ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

10.11.2014 00:32:00
གངས་དཀར་སེམས།

ཁྱོད་ཀྱིས་ཀུ་ཤུ་རྟགས་ཅན་དེ་ཀུ་ཤུར་སོ་ཐེངས་ཤིག་རྒྱག་པའི་རྟགས་དེ་བེད་སྤྱོད་དགོས་དོན་གང་ཡིན་ནམ་བསམ་སྲིད་མོད། ཉིན་དེ་རིང་རྟགས་ཅན་དེའི་སྐོར་ནི་ཧ་ཅང་ཡ་ང་བའི་ལོ་རྒྱུས་ཤིག་ཡོད་པ་ངས་གཞི་ནས་ཤེས་རྟོག་བྱུང༌།
ཀུ་ཤུ་རྟགས་ཅན་སྐོར་གྱི་ལོ་རྒྱུས་དེ་ནི་འཛམ་གླིང་གཡུལ་ཆེན་གཉིས་པའི་སྐབས་བྱུང་བ་དང༌། འགོ་བརྩམས་སྟངས་དེ་རླབས་ཆེན་ཞིག་ཡིན། དེའང་མནའ་འབྲེལ་དམག་དཔུང་ཕྱོགས་ནས་མིང་ULTRA ཞེས་པའི་གསང་བའི་ལས་འགུལ་ཞིག་སྤེལ་ཞིང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གིས་ཁ་གཏད་འཇཱའ་མན་ནི་རྒྱལ་ཁབ་ཕྱོགས་ཀྱི་ཆེས་གསང་བའི་གསར་འཕྲིན་གྱི་གསང་ཨང་འཕྲུལ་འཁོར་དེ་རག་ཐུབ་པ་བྱུང༌། དེར་བརྟེན་ཨཱིན་ཇིའི་ཁཱམ་པུ་རེ་ཀྱི་སློབ་ཆེན་ University of Cambridge  ནས་ཐོན་པའི་གཞོན་ནུ་ཨཱེ་ལན་ཁྲེའུ་རིང་ AlanTuring གཙོས་མི་ཁག་ཅིག་གིས་འཛམ་གླིང་ཐོག་གི་རྩིས་འཁོར་འཕྲུལ་ཆས་ཨང་དང་པོ་དེ་བཟོས་ནས་བཟུང་འཇཱའ་མན་ནིའི་ཕྱོགས་ནས་གཞན་གྱིས་རྩ་བ་ནས་ཤེས་ཐབས་མེད་པར་ངོས་འཛིན་བྱས་པའི་གསང་ཨང་དེ་ཤེས་ཐུབ་པ་བྱུང་བ་མ་ཟད། དེར་བརྟེན་ནས་འཇཱའ་མན་ནིའི་མཚོ་འོག་གྲུ་དམག་གི་གསང་བ་ཤེས་ཐབས་བྱས་ཏེ་མཐར་འཇཱའ་མན་ནིའི་མཚོ་དམག་རྩ་མེད་བཟོས་ཏེ་འཆར་གཞིའི་དུས་ཚོད་ལས་སྔ་ཙམ་གྱིས་འཇཱའ་མན་ནི་ཕམ་ཁར་གཏོང་བར་གཏན་འབེབས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད་པ་རེད།

འོན་ཀྱང་ལོ་རྒྱུས་དེའི་མཇུག་འབྲས་ནི་ཧ་ཅང་ཡ་ང་བ་ཞིག་རེད། བྱ་འགུལ་དེར་ཞུགས་མཁན་མི་སྣ་བཞི་ཡོད་པ་དེ་དག་ཀྱི་མཇུག་འབྲས་ཚང་མ་ཡ་ང་བ་ཞིག་རེད། དེའི་ནང་གསང་ཨང་ཤེས་རྟོག་སྐོར་རྨང་གཞིའི་རྩིས་བསྐོར་སྟངས་ཧ་གོ་མཁན་པཱོ་ལན་ཊིའི་མི་ Poland རཱེ་ཡེ་སི་མན་ཁོ་ཧྥུ་ཟི་ཀི་ Reyes Minkowski གཡུལ་ཆེན་རྗེས་ཆབ་སྲིད་ཚོགས་པའི་ངོས་ནས་ཁོ་ལ་ཡིད་ཆས་མེད་པར་གཞན་དུ་ཁེ་ལས་ཀྱི་འགོ་འཁྲིད་ཅིག་ལ་གནས་སྤོས་བཏང་ནས་དེ་རྗེས་གསང་ཨང་ལས་ཀའི་ཞིབ་འཇུག་བྱ་བའི་གོ་སྐབས་རྩ་བ་ནས་མ་བྱུང་བ་རེད། ཉཱི་ཧོང་གི་གསང་ཨང་ཆེན་མོ་དེ་ཤེས་ཐུབ་པ་བྱུང་བའི་ཧྥིས་ཏེ་མན་Friedmanནི་གཡུལ་ཆེན་རྗེས་སེམས་ཁམས་འཁྲུག་སྟེ་སྨྱོ་ནད་ཀྱིས་ཟིན་པ་དང་ཚེ་མཇུག་རིང་ཨཱ་རི་སྲིད་གཞུང་ངོས་ནས་ཁོ་རང་བེད་སྤྱོད་དེ་ཉཱི་ཧོང་གི་གསང་ཨང་ཤེས་རྟོག་བྱས་པའི་ཐོག་ནས་ཉཱི་ཧོང་གི་ཕཱོལ་ཧ་པོལ་ཟེར་བའི་མཚོ་འགག་་Pearl Harbor དེའི་དོན་རྐྱེན་སྔོན་དཔག་མི་བྱེད་པ་གང་ཡིན་ནམ་བསམ་པའི་དྲི་བ་དེའི་སུན་བཙིར་འོག་གནས། དེ་མིན་མནའ་འབྲེལ་དམག་དཔུང་ནས་ཨཱ་སྒོར་ཁྲི་གཅིག་ལེན་པ་ཙམ་གྱིས་འཇཱའ་མན་ནིའི་གསང་ཨང་འཕྲུལ་ཆས་ཚོང་བསྒྱུར་བྱས་པའི་ཞཱི་རྨེ་ཐི་ Schmidt རང་ལོ་ ༤༢ སྐབས་སུ་འཇཱའ་མན་ནིའི་དམག་མིས་དམར་བསད་བཏང་ནས་ཤི། ཁོ་ཚོའི་ནང་ནས་ཨཱེ་ལན་ཁྲེའུ་རིང་  AlanTuring གི་ལས་དབང་ནི་ཆེས་ཡ་ང་བ་ཞིག་ཏུ་གྱུར་ཡོད།

གཡུལ་ཆེན་གཉིས་པ་མཇུག་སྒྲིལ་རྗེས་ཁོ་རང་ཁཱམ་པུ་རེ་ཀྱི་སློབ་ཆེན་ University of Cambridge དུ་ཕྱིར་ལོག་རྗེས་གསང་བའི་ཐོག་ནས་མཚན་མཐུན་དགའ་རོགས་ཀྱི་འཚོ་བ་བསྐྱེལ་ནས་བསྡད། སྐབས་དེའི་དུས་སུ་མཚན་མཐུན་དགའ་རོགས་ནི་ཨཱིན་ཇི་རྒྱལ་ཁབ་ནས་ནག་ཉེས་ཚབ་ཆེན་ལ་ངོས་འཛིན་བྱེད་བཞིན་ཡོད། ༡༩༥༢ ལོར་ཁོ་དང་རང་ལོ་ ༡༩ ཅན་གྱི་གཞོན་ནུ་ཞིག་དབར་ལུས་འབྲེལ་བྱས་པའི་དབང་གིས་འཛིན་བཟུང་བྱས། ཨཱིན་ཇིའི་སྲིད་གཞུང་ངོས་ནས་ཁོ་བོར་གདམ་ཁ་གཉིས་སྤྲད་པ་དང་པོ་དེ་ནི་བཙོན་ཁང་དུ་བསྡད་རྒྱུ་དང་ཡང་ན་གསོ་རིག་ཚོད་ལྟའི་ངོ་བོར་ལྡན་པའི་སྐུལ་རྩི་ Hormone བེད་སྤྱོད་དེ་མཚན་མཐུན་བརྩེ་དུང་གི་འདུ་ཤེས་ཟེར་བ་དེ་རྩ་མེད་བཟོ་ཐབས་ལ་ངོས་ལེན་བྱ་རྒྱུ་གཉིས་རེད། ཁོས་སྐུལ་རྩི་བེད་སྤྱོད་ཀྱིས་བཅོས་ཐབས་ལ་གདམ་ཁ་བརྒྱབ། འོན་ཀྱང་བཅོས་ཐབས་དེས་ཁོ་རང་ལ་སྡུག་ངལ་ཟམ་མི་ཆད་པ་མྱོང་བཅུག་ཡོད་པ་མ་ཟད་ཁོའི་ནུ་མ་གཉིས་མུ་མཐུད་སྐྲངས་སྦོས་སུ་གྱུར་བཞིན་ཡོད།


༡༩༥༤ ལོའི་ཟླ་ ༦ ཚེས་ ༨ཉིན། ཨཱེ་ལན་ཁྲེའུ་རིང་རང་ལོ་ ༤༢ ཟིན་ཞིང་ཁོའི་མི་ཚེའི་ནང་གསར་གཏོད་ཀྱི་རིག་པ་ཆེས་རྩེར་སོན་གྱི་དུས་སུ་སླེབས། ཉིན་ཞིག་གི་ཞོགས་པར་ཁྱིམ་གྱི་བདག་གཉེར་མ་ཁོའི་ཉལ་ཁང་དུ་ཡོང་ནས་ལྟ་དུས་ཁོའི་ཉལ་སའི་ཟུར་གྱི་གློག་སྤར་ནས་བཞག་པ་དང༌། ཉལ་མགོའི་འཁྲིས་སུ་སོ་ཐེངས་གཅིག་རྒྱག་པའི་ཀུ་ཤུ་ཞིག་ཀྱང་བཞག་ཡོད་པར་མཐོང༌། ཨཱེ་ལན་ཁྲེའུ་རིང་ཁོའི་མལ་ཁྲིར་གཏིང་རུམ་གྱི་གཉིད་ཁུག་ནས་རྒྱུན་གཏན་ལྟར་སྣང༌། འོན་ཀྱང་ཐེངས་འདིར་ཁོ་བོ་དུས་ནམ་ཡང་གཉིད་ལས་སད་ཐབས་མེད་པར་འཇིག་རྟེན་འདི་ནས་ཁ་གྱེས་ཟིན་ཡོད་པ་རེད།

དེ་རྗེས་ཁོའི་ཕུང་པོར་གཤག་བཅོས་བརྒྱུད་ཁྲིམས་ཕྱོགས་ཀྱི་སྨན་པས་དུག་ཆེན་རིགས་ཅིག་གིས་ཁོ་བོའི་ཚེ་སྲོག་འཕྲོག་ཡོད་པར་མཇུག་བསྡོམས་བརྒྱབ། དེའང་ཁོའི་ཉལ་ཁྲིའི་འཁྲིས་སུ་བཞག་ཡོད་པའི་ཀུ་ཤུ་དེ་ནི་དུག་ཆེན་གྱི་བཤེར་ཁུའི་ནང་སྦངས་ཟིན་པ་ཞིག་ཡིན་པར་ཤེས། ཡིན་ཡང་སྤྱི་ཚོགས་ནས་ཨཱེ་ལན་ཁྲེའུ་རིང་གིས་དུག་འཐུང་ནས་རང་ཤི་རྒྱག་པ་དང༌། ཁོ་བོ་ད་ནས་སྨན་བཅོས་ཀྱི་མནར་གཅོད་དང་ངོ་ཚ་བཟོས་པ་དེར་བཟོད་ཐབས་མེད་པར་ཁོས་སོ་སོའི་ཁྱིམ་གྱི་ཚོད་ལྟ་ཁང་དུ་དུག་ཆེན་དེའི་རིགས་ཀྱི་བཤེར་ཁུ་བཟོས་རྗེས་ཀུ་ཤུའི་ནང་དུག་དེ་བཏང་རྗེས་དེར་སོ་ཐེངས་ཤིག་རྒྱག་པ་རེད་བཅས་བཤད། ཁོ་རང་དེ་ལྟར་སྐར་མ་ཁ་ཤས་ནང་ཤི་སོང་བ་རེད། ཁོ་རང་ཤི་རྗེས་དུད་འཇུག་གི་མཛད་སྒོར་མི་བཞི་ལས་ཞུགས་མཁན་མ་བྱུང༌། དེའི་ནང་ཁོའི་ཨ་མའང་ཡོད། དུས་རབས་གཅིག་གི་ཤེས་རབ་ཅན་འདི་ཁོའི་ཚེ་སྲོག་མཇུག་བསྡུས་པ་རེད། ཁོ་རང་ཤི་ནས་ལོ་བཞིའི་རྗེས་སུ་ཨཱིན་ཇིའི་ཕྱོགས་ནས་མཚན་མཐུན་དགའ་རོགས་ལ་ནག་ཉེས་བཙུགས་པའི་ཁྲིམས་ཀྱི་བཀའ་རྒྱ་དེ་ཕྱི་འཐེན་བྱས་པ་རེད།

ལོ་རྒྱུས་ཀྱིས་ཨཱེ་ལན་ཁྲེའུ་རིང་ཟེར་བའི་གང་ཟག་འདིའི་མིང་སེམས་སུ་ཉར་ཚགས་དགོས་པ་ཞིག་ཆག་ཡོད། དེའང་ཁོ་རང་ ULTRAལས་འགུལ་ནང་ཞུགས་ཏེ་མི་སྣ་གལ་ཆེན་ཞིག་ཆག་པ་དེ་ཙམ་མ་ཡིན་པར་དེ་ནི་ཨཱེ་ལན་ཁྲེའུ་རིང་ནས་དུས་རབས་གཅིག་གི་འཆར་འཕྲིན་གྱི་རྩིས་རིག་འཁྲུལ་ཆས་ཀྱི་ལག་རྩལ་ཐོག་ཕུལ་བྱུང་གི་ལེགས་སྐྱེས་ཕུལ་ཡོད་པས་རེད། ཁོ་རང་འཇིག་རྟེན་འདི་ནས་ཁ་བྲལ་རྗེས་ཀྱི་བགྲང་བྱ ༢༠ རྗེས་ཨཱེ་ལན་ཁྲེའུ་རིང་ལ་དད་མོས་སྐྱེ་མཁན་གྱི་གྲལ་ཀྱཱོ་པུའུ་ཟི་ Jobs ནས་ཁོའི་ཚོགས་པའི་མིང་ལ་ཀུ་ཤུ་ཚོགས་པ་ཞེས་བཏགས་པ་མ་ཚད། ཚོགས་པའི་རྟགས་ཅན་དེའང་ཀུ་ཤུར་སོ་ཐེངས་གཅིག་རྒྱག་པ་དེ་ཚོགས་པའི་མཚོན་དོན་ལ་དམིགས་གཏན་བཟོས། ཀུ་ཤུ་ཚོགས་པའི་རྟགས་ཅན་དེ་སོ་ཐེངས་གཅིག་རྒྱག་པའི་ཀུ་ཤུ་དེ་ཡིན་དགོས་པའི་རྒྱུ་མཚན་ངོ་མ་འདི་དག་ཤེས་མཁན་ཧ་ཅང་དཀོན་པོ་རེད།

འདིར་བསྣུན་ནས་གཟིགས་ན་མ་རྩོམ་གཟིགས་ཐུབ། འབྲེལ་ཐག


  གངས་དཀར་སེམས།
 

10.11.2014 04:47:15

རྩོམ་སྒྲིག་པ་ལགས། ངའི་རྩོམ་ཡོངས་རྫོགས་མེད་པ་ག་རེ་གནང་བ་རེད་ལགས། 

 
 
10.11.2014 04:50:07

མཁྱེན་ཡངས་གངས་ལྷ་མོ་ལགས་ཁམས་བཟང༌། རྩོམ་ཡིག་དེ་ལས་རིང་བ་ཡོད་རེད་པས། བྱས་ན་ཡང་བསྐྱར་ཡར་འཇུག་རོགས་གནང༌། དྲ་རྒྱའི་ནང་དེ་ཙམ་མ་གཏོགས་སླེབས་ཐུབ་མི་འདུག་པས་དགོངས་འགལ་མེད་པར་མཁྱེན།

 
 
10.11.2014 04:51:56

ལགས་སོ། ཆོས་བཟང་ལགས། ངས་སྐྱར་བཅོས་བྱས་ཡོད། པར་དེ་གཉིས་སྐྱར་འཇོག་ཅིག་གནང་ན་འགྲིག་ས་རེད། ཁ་དྲོ་བཀྲིས།

 
 
10.11.2014 04:59:41

ལགས་སོ། ཐུགས་རྗེ་ཆེ། སྐུ་ཉིད་ཀྱིས་བཞག་གནང་བའི་པར་དེ་གཉིས་བཀོད་སྒྲིག་ཞུས་ཟིན།

 
 
10.11.2014 05:12:31


 
 
10.11.2014 06:02:36

ད་ལྟ་བར་དུ་བེད་སྤྱོད་ཡག་ཤོས་དང་དགའ་མོས་ཆེས་ཤོས་ཀྱིས གློག་ཆས་འདི་
མིང་འབྱུང་ཁུང་ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ།

 
 
10.11.2014 06:07:30

ཨོ་ཧོ་ཧོ་ཧོ་་ལགས་སོ་ལགས། 

 
 
10.11.2014 06:55:25

ཀུ་ཤུ་རྟགས་ཅན་དེ་སྐད་གྲགས་ཆེན་པོ་འདུག རྗེས་ལ་ཚ་ལུ་མ་རྟགས་ཅན་གཅིག་བཟོས་ན་ཡག་པོ་འདུག

 
 
10.11.2014 07:40:11

དྲ་གྲོགས་བློ་བཟང་མཐའ་ཡས་ལགས་ཀྱི་ཚ་ལུ་མ་རྟགས་ཅན་གྱི་ཁ་པར་སྒུག་ཡོད། ཧཧཧཧ

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -