒན་བརྟེན་ཞིང་སློབ་སྦྱོང་བྱེད་ཀྱི་ཡོད། ཟཱ་ཧྥུའུ་ཡིས་དེ་དག་ལ་སྒྱུ་རྩལ་བསླབ་ཅིང༌། ད་དུང་གཞོན་ནུ་མ་དེ་དག་ལ་བརྩེ་དུང་མཚོན་བྱེད་ཀྱི་བརྩེ་འཕྲིན་ཡང་བྲིས། སློབ་མ་རྣམས་སློབ་མཐར་སོན་རྗེས་དེ་ནས་ཁ་བྲལ་ཏེ་མི་གཞན་གྱི་གནའ་མར་འགྲོ་དུས་ཀྱང་ཟཱ་ཧྥུའུ་ཡིས་ཁོ་མོ་ཚོར་གཉེན་སྒྲིག་གི་སྙན་ངག་བྲིས་ནས་སྟེར་གྱི་ཡོད། གནའ་བོའི་གྷི་རི་ཟིར་དགེ་སློབ་དབར་གྱི་བརྩེ་དུང་དར་སྲོལ་ཆེ། དགེ་རྒན་གྱིས་ཤེས་ཡོན་བསླབ་ཅིང་རྨོངས་པ་སེལ་ཞིང་སློབ་མ་ཡིས་སོ་སོའི་བརྩེ་དུང་རྒན་ལགས་སུ་ཕུལ་ཏེ་བཀའ་དྲིན་མཇལ་གྱི་ཡོད། དེར་བརྟེན་མཚན་མཐུན་དགའ་རོགས་དབར་གྱི་བརྩེ་ཚོར་གྱི་དུང་བ་ཟབ་པའི་སྙན་ངག་དེ་དག་ལ་སྐབས་དེར་བཀག་འགོག་བྱུང་མེད་པ་མ་ཟད། དེ་བས་དར་ཁྱབ་ཆེན་པོ་སོང༌། དེ་བཞིན་ལཱེ་ཟི་པོ་མཚོ་གླིང་ཐོག་བེད་སྤྱོད་པའི་དངུལ་སྒོར་ཐོག་ཀྱང་ཟཱ་ཧྥུའུ་ཡི་མགོ་པར་འཁོད་ཡོད་པ་རེད། ཟཱ་ཧྥུའུ་ཡི་ཁྱིམ་ཚང་གི་གནས་སྟངས་ཀྱིས་རྐྱེན་པས་ཟཱི་སི་ལི་ Sicily མཚོ་གླིང་དུ་སྐྱབས་བཅོལ་དུ་འགྲོ་སྐབས་ས་གནས་དེའི་ཡུལ་དམངས་ནས་མོའི་འདྲ་སྐུ་ཞིག་བརྩེགས་ཏེ་ཁོ་མོར་གོང་བསྐུལ་མཚོན་ཐབས་བྱས། མཚན་ཉིད་རིག་པའི་མཁས་དབང་པཱོ་ལ་ཐུ་Plato ཡིས་ཁོ་མོ་ལྷ་མོ་ལེའུ་ཟི་ཨང་བཅུ་པ་རེད་ཅེས་བསྟོད་དེ་ཟཱ་ཧྥུའུ་ཡི་རྩོམ་རིག་ཐོག་གི་གོ་གནས་དེ་ཨ་ཊིན་ཟིའི ་Athens ལྷ་ཚོགས་དང་མཉམ་པར་ངོས་འཛིན་བྱས། ཨ་ཊིན་ཟིའི་དབང་སྒྱུར་པ་ཟཱོ་ལུན་ Solon ཁོ་རང་སྒེར་ངོས་ཀྱང་ཕུལ་བྱུང་གི་སྙན་ངག་པ་ཞིག་རེད། འོན་ཀྱང་ཐེངས་གཅིག་ཟཱ་ཧྥུའུ་ཡི་སྙན་རྩོམ་ཐོས་པ་ཙམ་གྱིས་དེ་སྦྱོང་ནས་གྱེར་འདོད་ཡོད་སྐོར་རྒྱུན་འཁྱོང་བྱས་ཤིང༌། གལ་ཏེ་ངས་སྙན་ངག་ཤོ་ལོ་ཀ་འདི་སྦྱོང་ནས་ཤེས་ན་ཁོ་པ་ཤི་སོང་ནའང་འགྱོད་པ་མེད། ཅེས་བཤད་པར་སྐད།

 

ཟཱ་ཧྤུའུ་ལ་དཔྱད་གླེང་ཇི་སྤེལ།


ཟཱ་ཧྥུའུ་དང་འབྲེལ་བའི་གླེང་ཕྱོགས་སྐོར་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་བཞིན་ཡོད། དེའི་ནང་གི་མང་ཆེར་ནི་ཡིད་ཆེས་དཀའ་བའི་གཏམ་འཆལ་ཙམ་རེད། ཨ་ལི་ཀ་ཆོང་ Ailika qiong གིས་བརྩམས་པའི་ཟཱ་ཧྥུའུ་ཡི་འཕུར་ལྡིང་ཞེས་པའི་དེབ་ནང་ཆཱོང་ཅང་ཟེར་བའི་གསང་བ་ལྐོག་འགྱུར་གྱི་གྷི་རི་ཟིའི་སྙན་ངག་མ་འདི་ཟང་ཟིང་དུ་གྱུར་བའི་སྤྱི་བཏང་འཚོ་བའི་ནང་འབྲི་བཀོད་བྱས། དེའི་ནང་ཟཱ་ཧྥུའུ་ནི་ཟཱི་གྷ་ལི་ཊི་ Scarlett ལྟ་བུ་སྐྱེས་པ་ཚོའི་དཀྱིལ་དུ་ཉུལ་ཞིང་འདོད་ཆགས་མཚོན་མཁན་ཏེ། འཛམ་གླིང་ཡོངས་ཆུད་མིད་གཏོང་བསམ་པ་ལྟར་རེད་ཅེས་བྲིས། རྩོམ་དེའི་ནང་མོའི་ཚོར་འདུ་འབར་བའི་སྐད་ཆ་དེ་དག་ནི་ཟཱ་ཧྥུའུ་གཉིས་པ་ལྟར་མངོན། ཁོ་མོའི་རྩོམ་ནང་ཟཱ་ཧྥུའུ་ནི་འཇིགས་ཞུམ་སྤུ་ཙམ་མེད་ཅིང་ཁྱད་འཕགས་ཀྱི་དཔའ་མོ་ཞིག་རེད། གལ་ཏེ་དགུན་ཁ་མིན་ན། ཟཱ་ཧྥུའུ་ཡི་ཆ་ཤས། ཅེས་པའི་དེབ་ནང་རྩོམ་པ་པོ་ཨན་ཁ་ཟིན་ Anne Carson གྱིས་དམིགས་བསལ་གྱི་སྒྱུར་རྩལ་ཐོག་ནས་ཟཱ་ཧྥུའུ་ཡི་བརྗོད་གཞི་ཆེ་ས་དཔེར་ན་བརྩེ་དུང་དང་འདོད་དོན། གཉེན་སྒྲིག་དང་ཕྱི་ཕུད་བཅས་ཀྱི་ཕྱོགས། ཆུང་ས་ནས་དཔེར་ན་ཉལ་གདན་དང་སྦྲང་རྩི། སྲན་མ། ད་དུང་རྒས་ཤིང་ངོ་ཚ་བ། དུས་ཚོད་སོགས་འགྲོ་བ་མིའི་རིགས་ཀྱི་ཕྱོགས་ཡོངས་ནས་བསམ་གཞིགས་བྱས་ཏེ་བྲིས། རྩོམ་ནང་ད་དུང་གུག་རྟགས་དང་སྟོང་ཆ་བཅས་ཀྱིས་ཀློག་པ་པོར་རྩ་ཤོག་ཐོག་གི་མ་རྩོམ་དེ་དག་ལ་ཆ་མི་ཚང་བའི་སྐྱོན་ཆ་ཡོད་པའི་སྐོར་ཡང་འཁོད། མཛེས་མ་དང་སྙན་ངག་པ། སྐྱེས་པའི་སྙན་ངག་པ་དང་དེའི་དགའ་རོགས། ཐོག་མར་བརྩེ་བ་ལ་ཕམ་ཉེས་བྱུང་སྟབས་རྒྱ་མཚོར་མཆོང་ནས་རང་ཤི་རྒྱག་པའི་སྙན་ངག་མ། མཚན་མཐུན་དགའ་རོགས་སྒྲིག་མཁན་གྱི་བུད་མེད། དེང་རབས་མོ་མཆོག་རིང་ལུགས་པའི་མེས་མོ། སོགས་ཟཱ་ཧྥུའུ་ཡི་མིང་ཐོག་དེང་རབས་རྩོམ་རིགས་ཐོག་དར་སྲོལ་ཆགས་པའི་མིང་ཚིག་གང་འདྲ་ཡིན་ཡང་བཀོལ་ཆོག་ཆོག་ལྟ་བུ་ཡིན།



གལ་ཏེ་ཟཱ་ཧྥུའུ་མོ་རང་རང་ངོས་ནས་ཀྱང་སོ་སོའི་སྙན་ངག་བེད་སྤྱོད་དེ་སོ་སོ་མཚོན་ཐབས་བྱེད་པར་མོས་པ་ཆེ་བ་ཡོད་སྲིད། དེའང་མཐའ་འཁོར་གྱི་སྐར་ཚོགས་ཀྱི་འོད་མདངས་ཉམས། འོན་ཀྱང་མོའི་གཟི་འོད་ནི་ཚ་ཁུའི་རྒྱ་མཚོ་དང་མེ་ཏོག་སྣ་ཚོགས་བཞད་པའི་སྤང་ཐང་ཡོངས་སུ་ཁྱབ། ཅེས་པ་ལྟར་རོ། པུའུ་ཁ་ཆིའུ་ Boccaccio ཡིས་ཁོ་པའི་བརྩམས་ཆོས་ངར་མ་ཞེས་པའི་ནང་གདུང་ཚོར་ཆེན་པོས། མོའི་སྙན་རྩོམ་ནས་ཐོབ་པའི་བདེ་སྐྱིད་ནི་ཁོ་མོའི་བརྩེ་དུང་ནང་མྱོང་བའི་སྡུག་བསྔལ་དང་ཡ་ང་བའི་གནས་སྟངས་དང་མཚུངས། གཞོན་ནུ་ཞིག་ལ་བརྩེ་བ་བཅང་ཞིང་ཁོ་བོའི་ལང་ཚོའི་ནུས་ཤུགས་སམ། ཡང་ན་ཁོའི་མཛེས་སྡུག་གི་ངོ་གདོང་དེའི་ཕྱིར། ཡང་ན་གཞན་རྒྱུ་རྐྱེན་གང་ཡང་རུང་བའི་ཕྱིར། བཟོད་དུ་དཀའ་བའི་མནར་གཅོད་ལ་མགོ་བོ་སྒུར། དེར་བརྟེན་སྡུག་ངལ་བའི་ཟཱ་ཧྤུའུ་ཡིས་ཡ་ང་བའི་སྙན་ངག་བྲིས་ཡོད་པ་རེད། ང་ཚོས་ལྷ་མོ་ཟཱ་ཧྥུའུ་ལ་སྐྱོན་བརྗོད་བྱེད་འོས་སམ། ཞེས་བྲིས། ཨན་ཧྥོན་ Amphion གྱིས་སྙན་ངག་གྱེར་འདོན་བྱེད་སྐབས་ཁོ་མོ་ཚོས་ཁོ་བོའི་ཆེད་དུ་ཨོ་ཅིའི་བྲག་རྡོ་དེ་དག་བསྒུལ་ཡང་འདོད་ཀྱང༌། ཟཱ་ཧྥུའུ་ཡི་ཆེད་དུ་ལོ་གཞོན་གྱི་སྐྱེས་པ་དེའི་སེམས་བརྗེ་སྤོ་བྱ་འདོད་མེད་པ་རེད། ཅེས་བྲིས། ཡང་གནའ་བོའི་རོམ་ Rome གྱི་རྩོམ་པ་པོ་ཨོ་ཝེ་ཏི་ཡིས་ཟཱ་ཧྥུའུ་མཚོན་ཐབས་ཐོག་ཧྥ་ཝུན་ལ་བྲིས་པའི་ཡིག་ཕྲེང་ ༢༢༠ ལྷག་གི་སྙན་ངག་ལུགས་ཀྱི་སྐྱོ་ཡིག་རིང་མོ་ཞིག་བྲིས། དེའང་ཟཱ་ཧྥུའུ་ཡི་སྐད་ཆ་ལྟར་ཁོ་མོའི་སེམས་ནང་གི་དུང་བ་ཟབ་མོ་དེ་དག་མཚོན་པར་བྱས། ང་མི་བརྒྱ་ལྷག་ཙམ་ལ་དགའ་མྱོང༌། དེ་དག་ནི་སྡིག་གྲོགས་སུ་གྱུར་བའི་བརྩེ་བ་ཞིག་རེད། འོན་ཀྱང་ད་ལྟའི་ཆར། དགྲ་རུ་གྱུར་བའི་ཁྱོད། དེ་སྔོན་ང་གཞན་ཡོངས་རྫོགས་ལ་དབང་ཡོད་ཀྱང༌། ད་ལྟའི་ཆར་ང་ཁྱོད་རང་ཁོ་ནར་དབང་ཡོད། ཁྱོད་རང་ནི་ངོ་མ་མཛེས་སྡུག་ལྡན་པ་ཞིག་རེད། ཁྱོད་ཀྱི་ལོ་ཚད་ལྟར་ན་རང་སྣང་མཐོ་ཞིང་ལོངས་སྤྱོད་དགོས་པའི་དུས་འོས་འཚམ་ཞིག་རེད། ཁྱོད་ཀྱི་ཟིལ་ཤུགས་ནི་ང་གཏོར་བཅོམ་གཏོང་བའི་འཇབ་དམག་ལྟར་རེད། ཅེས་བྲིས།

 

སྦྲེལ་ཐག http://lady.fengone.com/lady/20140812/573225.htmll


  གངས་དཀར་སེམས།
 

02.02.2015 00:39:33

རྩོམ་སྒྲིག་པ་ལགས། ཡིག་གཟུགས་ཆེ་རུ་དང་གྲ་འགྲིག་པོ་ཞིག་བཟོ་་རོགས་གནོངས། ཁ་དྲོ་བཀྲིས།

 
 
02.02.2015 02:12:44

འདི་རྒྱལ་མོ་འདིའི་ལོ་རྒྱུས་རྒྱ་ཡིག་འབྲེལ་ཐག་རེད་ལགས།

http://zh.wikipedia.org/wiki/%E7%BB%B4%E5%A4%9A%E5%88%A9%E4%BA%9A_(%E8%8B%B1%E5%9B%BD%E5%90%9B%E4%B8%BB)

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -