ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

05.12.2014 06:11:09
བསྟན་འཛིན་ཆོས་གྲགས།

བཙན་བྱོལ་ནང་གི་བོད་དང་བོད་ནང་གི་བོད་ཀྱི་མི་འདྲ་ས་གཤམ་གསལ་ལྟར་ཡིན་ནམ། གལ་སྲིད་བཙན་བྱོལ་སྲིད་གཞུང་འཛུགས་དོན་བོད་ཡིག་དང་བོད་སྐད་གཙོས་བོད་པའི་ཡུལ་གྱི་གོམས་པའི་གཤིས་ལུགས་མི་ཉམས་རྒྱུད་འཛིན་ཆེད་ཡིན་ན། དོན་དངོས་ལག་ལེན་ལ་ཁེལ་བ་ག་ཚོད་ཙམ་ཡིན་ནམ།
དང་པོ་བཙན་བྱོལ་ནང་གི་བོད་མི་རྣམས་ཀྱི་སེམས་ཁམས་ཨ་རི་སོགས་ཕྱི་གླིང་དང་བོད་ནང་གི་བོད་མི་ཚོས་བཙན་བྱོལ་བ་ལ་རེ་བ་འཆང་བ།

གཉིས་པ་བཙན་བྱོལ་ཏུ་བོད་ཡིག་དང་བོད་སྐད་མི་དགོས་དུས་བོད་ནང་དུ་བོད་ཡིག་དང་བོད་སྐད་དར་སྤེལ་ཤུགས་ཆེ་རུ་གཏོང་བ།

གསུམ་པ་བཙན་བྱོལ་ཏུ་བོད་ཧིན་དབྱིན་གསུམ་ལྡེབ་ནས་བཤད་དུས་བོད་ནང་དུ་བསྦྲགས་སྐད་བཤད་ཚེ་ཉེས་ཆད་བཅད།

བཞི་པ་བཙན་བྱོལ་ཏུ་བོད་ཆས་དམིགས་བསལ་དུས་ཆེན་ཁག་ལ་དགྱེས་སྤྲོའི་ཆེད་གྱོན་དུས་བོད་ནང་དུ་རྒྱུན་ཆས་སུ་བེད་སྤྱོད་བཏང་བ།

ལྔ་པ་བཙན་བྱོལ་ཏུ་བོད་མི་རྣམས་ཀྱིས་བོད་ཡིག་སྦྱོང་སྟངས་སྐོར་གྲོས་བསྡུར་ལོ་ངོ་ལྔ་བཅུ་ལྷག་བྱས་པའི་ཡུན་བོད་ནང་དུ་བོད་པས་བོད་ཡིག་བསླབས་སོ།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -