ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

23.10.2014 03:10:10
གངས་དཀར་སེམས།

images/stories/blog_images/Ganglha/c1365674666169.jpg

ལཱི་ལན་ཅེ། ༼ རྒྱལ་སྤྱི་རིམ་པའི་གློག་བརྙན་འཁྲོབ་སྟོན་པ། ༽ 李连杰(国际影星)

དབང་ཆ་དང་ནུས་ཤུགས་ཡོད་མཁན་གྱི་རྒྱ་མི་རྣམས་ཕྱི་རྒྱལ་དུ་གནས་སྤོ་བྱེད་ཀྱི་ཡོད། དབང་ཆ་དང་ནུས་ཤུགས་མེད་མཁན་གྱི་རྒྱ་མི་ཚོ་རྒྱ་མཚོ་བརྒལ་ནས་ཕྱི་རྒྱལ་དུ་བྲོས་བྱོལ་དུ་འགྲོ་བཞིན་ཡོད། དེ་རྒྱལ་ཁབ་རེད་དམ་བཙོན་ཁང་རེད། དེ་འདྲའི་རྒྱལ་ཁབ་ཡོད་དམ།


དེ་ནི་བཙོན་ཁང་ཡིན་ངེས་རེད། དེ་འདྲ་མིན་ཚེ་མི་རྣམས་རྒྱུ་ནོར་ཡོད་མེད་ལ་མ་ལྟོས་པར་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་འདི་དང་ཁ་བྲལ་ཐབས་བྱེད་དགོས་དོན་ག་རེ་ཡིན་ནམ། ཁྱོད་ཀྱིས་ཨ་རིའི་མི་རྒྱ་མཚོ་བརྒལ་ནས་ཕྱིའི་རྒྱལ་ཁབ་ཏུ་བྲོས་བྱོལ་འགྲོ་བ་གོ་མྱོང་ཡོད་དམ།

ཧྥིང་ཅི་ཚེ། ༼ གྲགས་ཅན་གྱི་རྩོམ་རིག་མཁས་དབང༌། ༽冯骥才(著名文学家)

ཨ་རིར་སྒྲིག་འཛུགས་སྡེ་ཚན་ཟེར་བ་དེ་འདྲ་མེད་པར་བརྟེན་དཔོན་གནས་ཚོང་སྒྱུར་གྱི་གནད་དོན་མེད། རྒྱལ་ཁབ་ཀྱི་ས་ཞིང་སྡེ་ཚན་ཟེར་བ་མེད་སྟབས་བཙན་ཤུགས་ཀྱིས་ཁང་པ་སྤོ་བའམ་གཤིགས་པའི་གནད་དོན་མེད། ལྕགས་ལམ་སྡེ་ཚན་མེད་པས་འཛིན་བྱང་རྫུན་མ་ནག་ཚོང་བྱ་དོན་མེད། དྲིལ་བསྒྲག་སྡེ་ཚན་མེད་པས་གསར་འགོད་པས་བདེན་པ་འཚོལ་ཞིབ་བྱེད་ཆོག ཤེས་རིག་སྡེ་ཚན་མེད་པས་ཤེས་རིག་དར་རྒྱས་འགྲོ་བཞིན་ཡོད། གློག་འཕྲིན་གྱི་དབུས་སྡེ་ཚན་ཟེར་བ་མེད་པས་གཏིང་ཟབ་པོའི་གློག་བརྙན་དེ་འདྲ་འཁྲབ་ཐུབ་ཀྱི་ཡོད་པ་རེད།

ཝཱང་ཟུའུ། ༼ རྒྱ་ནག་གི་དེང་རབས་གློག་བརྙན་བཟོ་སྒྲིག་པ་གྲགས་ཅན། ༽王朔(中国当代著名编剧)

སོ་སོའི་མི་མང་ལ་གོང་བསྐུར་བྱེད་ཅིང༌། དེ་དག་ནི་རྒྱུ་ནོར་ལ་ངོས་འཛིན་པ་ལས་ལྡོག་སྟེ་དེ་དག་རྡོག་འཕྲིས་ལ་ངོས་འཛིན་མི་བྱེད་པ་དེ་ནི་རྒྱལ་ཁབ་ཅིག་གི་རྩ་བའི་བསམ་བློའི་ཀུན་སྤྱོད་རེད། མི་ཚོས་མི་འབོར་མང་ཞིང་སྤུས་ཚད་ཞན་པ་དེ་ནི་རྗེས་ལུས་ཀྱི་རྒྱུ་མཚན་དུ་བགྲང་བ་ནི་དཀར་ནག་དབྱེ་འབྱེད་མི་ཤེས་པ་རང་རེད། མི་མང་དུང་ཕྱུར་བཅུ་གསུམ་མེད་ན་འཛམ་གླིང་འདིར་སྐད་གྲགས་ཅན་གྱི་ཐོན་རྫས་དེ་དག་དང༌། འཛམ་གླིང་འདིའི་ཐོག་ཚོང་རྫས་ཀྱི་ཁྲོམ་ར་ཆེ་ཤོས་དེ་ཡོད་སྲིད་དམ། འཛམ་གླིང་གི་དཔལ་འབྱོར་སྒྲོམ་གཞི་ཨང་གཉིས་པ་དེ་ཡོད་སྲིད་དམ། རྒྱལ་ཁབ་ཅིག་གིས་སོ་སོའི་མི་དམངས་ལ་མཐོང་ཆུང་དང་གུས་བཀུར་མེད་པ་མ་ཟད། དེ་བས་ཉིན་རྟག་པར་མི་དམངས་ཀྱིས་རྒྱལ་ཁབ་ལ་བསྟོད་གླུ་འབུལ་བཅུག་གི་ཡོད། ངོ་ཚ་མེད་པ་དེ་འདྲ་ངོ་མ་མཐོང་མྱོང་མེད།

རྨུའུ་རོང་ཞེའེ་ཚུན། ༼ དྲ་ལམ་གྱི་རྩོམ་པ་པོ་གྲགས་ཅན། ༽慕容雪村(著名网络作家)

འཛམ་གླིང་ཡོངས་ཀྱི་གནམ་གྲུ་ཚང་མ་ཉོ་ཐུབ་ཀྱི་ཡོད་ཀྱང་སློབ་གྲྭ་ཞིག་ལ་རླངས་འཁོར་ཉོ་མི་ཐུབ། འཁོར་སྐར་བར་དབྱིངས་སུ་གཏོང་ཐུབ་ཀྱི་ཡོད་ཀྱང་ཟམ་པ་ཆུང་ཆུང་ཞིག་རྒྱག་ཐུབ་ཀྱི་མེད། རྒྱལ་ཁབ་གཞན་རེ་འགར་སྒོར་དུང་ཕྱུར་བཏང་ཐུབ་ཀྱང༌། སློབ་ཆུང་ཁ་ཤས་མང་དུ་གཏོང་ཆོག་གི་མེད། ལོ་གཅིག་ནང་མེ་ཤུགས་འཕུར་མདའ་བཅུ་གྲངས་ཀྱི་རིན་གོང་ཟ་བཞིན་ཡོད་ཀྱང༌། ཕྲུ་གུ་ཚོས་ཉིན་དགུང་གི་ཟས་རིམ་ཙམ་ཡང་སྤྲོད་དགོས་པར་བཙན་བསྐུར་བྱེད་ཀྱི་ཡོད། དེ་དག་ནི་ངོ་མ་ཀྲུང་ཧྭའི་ནོར་ཤུགས་མཇལ་བ་དང༌། དཔོན་རྒན་གྱི་སེམས་དགའ་ཐབས་བྱེད་ཅིང༌། དུང་ཕྱུར་བཅུ་གསུམ་གྱི་དཀའ་སྡུག་བསྡུས་ཤིང་མི་ཁ་ཤས་ཀྱི་ལོངས་སྤྱོད་ཡོང་ཐབས་བྱེད། ངོ་མ་ཡིན། ད་ནི་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་བ་ཙམ་དང༌། བཙན་གྱིས་འཛུམ་ཞིག་བཙིར་རྒྱུ་ལས་ཅི་ཞིག་ཡོད།

སྒྲིག་ལུགས་ཆ་ཚང་བའི་དམག་དཔུང་ཁྲི་བརྒྱ་ཁྲག་དང་དྲག་དམག་ཁྲི་བརྒྱ་ཕྲག ཡུལ་དམག་བརྒྱ་ཕྲག་གི་དམག་སྦྱོང་གྲ་སྒྲིག་གི་འོས་འགན་སྒྲུབ་དགོས། སྤྱི་བདེ་མི་སྣ་བརྒྱ་ཕྲག་དང་གྲོང་རྡལ་དོ་དམ་པ་ཁྲི་བརྒྱ་ཕྲག་གིས་མི་མང་ཚོའི་གནས་ཁང་བཙན་སྤོ་དང་དུང་ཕྱུར་གསུམ་གྱི་ཕྱི་རྒྱལ་དངུལ་ཉར་ཚགས་བྱེད་ཡོད། དེ་མིན་མེ་སྒྱོགས་དང་རྡུལ་མཚོན་ཁྲི་བརྒྱ་དང་དྲག་རྩལ་ཚད་མཐོ་བ་དེ་ནི་འཇིག་རྟེན་འདིར་ཧ་ལས་དགོས་པར་བཟོས་ཀྱང་ཁོ་ཚོ་བཏུབ་གྲིར་སྐྲག་སྣང་སྐྱེ་བཞིན་པ་དང༌། གོང་རིམ་ལ་སྙན་ཞུ་བྱེད་པར་འཇིགས་སྣང༌། མེ་ལྕེ་ལ་འཇིགས་ཤིང་སྐད་ཆ་བདེན་པར་སྐྲག་སྣང་སྐྱེ་བཞིན་ཡོད། དེ་བཞིན་རླུང་ལ་སྐྲག་ཅིང་ཆར་པ་ལའང་ཞེད། མེ་ཏོག་དང་རྩ་རྩི་ཤིང་ལའང་སྐྲག ཤེས་ཡོན་ཅན་ལ་སྐྲག་ཅིང་ལོང་བ་ལ་སྐྲག རྒས་མོར་ཞེད་ཅིང་ག་རེ་མཐོང་ན་དེ་ལ་འཇིགས་སྣང་སྐྱེ་བ་འདི་ནི་སྤྱི་ཚོགས་ག་ཚོད་རྙིང་ན་དེའི་ཚོད་ཀྱིས་ཡག བློ་འཁོག་ག་ཚོད་ཆུང་ན་དེའི་ཚོད་ཀྱི་ཡག་ཟེར་བ་དང་མཚུངས། ད་དབུགས་རིང་ཞིག་གཏོང་རྒྱུ་ལས་གཞན་ཅི་ཞིག་ཡོད།

ཚུའེ་ཡོང་ཡོན། ༼ དེ་སྔོན་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་གཙོ་སྐྱོང་བ། ༽崔永元(原央视主持)

ཆུང་དུས་སློབ་དེབ་ཐོག་རྒྱུན་དུ་རྒྱ་ནག་ནས་འཛམ་གླིང་གི་བརྒྱ་ཆ་བདུན་གྱི་ཞིང་ས་བེད་སྤྱོད་དེ་བརྒྱ་ཆ་ཉེར་གཉིས་ཀྱི་མི་འབོར་གསོ་ཐུབ་པ་བྱུང་ཡོད། ཅེས་འཁོད་ཡོད་པ་རེད། འོན་ཀྱང་དཔེ་དེབ་དེའི་ནང་ང་ཚོར་བརྒྱ་ཆ་ཉེར་གཉིས་ཀྱི་མི་འབོར་དེ་དག་གིས་འཛམ་གླིང་གི་གཞུང་ཞབས་པ་བརྒྱ་ཆ་དྲུག་ཅུ་གསོ་བཞིན་པའི་སྐོར་བཤད་མེད། བརྒྱ་ཆ་ཉི་ཤུའི་མི་འབོར་གྱི་སློབ་གསོའི་འགྲོ་སོང་དེ་ནི་འཛམ་གླིང་གི་བརྒྱ་ཆ་གསུམ་ལས་ཟིན་གྱི་མེད། བརྒྱ་ཆ་ཉེར་གཉིས་ཀྱི་མི་འབོར་དེའི་རྒྱུ་ནོར་བརྒྱ་ཆ་གོ་ལྔ་དེ་བརྒྱ་ཆ་གཅིག་གི་མི་ཚོའི་ལག་ཏུ་འཛིན་ཡོད་པ་དང༌།

བརྒྱ་ཆ་ཉེར་གཉིས་ཀྱི་མི་འབོར་དེའི་ནང་བརྒྱ་ཆ་དགུ་བཅུ་ཡིས་འཛམ་གླིང་ཡོངས་ཀྱི་དུག་ཤེད་ཆེ་ཤོས་ཀྱི་ཟས་རིགས་ཟ་བཞིན་པའང་བཤད་མེད། དེ་དག་གིས་རྒྱལ་ཁབ་ལ་དཔྱ་དངུལ་མཐོ་ཤོས་འབུལ་བ་དུས་མཚུངས་སུ། ཆེས་སྡུག་ཅིང་ཆེས་དཀའ་ཚེགས་ཆེ་བའི་བྱ་བ་བྱེད་བཞིན་པའི་སྐོར་ཡང་བཤད་མེད་པ་རེད།

འབྲེལ་ཐག

 

 


  གངས་དཀར་སེམས།
 

30.10.2014 05:19:11

ཀ་དག་རིག་འཛིན་བརྒྱུད་པའི་ཕ་ཆོས་མ་བརྗེད།།
ཁ་བའི་ལས་དབང་བཙན་པོའི་ཕ་ཡུལ་མ་བརྗེད།།
ག་སར་གང་དུ་ཕྱིན་ཀྱང་དྲན་ཤེས་མ་བརྗེད།།
ང་ཚོ་ཚང་མས་སྣོད་བཅུད་དག་གཙང་མ་བརྗེད།།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -