ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

06.12.2014 10:36:20
བསྟན་འཛིན་ཆོས་གྲགས།

ཁྱེད་ལ་དགེ་རྒན་ཞིག་གིས་སློབ་ཁྲིད་གནང་སྐབས་སློབ་ཐུན་དང་བསྟུན་ནས་རང་ཉིད་ཀྱིས་ཁོང་དུ་ཆུད་མ་ཐུབ་ཚེ་དགེ་རྒན་དེས་གང་བསླབ་བསླབ་རེད། མ་ཟད་དགེ་རྒན་དེས་ཁྱོད་ལ་ཤ་ཚ་དང་ཁྱོད་ཀྱི་མདུན་ལམ་ལ་བསམ་བློ་མ་བཏང་ཚེ་ཉི་མ་བརྒྱ་ལ་སློབ་ཚན་གཅིག་བསླབས་ནས་འདུག་ན་ཡང་ཁྱེད་ཀྱིས་ཅི་ཤེས། རྒྱུ་མཚན་དེ་འདྲ་ཞིག་གི་འོག་ནས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་གྲྭ་རྣམས་འདི་འདྲ་ཆགས་པ་རེད་ཟེར་ཆོག
མཐར་མར་ཡིག་ཚད་ཡོང་དུས་དགེ་རྒན་དེས་ཁྱེད་ལ་སློབ་དེབ་རྒྱབ་ཀྱི་དྲི་བའི་ལན་ཁ་ཤས་དྲི་བ་ལ་སྦྱར་ནས་ངོ་སྤྲོད་ཙམ་གྱི་ཕྱོགས་པ་བྱས་ནས། ཁོང་གཞན་ལ་ཁྱེད་ཚོར་བསླབས་ཀྱང་ཤེས་ཀྱིན་མི་འདུག་ཟེར་ནས་བཤད་ཀྱིན་ཡོད་པ་མ་ཟད། ཁྱེད་རང་ལ་ཡང་ཁྱོན་ནས་སྦྱོང་གི་མི་འདུག་ཅེས་ལབ་ཡོད་པ་རེད། ཡིན་ནའང་ཡིག་ཚད་འཕྲོད་པའི་ཐབས་ཤས་དེ་འདྲ་ཞིག་ཞིག་འཛིན་གྲྭ་འཕར་འགྲོ་གི་ཡོད་རེད།

དེ་འདྲའི་དགེ་རྒན་འགའ་ཤས་ལ་སློབ་ཕྲུག་གིས་ཨང་རྩིས་ལྟ་བུར་དྲི་བ་བཀོད་དུས་དེའི་ལན་རིང་པོ་ཞེ་དྲགས་རེད། ཁྱོད་ཀྱིས་ཤེས་ཐུབ་ཀྱིན་མ་རེད་ཞེས་བཤད་ཀྱིན་ཡོད་པ་དངོས་ཡོད་རེད། ཡིན་ནའང་ཐབས་སྐྱོ་བ་ཞིག་ལ་ཕྲུག་གུ་རྣམས་ཀྱིས་ཚིག་དེ་རང་ཉིད་ལ་དམའ་འབེབ་དང་མཐོང་ཆུང་བྱེད་ཀྱིན་ཡོད་པ་ག་ནས་ཤེས། དེའི་རྒྱུ་མཚན་གང་ཡིན་ནམ་ཞེས་པའི་དྲི་བ་ཞིག་ཀྱང་འདོན་མི་ཤེས་པ་དེ་ཡང་དངོས་བྱུང་རེད། སློབ་གྲྭ་དེ་དག་ཏུ་གནས་འཆའ་བའི་བོད་རྒན་འགས་ཀྱང་ཡིན་ཤག་ཤག་གིས་རང་གི་འཚོ་གནས་ཆེད་མི་རིགས་དང་རིག་གཞུང་ལ་སྣང་མེད་བྱས་ཡོད། རྒྱུ་མཚན་འདིས་བོད་སློབ་འཛིན་ཚོགས་ཀྱིས་བོད་ཕྲུག་རྣམས་ལྐུགས་པ་བཟོས་པ་ཡང་གསལ་པོ་རེད།

བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་ཕྲུག་རྣམས་ལ་དགེ་རྒན་རྣམས་ཀྱིས་གང་ཁོང་འཁྱོལ་བ་ཞིག་བསླབ་ཡོད་རེད་ཟེར་ན། དྲི་ལན་རྐུན་མ་རྒྱག་སྟངས་དང་དཔེ་བཤོས་བྱེད་ཐབས་ཕུལ་ཏུ་ཕྱིན་པ་ཞིག་བསླབས་ཡོད་རེད། འདིས་རྒྱ་གར་གཞུང་དང་ཕྲུག་གུའི་ཕ་མ། ཕྲུག་གུ་རང་ཉིད་ཚུད་པའི་དགའ་ཉེ་ཆ་ཚང་གི་མགོ་བསྐོར་ཡོད་པ་མ་ཟད་རང་ཉིད་རྒྱ་མིན་བོད་མིན་ཞིག་བཟོས་པ་རེད། བཙན་བྱོལ་གཞུང་གིས་དེ་ཤེས་ཡོད། ཡིན་ནའང་ལོ་ངོ་ལྔ་བཅུ་ལྷག་སྟེ་དུས་ལྟ་དབར་དུ་དྲགས་འགུལ་ཅི་ཡང་མེད་པར་ཤེས་ཡོན་སྲིད་ཇུས་རེ་བཟོས་ནས་བསྡད་པ་རེད།

མ་ཟད་ཁྱབ་ཁོངས་གཉིས་ནས་ཐོན་པའི་སློབ་ཕྲུག་རྣམས་ལ་བོད་ལ་འགྲོ་འདོད་མེད་ལ། བོད་མིའི་རྩ་དོན་རྩོད་ལེན་བྱེད་འདོད་ཀྱི་བསམ་པ་ཡང་ཞེ་ནས་མེད། ཁོང་ཚོ་ལ་ཡོད་པ་ནི་དངུལ་ཞིག་ག་ནས་རག་བསམ་པའི་འདོད་རྔམ་དེ་རེད། དེར་བརྟེན་ཆབ་སྲིད་ཀྱི་སྐྱབས་བྱོལ་བའི་སྒྲིག་འཛུག་ཞིག་གིས་ཅེས་ཕྱིར་ཆབ་སྲིད་ཀྱི་སློབ་ཚན་སློབ་གྲྭ་རུ་མ་བཞག་པ་རེད།

སློབ་ཕྲུག་རྣམས་ཀྱི་རྒྱུགས་སྤྲོད་བྱེད་སྟངས་དངོས་སུ་མཐོང་བ་དང་ཕྱིར་ཉལ་ཁང་དུ་བསླེབས་ནས་ཡིད་སེམས་གཏིང་ནས་སྐྱོ་ཞིང། མ་འོངས་བོད་འདི་ག་འདྲ་ཞིག་ཆགས་ཡོང་སྙམ་ནས་དངངས་སྐྲག་ཞིག་གིས་བསྐུལ་ཏེ་བྲིས་སོ།

ཡིག་ནོར་ཡིག་སྐྱོན་ཡོད་ཚེ་བཅོས་རོགས་ཞུ། ལས་བྲེལ་དབང་གིས་མགྱོགས་པོ་བྲིས་ནས་ཞི་དག་བྱེད་ཁོམ་མ་བྱུང།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -