ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

11.01.2015 02:57:08
འཆམ་ར་དྲི་མེད་རྒྱལ་མཚན།

༈ འཕྲུལ་རྟ་ལ་གཟབ་གཟབ་གྱིས།
ཡུན་རིང་བསགས་པའི་དངུལ་གྱིས་འཕྲུལ་རྟ་ཉོ་བའི་དུས་སུ། །
འཕྲུལ་རྟའི་འཕྲུལ་དང་འདྲ་བའི་སློབ་སྦྱོང་རང་ལ་ཡོད་དགོས། །
བྱོལ་སོང་རྟ་ཕོ་ཞོན་པའི་སློབ་སྦྱོང་དེ་ལས་མེད་ན། །
རང་སྲོག་གཅོད་པའི་རལ་གྲི་རང་གིས་ཉོ་བཞིན་ཡོད་སྲིད། །

ཕོ་ཤེད་སེམས་ལ་ཡོད་ཀྱང་འཕྲུལ་རྟ་ལག་པས་གཏོང་དགོས། །
ལག་པ་དཔུང་ཤེད་རྒོད་ཀྱང་འཕྲུལ་རྟའི་སྐོར་སྟངས་ཤེས་དགོས། །
སྐོར་སྟངས་ཧམ་པས་མི་ཕན་དགེ་རྒན་རྩ་ནས་སྦྱོང་དགོས། །
སྦྱངས་ནས་བྱང་མ་མེད་ན་བདེ་འཇགས་མེད་པར་ཤེས་དགོས། །

འཕྲུལ་རྟའི་ལྡིར་སྒྲ་རེ་རེ། སྙིང་གི་ཚ་ཤར་རེ་རེ། བླ་མ་དཀོན་མཆོག་མཁྱེན། ཁྱོད་སྲོག་མགོ་ཐོན་པར་ཤོག

ཁ་ཕོ་ཡང་བསྡོམས་བྱས་ནས་འཕྲུལ་རྟ་ཤུགས་ཀྱིས་བསྐོར་ཡང༌། །
མིག་དང་དྲན་ཤེས་མེད་པའི་འཕྲུལ་རྟས་ས་ལ་བརྡབ་ཡོང༌། །
མགོ་བོ་རལ་ལེར་བཏོར་ནས་ཁྲག་དམར་ཉིལ་ལེར་ཤོར་ན། །
ཧམ་པ་རྫིག་རྫིག་གཉིས་ཀྱིས་ཁྱེད་རང་བསྐྱབ་ཡོང་མ་རེད། །

རིན་ཆེན་སྲོག་གི་བདག་པོ་ཨ་ཕོ་ཁྱེད་རང་ཡིན་ཀྱང༌། །
ཁྱེད་ཀྱི་སྔུན་དང་རྒྱབ་ན་གཟའ་མིའི་ཁ་ཕོར་བཟེད་ཡོད། །
ཁྱེད་ཀྱི་ཕྱི་དང་ནང་ན་གཟའ་མིའི་བརྩེ་གདུང་མངག་ཡོད། །
འཕྲུལ་རྟ་ཕར་ལ་སོང་རྗེས་སྡུག་བསྔལ་ཚུར་ལ་མ་བཞག །

འཕྲུལ་རྟའི་ལྡིར་སྒྲ་རེ་རེ། སྙིང་གི་ཚ་ཤར་རེ་རེ། བླ་མ་དཀོན་མཆོག་མཁྱེན། ཁྱོད་སྲོག་མགོ་ཐོན་པར་ཤོག
༢༠༡༣༩་༢༨ ཉིན།



  རྡོག་རྩ་ཆིག་སྒྲིལ།
 

20.01.2015 05:58:19

འཕྲུལ་རྟ་གོག་ཏོ་ཅིག་ལ།།
ཧ་ལས་ཧང་སང་ཅི་དགོས།།
ཁོ་རང་ཆགས་ན་ཆགས་བཅུག།
ཁོར་རང་ཐོར་ན་ཐོར་ཅིག།
ལྕགས་རྟ་འཕྲུལ་རྟ་ཕར་ཞོག།
རི་ལི་གནམ་གྲུ་ཡིན་ཡང་།།
སོ་དང་སྦར་མོ་མི་འདུག།།
དེ་འདྲ་ཞེད་དགོས་ཨ་ཡོད།།
འཆི་བ་དུས་ལ་སླེབས་ན།།
ཁྱིམཕུག་སྡོད་ཀྱང་འཆི་འགྲོ།།
ཚེ་དང་བསོད་ནམས་ཡོད་ན།།
དགྲ་བོའི་མེ་མདས་མི་ཐུབ།།
འཕྲུལ་རྟའི་སྡིར་སྒྲ་གྲགས་དུས།།
སྙིང་ལ་ཚ་ཤར་རྒྱག་ན།།
བར་ཐག་རིང་ས་ཞིག་ནས།།
ཨམ་ཆོག་ལག་པས་བཀབ་ཤིག།

 
 
02.02.2015 00:26:19

ཀླད་རྙིང་གིས་སྐད་ཆ

 
 
02.02.2015 00:45:28

ཨ་བོ་འཆམ་རའི་འཁྲུལ་རྟའི་ཉན་ཁར་ཞེད་སྣང་སྐྱེས་པར་རྒྱུ་མཚན་ལོས་ཡོད།  འཛམ་གླིང་ཐོག་ལོ་རེར་འཁྲུལ་འཁོར་རྡབ་སྐྱོན་གྱིས་མི་གྲངས་ཁྲི་༡༢༠ ཤི་སྐྱོན་ཡོང་གི་ཡོད་པ་རེད། 

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -