ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཁྲོ་གཏུམ།
སྦྱིན་བདག་སྡུག་སྨྲོས་ཁ།
24.10.2014 04:58:46

༗ཟས་ཁང་འདིའི་ངོ་གདོང་ནས་ཤེས་ཡོན་པ་མཐོང་བའི་བློས་སླངས

“ཨ་རོགས། དེ་རིང་གི་མི་འདིས་ཡང་ང་ལ་ཆད་ཐོ་བརྒྱབ་སོང་།”
“ཁོ་རང་ཉེ་འཁོར་འདིའི་ལས་བྱེད་མ་རེད་དམ”
“རེད་འདུག སློབ་བུ་རྣམས་ལ་སྤྱི་ཚོགས་རྙོག་འཛིང་གི་ཤེས་ཡོན་དེ་ཁྲིད་དེབ་སྟེང་ལ་བཀོད་མེད་པ་འདྲ། ད་ལྟ་ངའི་ལག་གི་འབྲི་དེབ་འདིའི་སྟེང་དུ་མི་གཤིས་མེ་ལོང་། མི་གཞིའི་མེ་ལོང་། ཁྲེལ་གཞུང་གི་མེ་ལོང་སོགས་ཀྱི་བགྲོ་གླེང་བྱེད་ཀྱིན་ཡོད་པ་རེད།”


“ཁ་སང་ཡང…… ཨ…… ཨ…… ཨ…… ད་གཡུགས་ཞོག    ཚེ་རྡོ་དེ་ངོ་ནས་མི་སྡུག་ཅག་ཞིག་རེད་ཡ”

“ཨ་ལེ…… ཀཱེ་རམ་གྱི་མཛུབ་རྩལ་ལ་བྱང་ཆ་ཡོད་མཁན་གྱི་གཟུགས་ཐུང་གདོང་ནག་དེ་ནི། ཁ་རྒོད་ལ་ཤོར་ཞིང་སེམས་རྩེད་མོར་གཡེང་མཁན་ཞིག་ཡིན་པ་འདྲ།”

“ཨོ་ཡ…… སེམས་འཚབ་རེ་ཡོང་གིན་འདུག ཇ་ཁ་གསུམ་གྱིས་ཁོའི་མཛུབ་རྩེ་ན་ཐོ་དེབ་འཁོར་བསྐྱོད་བྱེད་ཀྱིན་ཡོད་རེད། ལན་རེར་གཞན་གྱི་ཟས་རིན་ཡང་ཤ་ཚ་མདོག་གིས་ཐོ་འགོད་བྱེད་འགྲོ་གི”

“ད་དུང་མང་པོ་ཡོད་པ་རེད། ཕྱི་རྒྱལ་ན་སྤུན་མཆེད་ཡོད་པའི་ཁ་ཡག ཕྱི་རྒྱལ་ཏུ་ཐར་ན་དངུལ་གྱི་རོགས་རམ་འདོན་པའི་སྐད་ཆ། ཨོ…… ད་ངས་མགྲོན་པོ་འདི་ལ་མཐེབ་ཐུག་བཟོ་དགོས་སོང་། རྗེས་ནས་ལྷོད་ལྷོད་ཀྱིས་ཡིན……”

“ངས་བསམ་ན། དངུལ་སྒོར་གཅིག་པས་མི་ལ་ཚད་ལྡན་གྱི་རྒྱ་ཚད་མི་ལོན་པ་འདྲ། མིའི་བྱ་སྤྱོད་ཀྱི་ཆ་རེ་རེ་ལ་གཞན་དང་མི་མཚུངས་བའི་སྒྱུ་རྩལ་གྱི་སྣང་བརྙན་རེ་རེ་བཞེངས་རྒྱུ་ཡོད་པས། ཁྱོད་རང་དེའི་ཕྱོགས་གཅིག་མ་གཏོགས་འཇུས་མི་འདུག འདི་ལ་རྒྱུ་མཚན་གསལ་བྱེད་ཀྱི་གནས་ལུགས་ཁྱེར་ན་རྩོད་རྙོག་རེད་པཱ།”

མཐེབ་ཐུག་བཟོ་ཞོར་དུ། “གསར་བུ་ལགས། ཁྱོད་མ་སྐྱེས་སྔོན་ལ་ང་སྐྱེས་ཤིང་ཁྱོད་ལས་ང་སྤྱི་ཚོགས་ཀྱི་འཇིངས་སུ་འཐིམས་མྱོང་ཡོད་པ་རེད། ལབ་རྒྱབ་ན་ལབ་རྔ་བསུམ་དགོས་ནི་རེད། གོས་གྱོན་ན་ཨོང་ཤ་འཐུམ་དགོས་པ་རེད། ལོ་ངོ་མང་པོའི་རིང་ལ་ཤེས་ཡོན་དང་སློབ་གསོ་མྱང་སྟེ་སྤྱི་ཚོགས་སུ་ཟབ་ཞུགས་བྱེད་མཁན་དེའི་རིགས་ལ་ཧང་སང་རྒྱུ་ཅི་ཡོད། ཁོ་ཚོས་བློ་ངོར་བྱང་བའི་སྡོམ་ཚིག་རེ་སྐྱོར་སྲིད་མོད། ཁོ་ཚོས་ཡིག་རྨོངས་པའི་ཁྲོད་ལ་ཁ་དགོད་དང་སྣ་དགོད་རེ་རྒྱག་ཤེས་མོད། འོན་ཀྱང་། སྨྱུ་གུ་དང་ཤོག་བུའི་སྲིབ་ངོས་སུ་ཉི་མ་འཁྱོལ་ཐུབ་བྱེད་པ་མ་གཏོགས།   འགུལ་བསྐྱོད་བྱས་མ་མྱོང་བར་ཉལ་ཤ་སྟག་ཅན་དང་། རྩེད་ཤ་སྟག་ཅན། བཟའ་བཏུང་ཤ་སྟག་ཅན་གྱི་ཀླད་ཤུགས་ངལ་རྩོལ་བས་ལས་ཤུགས་ངལ་རྩོལ་ཚང་གི་རྒྱུ་ནོམ་གང་ཞིག་ལ་ཧམ་པ་འཆང་མ་མྱོང་། དངོས་ནས་བྱས་ན། ཤེས་ཡོན་པ་སྤྱི་ཚོགས་ཀྱི་སྣ་དང་སྣེ་མོ། གྲུ་དང་ཟུར་གང་རུང་དུ་འཛུལ་ཐུབ་པའི་འཇོན་ཐང་ཞིག་དགོས་ཀི། ལྷག་པར་དུ། དཔལ་འབྱོར་དང་ཤེས་ཡོན་ཟུང་སྦྲེལ་བྱས་ཏེ་དུས་རབས་འདི་འཚོ་མ་ཐུབ་པ་ཡིན་ན། ཁྱེད་རང་ཁེར་རྐྱང་རེད། དབུལ་བོ་རེད། འཇོན་མེད་ནུས་མེད་ཀྱི་མི་བུ་ཕྱེད་ཀ་དེ་མ་ཡིན་ནམ……. མཐེབ་ཐུག་དཀར་ཡོལ་གང་པོ་འདི་ཁོ་ལ་ཅིག་སྤྲོད་རོགས།”

“ཡ་ད་འདིར་སྡོད་དང་། ན་ནིང་ལོ་གཅིག་གི་སྡོམ་རྩིས་བྱས་དུས་ན། ཆད་ཐོ་བཅུ་ཤས་ཤིག་གི་གྱོང་ཁུར་སོང་། ངས་ཟས་ཁང་ཆུང་ཆུང་འདི་ལ་བསྟུན་ནས་ཁ་གསོ་དགོས་པ་རེད། ཞོར་དུ་མགྲོན་པོ་ཚོར་ངོ་སྲུང་མ་བྱས་ན། ནམ་ཞིག་ཚོང་རྒྱུགས་འགྲན་རྩོད་ཀྱི་ལ་རྒྱ་ཤོར་འགྲོ་བ་རེད། ཡོང་སྒོའི་ཁེ་སྤོག་འགག་འགྲོ་བས། ལེགས་དང་ལེགས་སོ་ཡིས་ལུས་ཀྱི་གུས་ཉམས་ལྷོད་མ་མྱོང་ཡ…… ལན་རེར་ཤོག་དངུལ་ཡ…… ཤོག་དངུལ་ལགས། ང་ལ་ངལ་གསོ་ཞིག་རྒྱག་པའི་གོ་སྐབས་ཤིག་སྤྲོད་རོགས་གནོང་ཞེས་བསམ་འཁྲུལ་གྱི་དྲི་བ་འདིས་ཡ་ཆུང་འགག་འགྲོ་གི   རེད་རེད……. ད་ནི་ཆོག་ཁུལ་བྱས། སྡུག་སྨྲོས་ཟེར་བ་ལ་མཛད་མཐའ་ཡོད་པ་ཞིག་མ་རེད་འདུག སྐད་ཆའི་རྒྱུན་མུ་མཐུད་ན། བླ་བཙག་ཞེ་སྡང་གི་བརྗོད་བྱ་རེད། ཤེས་ཡོན་སྦྱང་མཁན་ཁྱེད་ཚོ་ལ་གཡུགས་ལས་ཀ་ཞིག་དགོས་དོན་མེད་ཀཱ ད་སོང……. འཛིན་གྲྭར་ཆད་ན་ཡག་པོ་མི་འདུག”

“ནང་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་དཀའ་ངལ་དཀའ་ཚེག་ཇི་འདྲའི་མྱང་ན་ཡང་། ཁྱོད་ཀྱི་གདོང་ལ་འཛུམ་དང་མིག་ལ་འོད་ཀྱིས་ཁེངས་འདུག  ཚོང་ཙག་ཙིག་གིས་ཡིད་ཡང་མ་ཚིམས་ལ་ཧམ་ཡང་མ་ཚད་པར་ཉིན་རེའི་ལས་དོན་ལ་འབད་པ་འདི་ནི། ཚོང་ལས་རིག་པའི་ཟིན་ཐོ་ལེགས་ཤོས་སུ་འདེམ་ཆོག་པ་འདྲ། འོན་ཀྱང་། ཤེས་ཡོན་པ་མེད་ན། རྒྱལ་ཁབ་འདིའི་བླ་སྲོག་བརླག་འགྲོ་ལ།   རྒྱལ་ཁབ་མེད་ན། ཁྱོད་ཀྱི་མི་སེར་ལག་ཁྱེར་རམ་ཐོབ་ཐང་དཔང་ཡིག་དེ་ནི་ཇི་ལྟར་ལེན། འདི་ནི་འགྲོ་བ་མི་སྒེར་གྱི་མ་མཐའི་ཆ་རྐྱེན་རེད་ལ། བྲན་གཡོགས་ལམ་ལུགས་རྐང་ཚུགས་མི་ཐུབ་པའི་སྔོན་འགྲོའིི་ཆུ་རག་རེད། ཁྱོད་རང་གིས་བཤད་པ་དེ་ལ་ཞན་ཆ་ཞིག་ཡོད་པ་དེ་ནི། ཤེས་ཡོན་པ་ཡིན་ནའང་། བློ་གཏད་ཆོག་ཆོག་ཞིག་མེད་ལ། ཁོ་ཚོས་འདོད་པ་ཁྱི་སྤྱོད་དང་སྤྱོད་པ་གླང་སྤྱོད་ཀྱི་གཤིས་ངན་འཁྲབ་སྲིད་ཀི་རེད། ཨོ…… ད་ང་འགྲོ……. ཆུ་ཚོད་གཉིས་པར་སླེབ་སོང………”

ཁོས་མགོ་སྐྲ་རིང་པོར་ཕུར་ཕུར་བྱེད་ཞོར་དུ། “ཚེ་རྡོ……བླ་ཁྱེར་དེས ……ང་རང་ཤེས་ཡོན་པར་ཡིད་ཆེས་བྱེད་པའི་འདུན་པ་འཕྲོགས་སོང་ནི་རེད………..རྗེས་ནས་ཁྱོད་རང་ཤེས་ཡོན་པ་ཆགས་སོང་ན།  ང་ལ་ཡང་ཁྱོད་ཀྱི་མིག་ཟུང་གིས་ཉར་རོགས་བྱས་ལགས།”

ཧ་ཧ་ཧ་ཧ“ངས་ཁྱོད་ལ་ཤེས་ཡོན་བཤད།   ཁྱོས་ང་ལ་ཟ་མ་བཟོས་ན་དྲང་བདེན་ཨེ་རེད།  བདེ་མོ་མུ་མཐུད་དུ་མཇལ་ཡོང།  ”

༢༠༡༢/༡/༡༣ལ།



བརྗོད་གཞིའི་རིགས་བཀར་བ།:


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -