ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.10.2014 01:40:31
གངས་དཀར་སེམས།

ཀྲཱང་ཡུའུ་ཧིའི་__ང་འཆལ་པོ་ཞིག་ཆགས་སོང་། གང་ཡིན་ཟེར་ན་ང་མི་ཡིན། ཞེས་པའི་རྩོམ་གྱི་སྐོར།

ཀྲཱང་ཡི་ཧེ་དང་ཁོ་མོའི་བརྩམས་དེབ། རུས་མིང་ཀྲཱིན་ཚང་གི་བུ་མོ། ཞེས་པའི་དེབ་ཀྱི་མཇུག་བྱང་། ལྡུམ་རའི་ནགས་ཚལ་ནང་ཕོ་མོ་གཉིས་ཕན་ཚུན་འཐམ་ནས་བསྡད་པའི་གནས་སྟངས་དེ་ནི་ཁྲམ་པའི་བྱ་སྤྱོད་ལ་ངོས་འཛིན་པའི་ལོ་ཟླ་དེ་འདྲའི་ནང་ངས་མཚན་མཐུན་དགའ་རོགས་ཅེས་པ་དེ་ག་རེ་ཡིན་མིན་སྔ་ཙམ་ཤེས་རྟོག་བྱུང་བའི་དུས་ཀྱང་ཡིན།


 

ཕྱོགས་གཅིག་ལ་དེ་ནི་ངའི་སྨན་སྦྱོང་བཞིན་པའི་ཨ་མ་ལགས་ཀྱི་ཕྱོགས་ནས་ཤེས་ཡོད། མོ་རང་ཡང་ཁྱིམ་མཚེས་ཀྱི་རྒྱུན་གཏན་འཚོ་བའི་དོན་ཆུང་ལྟར་ང་ལ་མཚན་མཐུན་དགའ་རོགས་སྐོར་བཤད་མྱོང་། གནས་ཚུལ་དེའི་གཙོ་བོ་མི་སྣ་ནི་སྐད་གྲགས་ཡོད་པའི་ཧུའུ་ནན་དམག་སྒར་གྱི་སྲས་མོ་ཞིག་རེད། མོའི་ཁྱོ་བོ་ནི་ཧྲཱང་ཧེའི་ཚོང་པ་དང་། ཁོ་རང་གཉིས་ལ་ཕྲུ་གུ་ཡང་ཡོད། དེ་རྗེས་མོའི་འཚོ་བའི་ནང་བུད་མེད་གཞན་ཞིག་སླེབས་ནས་མོ་རང་གཉིས་དགའ་རོགས་གྱུར། ཉིན་གཅིག་བུད་མེད་གཉིས་འཁྲུས་ཁང་དུ་དགའ་འཐམ་བྱེད་པའི་རྣམ་འགྱུར་དེ་ཁྱོ་གས་མཐོང་། དེ་ནས་རིམ་གྱིས་བུད་མེད་གཉིས་ཀྱིས་སྐྱེས་པ་གཅིག་བསད་གཏུབ་ཀྱི་མི་བསད་དོན་རྐྱེན་གྱི་རྣམ་པ་ཞིག་ཏུ་གྱུར། ༡༩༤༩ ལོ་ཡས་མས་ཙམ་སྐྱེས་པ་དེ་ང་ཚོའི་ཁྱིམ་གྱི་རྒྱུན་གཏན་མགྲོན་པོ་རེད། དངོས་སྒྲུང་གསོན་ཉམས་ལྡན་པ་དེ་ཉན་རྗེས་ང་རང་ཧོན་འཐོར་བར་གྱུར། ངའི་མཚན་མཐུན་དགའ་རོགས་ཀྱི་ཤེས་བྱའི་འབྱུང་ཁུངས་གཞན་དེ་ནི་ངའི་སློབ་སྦྱོང་བྱེད་བཞིན་པའི་ཟློས་གར་ཆེད་ལས་དེ་ནས་ཡིན། སློབ་ཆེན་ཐོན་རྗེས་ང་ཟློས་གར་ཚོགས་པར་ཞུགས། ཚོགས་པ་དེའི་ནང་རྒྱུན་དུ་མཚན་མཐུན་དགའ་རོགས་ཐོན་གྱི་ཡོད་པ་རེད།

ལ་ལས་མཚན་མཐུན་དགའ་རོགས་ཚོར་བུ་རྒྱུད་སྐྱེ་བསྲིང་གི་དམིགས་ཡུལ་མེད་ཕྱིར་མང་ཆེར་གྱིས་ལུས་འབྲེལ་ནི་རྩེད་མོར་ལྟ་ཞིང་། ཡང་ན་དེ་ནི་རྩེད་མཚར་ཟེར་འབོད། ང་རང་ལྟ་བ་དེར་ངོས་ལེན་མེད་པ་མིན། འོན་ཀྱང་དེ་ནི་ཕྱོགས་ཡོངས་ཀྱི་ལྟ་བ་ཞིག་དང་བདེན་པར་ངོས་འཛིན་མེད། དོན་དངོས་ཐོག་མཚན་མཐུན་དགའ་རོགས་མང་པོས་ལུས་འབྲེལ་ནི་དེ་ཙམ་གྱི་གལ་ཆེན་ལ་མཐོང་གི་མེད། ངོ་མ་ཡིན། ཁོ་ཚོས་བརྩེ་དུང་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། པཱེ་ཞན་ཡོང་ལ་བརྩམས་སྒྲུང་དང་ལྷུག་རྩོམ་མང་པོ་ཡོད། རྩོམ་དེ་དག་ལ་འདིའི་སྐོར་གྱི་བརྗོད་གཞིའང་ཡོད། ཁོའི་བརྩམས་སྒྲུང་རིང་མོ། རྡུལ་ཕྲུག ཅེས་པའི་ནང་མཚན་མཐུན་དགའ་རོགས་ཀྱི་བརྩེ་ཚོར་གྱི་ཁོར་ཡུག་དང་རྒྱུན་གཏན་གྱི་འཚོ་བའི་སྐོར་མང་པོ་བྲིས་ཏེ། ཁོ་ཚོའི་ལུགས་མཐུན་གྱི་མི་ཞིག་ཡིན་པའི་སྐོར་ཕྱིར་མངོན་པ་མ་ཟད། མཚན་མཐུན་དགའ་རོགས་དབར་བརྩེ་ཚོར་ཤུགས་ཆེན་པོ་ཡོད་པ་དཔེར་ན་གནམ་ལྕགས་དང་ས་གཞིའི་མེ་ཕུང་འཕྲད་པ་ཞེས་པ་ལྟར་ཕྱིར་ལྡོག་མེད་པའི་གནས་སྟངས་ཤིག་རེད། ངས་རུས་མིང་ཀྲཱིན་གྱི་བུ་མོ། ཞེས་པའི་ནང་ཀྲཱང་ཡུའུ་ཧེས་ངར་གྲི་འཕྱར་ཏེ་སོ་སོའི་ལག་པར་བཞུས་པའི་ཧ་ལས་པའི་བྱ་སྤྱོད་རྩོམ་འབྲི་བྱས་པ་དེས་ཀྱང་ང་ཚོར་མཚན་མཐུན་དགའ་རོགས་ཀྱི་ཁོར་ཡུག་ནང་བརྩེ་དུང་ཆེད་དུ་རང་སྲོག་དོར་ཕོད་པའི་ཡ་ང་བའི་བརྩེ་ཞེན་དེའི་སྐོར་མཚོན་ཐབས་ཆེད་དུ་ཡིན། པཱེ་ཞན་ཡོང་ནི་མི་གཞན་ཡིན་ཡང་ཁྲམ་རྒྱུད་ཅེས་པའི་དེབ་ནང་ཁོས་ཕ་ཁྲཱོན་ཁྲོང་ཧྲན་དང་བུ་ཁྲཱོན་ཝ་གཉིས་དབར་གལ་ཟླ་ནས་ཕན་ཚུན་བསམ་གཞིགས་ཡོང་བའི་རེ་བ་དེ་ནི་སྤྱི་ཚོགས་འཕེལ་ཕྱོགས་གཙོ་བོའི་ཐོག་ནས་མཚན་མཐུན་དགའ་རོགས་ལ་གུ་ཡངས་དང་ངོས་འཛིན་ཡོང་བའི་རེ་བ་བཅངས་ཡོད། པཱེ་ཞན་ཡོང་ནི་མཚན་མཐུན་དགའ་རོགས་སྐོར་གྱི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། ཐོག་མའི་དུས་ནས་བརྩམས་སྒྲུང་གི་ལུགས་ནས་སོ་སོའི་ཕོ་མོའི་འདོད་ཕྱོགས་གང་ཡིན་མིན་གསལ་བརྗོད་དང་ངོས་ལེན་བྱས་པ་དང་། དེ་བཞིན་སྤྱི་ཚོགས་སུ་དེ་དག་ལ་འདྲ་མཉམ་གྱི་ལྟ་བ་འཛིན་དགོས་པའི་འབོད་སྒྲ་བསྒྲོགས་ཅིང་རྩོམ་པ་པོ་ཞིག་གི་ཁོག་རྒྱ་ཡངས་པའི་མི་ཆོས་རིང་ལུགས་ཀྱི་བསམ་བློ་མཚོན་ཡོད། ལེའུ་ཅུན་གྱི་བརྩམས་དེབ་བརྩེ་བ་དང་མཛེས་སྡུག པཱེ་ཞན་ཡོང་གི་ལོ་རྒྱུས། ཅེས་པའི་དེབ་ཀྱི་ཤོག་གྲངས་ ༠༦ ནང་འཁོད་ཅིང་། དེབ་འདི་དུས་བབ་པར་སྐྲུན་ཚོགས་པས་དཔར།

མོ་རིགས་དབར་གྱི་སྤྱི་ཚོགས་འབྲེལ་མཐུད་ཐོག་བརྩེ་ཚོར་གྱི་རྣམ་འགྱུར་གསལ་པོ་ཡོད། གལ་ཏེ་ཕོ་མོ་སོགས་ཀྱི་རྟགས་རྩ་བ་ནས་མེད་པའི་སྒོ་ནས་ཐག་གཅོད་བྱས་ཚེ་དེ་དོན་དངོས་དང་མི་མཐུན་པ་རེད། འོན་ཀྱང་སྒེར་ལ་མཚོན་ན་དེར་མཐར་ཐུག་པའི་མཁྲིག་སྦྱོར་ཁོ་ན་ཙམ་གྱིས་འགྲེལ་བཤད་བྱ་འདོད་མེད། དཔེར་ན་རྐང་ལག་མཉམ་འགུལ་གྱིས་ཕན་ཚུན་རེག་ཅིང་མཆུ་ཏོ་སྦྱར་བ། གོ་རའི་ཟུར་གང་སར་ཡོ་བྱད་ཡོད་པའི་སྒོ་ནས་འགུལ་སྤྱོད་སྤེལ་བ་སོགས་རེད། དེ་ལྟར་མོ་རིགས་ཕན་ཚུན་དབར་མཁྲིག་སྦྱོར་རྨང་གཞིར་བྱས་པའི་ཐོག་ནས་བུད་མེད་དགའ་རོགས་ཀྱི་ངོ་བོ་ངོས་འཛིན་ཐུབ། ང་ནི་བུད་མེད་དགའ་རོགས་དབར་གྱི་རིག་པའི་གཞུང་ལུགས་སྐོར་ཞིབ་འཇུག་བྱེད་མཁན་མིན། གནད་དོན་འདིའི་སྐོར་ཤེས་བྱ་དེ་ཙམ་མེད། འོན་ཀྱང་ངས་རྒྱུན་གཏན་གྱི་འཚོ་བའི་ནང་མོ་དང་མོའི་དབར་གྱི་བརྩེ་ཚོར་ནི་ལག་པ་འཆང་བ་ནས་འོ་སྦྱོར་བ། རེག་བྱ་ནས་མཉམ་དུ་ཉལ་བ། བུད་མེད་རིགས་ཀྱི་མཛའ་བརྩེ་ནི་རྒྱུན་རིང་ཞིང་གྱ་གྱུར་ལྡན་པ་ཞིག་ཡིན་པ་ཤེས་ཡོད། འོ་ན་གོ་རིམ་གང་འདྲའི་ནང་ངོ་བོ་དེ་གཏན་འབེབས་བྱས་སམ་ཅེ་ན། ངས་བསམ་པར་གལ་ཏེ་ངས་མོ་དང་མོ་དབར་གྱི་འབྲེལ་བའི་སྐོར་གྱི་རྣམ་འགྱུར་དང་བརྩེ་ཚོར་ཟབ་པའི་དུང་བ་དེ་དག་འབྲི་བཀོད་ཐུབ་ཚེ། དེའང་རྒྱ་ནག་རྩོམ་རིག་ནང་ཁ་གསལ་གཏིང་གསལ་མིན་པའི་འཆར་ཡན་གྱི་སྲོལ་རྒྱུན་དང་མཐུན་ཆེ་བ་ཡོད་སྲིད།

ང་ནི་རྩོམ་ཡིག་དྭངས་གཙང་དང་ཁ་གསལ་གཏིང་གསལ་མིན་པ་ཞིག་དགོས་སྐོར་ངོས་བཟུང་མཁྲིགས་པོ་ཡོད་མཁན་ཡིན། བུད་མེད་གཉིས་ཕན་ཚུན་དམ་དུ་འཐམ་ཞིང་ཕན་ཚུན་ཁྱུར་མིད་བཏང་། ཀྲཱོ་ཅིང་ཐུས་དལ་ལྷོད་ཀྱིས་སྣེ་ཤེན་དེ་ནི་དལ་བབས་ཀྱི་རྒྱུག་ཆུ་ཞིག་དང་མཚུངས། ཀྲཱང་ཧེ་ཡུའི་ལུས་ཡོངས་འདར་ཞིང་རྒྱུག་ཆུ་ནང་ལྷུང་ནས་སྐམ་སའི་ཆུ་ཁར་འཁྱིལ་བ་དང་འདྲ། ནུ་མར་རེག་པའི་དབང་གིས་དམར་པོར་གྱུར། བརླ་ཤའི་དབར་རེག་བྱའི་དབང་གིས་བརླན། བརྩེ་ཚོར་ཟབ་པའི་མཆུ་སྒྲོས་ཤུགས་ཀྱིས་སྦྱོར་བའི་བར་གསེང་ཙམ་དུ་ཀྲཱང་ཡུའུ་ཧེས་ཁ་ཆེན་པོ་གདངས་ནས་དབུགས་རིང་གཏོང་བ་དེས་སོ་སོའི་ཁྲག་རྩ་རྒྱས་བཞིན་པའི་སྒྲའང་ཐོས་བཞིན་ཡོད། གོང་གསལ་དེ་ནི་ངས་རུས་མིང་ཀྲཱིན་ཟེར་བའི་བུ་མོ། ཞེས་པའི་ནང་མོ་དང་མོ་དབར་མཁྲིག་སྦྱོར་བྱེད་བཞིན་པའི་སྐབས་ཀྱི་དུམ་མཚམས་ཁོ་ན་དེ་རེད། དོན་དངོས་ཐོག་དེའང་ཅུང་རབ་རུབ་མི་གསལ་ཞིང་ཚོར་ཤུགས་སྟེར་མི་ཐུབ་པ་ཞིག་རེད། ངས་ཕྱིར་མི་མངོན་པའི་རྣམ་འགྱུར་དེ་དག་གིས་ཀློག་པ་པོའི་བློ་སྒོ་ཕྱེ་བའི་རེ་བ་བཅངས། སྟོང་བསམ་དེ་འདྲ་ཞིག་ཡོད་ན་དེ་ནས་མོ་དང་མོའི་དབར་གཉིས་སྦྱོར་གྱི་བརྩེ་ཚོར་གྱི་རྣམ་འགྱུར་ཤེས་ཐུབ་ལ། དེ་བས་ཕུན་སུམ་ཚོགས་པའི་རྣམ་པ་ཞིག་ཚོད་དཔག་བྱ་ཐུབ། ཀྲཱང་ཨེ་ལིང་གིས་གཏམ་འཆལ། ཞེས་པའི་ནང་ལའང་། མཚན་མོ་ཞིག་གི་ཟླ་འོད་འོག ང་དང་སློབ་གྲོགས་ཅིག་ཉལ་ཁང་གི་སྐས་འཛེགས་ཐོག་འགྲོ་བཞིན་ཡོད། ང་ལོ་བཅུ་གཉིས་དང་། མོ་རང་ང་ལས་ལོ་འགའ་ཆེ་བ་ཡོད། མོ་རང་གིས་ང་དང་ཁྱོད་ཕན་ཚུན་དབར་ཧ་ཅང་ཡག་པོ་ཡོད། འོན་ཀྱང་ཁྱོད་རང་ང་ལ་ལྟ་ཚུལ་གང་འདྲ་ཡོད། ཅེས་དྲིས་བྱུང་། ཟླ་བ་ཤར་ཡོད་པའི་རྐྱེན་དང་། ང་རང་སྐྱེས་ནས་བརྩམས་སྒྲུང་འབྲི་མཁན་ཞིག་ཡིན་པའི་དབང་གིས། ངས་སྐད་མགོ་དམའ་མོས་ངའང་དེ་འདྲ་ཡིན། ངའི་ཨ་མ་ལགས་ཕུད། ཁྱོད་རང་ཡིན། ཞེས་ནན་ཏན་གྱིས་བཤད་པ་ཡིན། མོ་རང་སྐབས་དེར་སེམས་འགུལ་ཤུགས་ཆེན་ཐེབས་ཅིང་ངའང་སོ་སོས་རང་ལ་སེམས་འགུལ་ཐེབས་བཅུག་སོང་། འོན་ཀྱང་གོང་གསལ་གྱི་འབྲི་བཀོད་དེར་ཐཱའེ་ཝན་གྱི་མཁས་པ་ཀྲཱང་ཞོ་ཧུང་གིས་དུམ་མཚམས་དེ་ནི་ཐོག་མཐའ་བར་གསུམ་དུ་ཀློག་མི་ཤེས་པ་ཞིག་དང་། དེར་ཆེས་མཛེས་སྡུག་ལྡན་པའི་མཚོན་མདོག་ཅིག་མངོན་འདུག ད་དུང་མོ་དང་མོའི་དབར་ལའང་བརྩེ་དུང་གི་ལུགས་ལྟར་གྱི་ཚོར་བ་ཞིག་ཡོད་པར་ངོས་འཛིན་བྱས། དེར་ལོ་ཆུང་དུས་ནས་རྒས་པའི་བར་ཁྱོད་དང་མཉམ་གནས་ཡོང་བའི་བསམ་བློ་ཞིག་གིས་ཁེངས་འདུག ཅེས་དང་། ང་ནི་འབྲི་སྟངས་སྙན་ངག་གི་བྲོ་བ་ཅུང་ཡོད་པའི་འབྲི་བཀོད་འདི་འདྲར་དགའ་པོ་ཡོད་ཅེས་བཤད་ཡོད་པ་རེད།

ལེའུ་ཅུའུ་ནི་འབྲི་བཀོད་མང་ཙམ་བྱས་པའི་མི་སྣ་ཞིག་རེད། མོ་རང་མི་སྣ་ཅི་འདྲ་ཞིག་ཡིན་ནམ། མོ་ནི་སྐྱེས་པའི་བླ་སྲོག་མོའི་ལུས་ཐོག་བསྡམ་ཞིང་། ཕོ་མོ་གཉིས་ཀྱི་གཟུགས་བརྙན་གཅིག་གྱུར་ཞིག་ཡིན་པ་དེ་ངའི་མོ་ལ་སྤྱི་བསྡོམས་བྱས་པ་དང་། དེའང་ང་མོ་རང་ལ་སེམས་པ་ཤོར་བའི་ཕྱོགས་ཀྱང་ཡིན། ལེའུ་ཅུའུ་ཡིས་ཀྲཱིན་ཁེ་ཡོན་གྱི་བཀའ་དྲིན་ཅན་ཞིག་ཡིན་ལ། རུས་མིང་ཅཱིང་ལའང་བརྩེ་བ་ཡོད་ཅིང་། ཀྲཱིན་ཅིང་ཐུ་ལའང་བཀའ་དྲིན་དང་བརྩེ་བ་གཉིས་ཀ་ཡོད་མཁན་ཞིག་རེད། མི་གཞན་བཙོང་ཞིང་བརྩེ་བར་ངོ་ལོག་པ་དེ་ནི་རྒྱུན་གཏན་གྱི་ཟས་ཟ་སྟངས་ལྟ་བུ་སྤྱི་ཚོགས་སུ་ཧ་ཅང་མང་བའི་གནས་ཚུལ་ཞིག་གི་ནང་། ལེའུ་ཅུའུ་ནི་འཛམ་གླིང་གཞན་ཞིག་ནས་སླེབས་པའི་སྐུ་མགྲོན་ལྟ་བུ་ཞིག་ཡིན། ངས་མོའི་གཟུགས་པོར་དད་འདུན་དང་བརྩེ་བ་བཅངས་ཡོད། མོ་ནི་རྩ་བའི་བཟོ་དབྱིབས་ཡོད་པའི་མི་སྣ་ཞིག་རེད། འཚོ་བའི་ནང་གི་ལེའུ་ཅུའུ་ནི་ཐབ་ཚང་ནས་བཏུབ་གྲི་འཕྱར་ནས་མོའི་བརྩེ་དུང་གི་དགྲ་བོ་དེ་རྗེས་འདེད་བྱེད་མཁན་ཞིག་རེད། ཕྱོགས་བཞིར་ལྟས་ན་ད་ལྟའི་ཆར་ཤེས་ལྡན་མི་སྣ་མང་བའི་དུས་ཡིན་རུང་བརྩེ་ཚོར་ཟབ་པའི་མི་སྣ་མཐོང་དཀོན་ལ། དེ་བས་མི་སྣ་འདི་འདྲས་རང་སྲོག་བློས་གཏོང་བའི་བྱ་བའང་ཧ་ཅང་མཐོང་དཀོན་པོ་ཆགས་ཡོད། རུས་མིང་ཀྲཱིན་གྱི་བུ་མོ། ཞེས་པའི་མཇུག་ཏུ། ངས་དྲི་བ་འདི་འདྲ་ཞིག་བཀོད་ཡོད་དེ། བཙོན་ཁང་ནས་ཕྱིར་ལོག་པའི་ཀྲཱིན་ཅིང་ཐུ་ཡིས་བསམ་ཡུལ་ལས་འདས་པའི་སྒོ་ནས་ཨ་མའི་རུས་རྐང་ཨ་ཕའི་ཟུར་དུ་སྦས་པར་མཐོང་བ་དེ་ཡིན། བྱ་བ་དེ་སུའི་སྤེལ་བ་ཡིན་ནམ། དོན་དངོས་ཐོག་ངའི་སེམས་ནང་ལན་ཞིག་ཡོད། དེ་ནི་ལེའུ་ཅུང་ཤི་མེད་པ་དང་། མོ་རང་གིས་རུས་མིང་ཅཱིང་སྦས་རོགས་བྱས་པ་དེ་རེད། རྒས་ཅིང་འཁོག་པའི་མོ་རང་དཔའ་ངར་ཆེན་པོས་གསོན་པོར་བསྡད་ཅིང་ཀྲཱིན་ཅིང་བཙོན་ཁང་ནས་དུས་གཙང་ཕྱིར་ལོག་པར་རེ་སྒུག་བྱེད་བཞིན་ཡོད།

ཀྲཱིན་ཅིང་ཐུ་མཚན་མཐུན་དགའ་རོགས་སྒྲིག་མཁན་ཞིག་ཏུ་གྱུར་པ་དེ་ཐོག་མའི་དུས་ནས་བྱུང་བ་ཡིན་ན། ཡང་ན་རྗེས་སུ་འགྱུར་ལྡོག་བྱུང་བས་ཡིན། དེ་ནི་ཧ་ལམ་གསལ་པོ་འགྲེལ་བརྗོད་མི་ཐུབ་པའི་གནས་ཚུལ་ཞིག་རེད། སྒེར་གྱི་བརྩེ་ཚོར་ཡོངས་རྫོགས་བཀག་སྡོམ་བྱེད་པའི་ཁོར་ཡུག་ནང་མོ་རང་སྒེར་གྱི་བརྩེ་བའི་ཐོག་ལུགས་མཐུན་གྱི་དགོས་མཁོ་ཞིག་གསོག་ཉར་བྱས་ཡོད་ལ། མི་དང་མིའི་དབར་བརྩེ་བ་བཅངས་ཤེས་པ་དང་ཉམས་མྱོང་ཡང་ཡོད་མཁན་ཞིག་རེད། མོ་རང་མཛེས་མ་ཞིག་མ་རེད། འོན་ཀྱང་ཡིད་དབང་འཕྲོག་པ་ཞིག་རེད། དེའང་མོ་རང་གིས་འཇོན་པའི་བྱ་བ་ཞིག་ཡིན་པར་བརྟེན། ཀྲཱང་ཡུ་ཧེ་ཐོག་མར་རྩྭ་འཐུ་བར་འགྲོ་སྐབས་མིག་ནང་མཆི་མ་ལྷུང་བའི་སྐབས་སུ་ཀྲཱིན་ཅིང་ཐུ་ཡིས་གནམ་ནས་ངར་གྲི་གཡུགས་ཡོང་བ་རེད། ཀྲཱང་ཡུ་ཧེ་ཐོག་མར་རྫོང་གྲོང་རྡལ་དུ་འབྱོར་ནས་རྒྱ་མཚོའི་ནང་གི་ཟས་མང་དག་ཟོས་ཏེ་གྲོད་པ་བགྲང་པའི་སྐབས་སུ་ཀྲཱིན་ཅིང་ཐུ་མཚན་ཕྱེད་མོའི་ཉལ་ཁྲིར་འཛེགས་ཏེ་མཛུབ་མོ་བཅུའི་འཇོན་ནུས་ཡོངས་རྫོགས་བཏོན་ཡོད་པ་རེད། ཀྲཱང་ཡུ་ཧེ་ལས་ཀ་བྱེད་སར་གཞན་གྱིས་གྱོན་གོས་ཕུད་དེ་ཉེས་རྡུང་བཏང་སྐབས་ཀྲཱིན་ཅིང་ཐུ་ཡིས་མོ་རང་བཀག་ཉར་ཁང་དུ་ཕྱིར་ལོག་བཅུག་པ་རེད། གནས་ཚུལ་དེ་དག་ཚང་མ་བྱུང་ཚར་ཡོད། ཀྲཱང་ཡུ་ཧེ་གློ་བུར་དུ་ཤི་རྒྱུར་ཁ་གཏད་དགོས་དུས་མོ་རང་ཡིད་ཐང་ཡོངས་སུ་ཆད་དེ་ཀྲཱིན་ཅིང་ཐུའི་གྲང་ཁར་འཐམ་ཞིང་ཕན་ཚུན་ཁ་སྦྱར་ཞིང་རེག་པ་དེ་ནི་ལུགས་དང་མཐུན་པ་ཞིག་གྱུར་ཡོད། རྩོམ་ཡིག་བྲིས་ཚར་རྗེས་ངས་མ་རྩོམ་ཐཱེའེ་ཝན་ལ་ཡོད་པའི་རྩོམ་སྒྲིག་པ་ཚད་ལྡན་ཞིག་ལ་མིག་བཏོན་བྱས། ཁོས་འཕྲིན་ཡིག་ནང་དེ་ནི་མཚན་མཐུན་དགའ་རོགས་མི་སྣ་གྱུར་བའི་ཀྲཱང་ཡུ་ཧེ་དང་ཀྲཱིན་ཅིང་ཐུ་གཉིས་འཆམ་པ་མིན་པར་དེ་ནི་ཞོར་འཕྲོས་ལྟ་བུའམ་གློ་བུར་དུ་བྱུང་བའི་བྱ་བ་ཞིག་རེད། ཅེས་བྲིས་འདུག ང་ལ་འདིའི་སྐོར་ཧ་ཅང་བློ་ཕམ་བྱུང་། བརྩམས་སྒྲུང་འདི་གང་འདྲ་བྲིས་ཡོད་མེད་ཀྱི་གནད་དོན་མིན་པར་དེ་ནི་རྒྱ་ནག་སྐམ་ས་དང་ཐཱེའེ་ཝན་དབར་གྱི་ཁོར་ཡུག་མི་མཚུངས། གང་ཡིན་ཟེར་ན་སོ་སོའི་སྒེར་གྱི་མྱོང་བྱ་མི་འདྲ་བས་ཡིན། ཕན་ཚུན་གྱི་ཚོར་བ་དང་། ཚོར་འདུ་དང་ཐག་གཅོད་ནི་དེ་ལྟར་ལྡོག་ཕྱོགས་ཅིག་རེད། བཙོན་ཁང་དུ་ལོ་བཅུ་བསྡད་རྗེས་ངས་སོ་སོ་སླར་ཡང་ངོ་ཤེས་པ་གྱུར།

ངའི་བརྩེ་དུང་གི་འཇིག་རྟེན་ནང་ཕོ་མོའི་རྟགས་མཚན་གཞན་མེད་པའི་དབང་གིས་ཉོབས་སྣང་བྱུང་མེད། དེ་ལས་ལྡོག་སྟེ་བརྩེ་ཚོར་ཤུགས་ཆེ་རུ་སོང་འདུག སྔར་བས་བརྩེ་བར་དགོས་མཁོ་ཤུགས་ཆེར་དང་ཕ་རོལ་པོའི་བརྩེ་བ་ཤུགས་ཆེར་དགོས་མཁོར་སོང་ཡོད། དེ་མ་ཟད་ཕ་རོལ་པོ་ཕོ་མོ་གང་ཡིན་ལ་ཁྱད་མེད་ཡིན། བཙོན་ནང་བསྡད་པའི་མཐའ་མཇུག་གི་དུས་རིང་ནང་ངའི་རྨི་ལམ་ཡང་བཙོག་པ་ཟེར་བ་དེ་འདྲ་རེད། ཞོགས་པ་ཡར་ལངས་དུས་ང་རང་རྨི་ལམ་སྐྱུག་བྲོ་བ་དེ་འདྲ་རྨིས་པར་ངོ་ཚ་ཡོང་གི་འདུག དེ་རྗེས་ང་བཙོག་པ་ཟེར་བ་དེ་འདྲ་ཆགས་པ་རེད། གང་ཡིན་ཟེར་ན་ང་རང་མི་ཞིག་ཡིན། ཐེངས་གཅིག་སྐུ་ཞབས་དམ་པ་ཁྲཱིན་ཧྲི་མིན་གྱི་བརྩམས་ཆོས་འགྲེམ་སྟོན་མཛད་སྒོ་མ་འཚུགས་པའི་སྔོན་ཙམ་ལ་ང་དང་ཁྲཱིན་ཏན་ཆིང་གཉིས་ཚོགས་ཁང་ཕྱིར་ཁ་བརྡ་འདྲ་བྱས། དུས་དེར་བཙོན་ཁང་ནང་གི་རིགས་མཐུན་དགའ་རོགས་སྐོར་བཤད་པ་ཡིན། ངས་ལག་པ་འཆང་བ་དེ་ནི་ཧ་ཅང་ལུགས་མཐུན་གྱི་བྱ་འགུལ་ཞིག་རེད། ལག་པ་འཆང་ནས་མ་ན་བར་འཆང་བསྡད་ནའང་འགྲིག་པ་ཞིག་རེད། འོན་ཀྱང་བཙོན་ཁང་དུ་སླེབས་དུས་ཚོར་བ་དེ་འདྲར་རྩ་བའི་འགྱུར་ལྡོག་བྱུང་ཡོད་པ་རེད། གློ་བུར་དུ་མི་ཞིག་གི་མཛུབ་རྩེ་ཁྱོད་ལ་རེག་ཡོང་། ཕ་རོལ་པོ་བུད་མེད་ཅིག་ཡིན་ཡང་གནས་སྟངས་དེར་སོ་སོ་ཚོར་ཤུགས་ཆེ་བས་འདར་སིག་ཀྱང་རྒྱག་ཅིང་མཚན་གང་དེའི་སྐོར་བསམ་བློ་འཁོར་སྲིད། ཅེས་བཤད་པ་ཡིན། ཁོས་ངའི་སྐད་ཆ་དེ་དག་ཉན་རྗེས་མིག་གཉིས་ཆེན་པོ་ཅེར་ནས་དེ་བྲིས་ཤིག ཁྱོད་ཀྱིས་དེ་དག་འབྲི་དགོས་ཀྱི་འདུག ཅེས་བཤད་བྱུང་།

ད་ལྟའི་ཆར་ང་ཚོས་མཚན་མཐུན་དགའ་རོགས་སྒྲིག་པའི་གློག་བརྙན་དང་རིས་མོ། བརྩམས་སྒྲུང་བཅས་མཐོང་ཐུབ། འོན་ཀྱང་དོན་དངོས་ཀྱི་འཚོ་བའི་ནང་མི་མང་པོས་ད་དུང་ཡང་མཚན་མཐུན་དགའ་རོགས་ཀྱི་དོན་དངོས་འདི་ངོས་ལེན་བྱེད་ཐུབ་ཀྱི་མེད། ཁྱིམ་མི་ཚོས་གལ་ཏེ་སོ་སོའི་བུ་ནི་མཚན་མཐུན་དགའ་རོགས་ཅིག་ཡིན་པར་ཤེས་ཚོར་བྱུང་ཚེ་ལམ་སང་ཁོང་ཁྲོ་མེ་ལྟར་འབར་སྲིད། བསམ་བློའི་ནང་དེ་དག་ནི་མུན་ནག་གི་ཟུར་ཞིག་ཏུ་ཡིབ་བསྡད་པའི་མི་ཁྱུ་ཞིག་ཡིན་པར་འཆར་སྲིད། དེ་ནི་བཙོན་ཁང་ནང་ངང་པ་ཆ་འགྲིག་ཟེར་བ་དེ་ཚོས་ཀྲཱིན་ཅིང་ཐུ་དང་ཧཱང་ཅུན་ཧྲུ་ལ་མནར་གཅོད་བཏང་བ་དང་རྩ་བའི་ཆ་ནས་གཉིས་སུ་མེད། ང་ཚོས་དེའི་སྐོར་ཤེས་རྟོག་ཇི་ལྟར་བྱ་དགོས་སམ། འདིར་ངས་ལཱི་དབྱིངས་ཧེ་ཡིས་བཤད་མྱོང་བའི་སྐད་ཆ་དུམ་ཞིག་བེད་སྤྱོད་ཀྱི་ཡིན། དེ་ནི་གལ་ཏེ་འཚོ་བའི་ནང་འགྲེལ་བརྗོད་ཁྱོན་ནས་མི་ཤེས་པའི་གནས་སྟངས་ཡོད་ན། དེ་ནི་ང་ཚོས་ཤེས་རྟོག་མེད་པའི་དོན་དངོས་ཅིག་ཡིན་སྲིད་པ་རེད། དེ་བས་ཤེས་རྟོག་མེད་པ་དེའང་ང་ཚོས་དེ་དག་ཤེས་འདོད་མེད་པས་ཡིན། དཔེར་ན་ང་ཚོས་དེ་སྔོན་མཚན་མཐུན་དགའ་རོགས་ཡོད་པའི་སྐོར་ཤེས་རྟོག་མེད། དེ་ནི་ང་ཚོ་ནི་མཚན་རྟགས་མི་འདྲ་བའི་དབར་དགའ་རོགས་སྒྲིག་མཁན་ཡིན་པས་རེད། ང་ཚོ་ཞིང་པས་ངེས་པར་དུ་ཕྲུ་གུ་མང་པོ་སྐྱེ་དགོས་པའི་རྒྱུ་མཚན་ཤེས་ཀྱི་མེད། གང་ཡིན་ཟེར་ན་ང་ཚོ་ནི་གྲོང་ཁྱེར་གྱི་མི་ཡིན་པས་རེད། འགྲོ་བ་མིའི་རིགས་ཀྱི་ཤེས་རིག་དང་སྤྱི་ཚོགས་རིག་པའི་ནང་ང་ཚོར་གལ་ཏེ་ང་ཚོས་དངོས་གནས་ཤེས་འདོད་ཡོད་ན་ཤེས་ཐབས་ཡོད་པ་ཞིག་རེད། ཅེས་པ་དེ་ཡིན་ནོ།

ལཱི་དབྱིངས་ཧེའི་མཚན་མཐུན་དགའ་རོགས་ཀྱི་ཤེས་བྱ། ཞེས་པའི་ཤོག་གྲངས་༤༦༣ ནང་གསལ། ནང་སོག་སློབ་ཆེན་པར་ཁང་ནས་དཔར་སྐྲུན་བྱས།༽

༢༠༡༣ ལོའི་ཟླ་༣ པར་པེ་ཅིང་ཧྲཱོ་ཡུའུ་ཀྲཱེ་ལས་བྲིས།

རུས་མིང་ཀྲཱིན་གྱི་བུ་མོ། ཞེས་པའི་དེབ་ནས་འདེམས་བཀོད་བྱས།

དྲ་ཐག་འདིར་བསྣུན་ནས་གཟིགས་ཆོག འབྲེལ་ཐག


  གངས་དཀར་སེམས།
 

20.10.2014 08:33:01

ཀྲཱང་ཡི་དང་ཁོའི་ང་བཙོག་པ་ཆགས་སོང་།
ཞེས་པའི་བརྡ་དོན་གསལ་པོ་ཞིག་རྟོགས་ཀྱི་མི་འདུག གསལ་བཤད་ཐུབ་ན་ཡག་པོ་འདུག

 
 
21.10.2014 00:20:33

ཀྲཱང་ཡུའུ་ཧེ་དང་ཁོའི་ང་བཙོག་པ་ཆགས་སོང་ཟེར་བའི་རྩོམ་དེའི་སྐོར་ཞེས་གོ་དགོས་སྙམ།་འོན་ཀྱང་ངས་ཚིག་དེ་ལས་མ་རྙེད་སྟབས་དེ་འདྲར་བསྒྱུར་བ་ཡིན་ལགས། རྒྱ་ཡིག་མཁྱེན་ན་མ་ཡིག་ལ་གཅིག་གཟིགས་པར་འཚལ། 

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -