ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཁྲོ་གཏུམ།
མི་སྣོན་གྱི་རུ་མ།
29.09.2014 23:13:28

མི་སྣོན་གྱི་རུ་མ།
-- གྲོགས་ཤར་ཕྱོགས་པའི་བུ་ཆུང་ལ་བསྒྲོན་པའི་སེམས་ཀྱི་ཞབས་བཏགས།
གངས་རིའི་རི་ཕྲེང་གི་མཐོང་ལམ་དེར
ངག་གི་གླུ་དབྱངས་ཤིག
ལུས་ཀྱི་དུམ་བུ་ཞིག
སེམས་ཀྱི་ཐོག་ས་ཞིག
ཁྱོད་ཀྱི་ཡོད་ཚད་ལ་འཐིམས་པའི་ཁྲག་གི་རྒྱུན་ཏུ་འཁྲུངས

ཕ་རྒན་གྱིས་སྟག་གསོད་དུ་རྒྱ་རྫོང་ནག་ཏུ་སོང་ལ
འབྲོང་འཛིན་པར་རི་གསུམ་རྩེ་མོ་གཏུབ་མྱོང
ཤ་རུས་ཀྱི་རྫོང་མཐུག་པའི་ཚེ་སྲོག་ཆུང་ཆུང
ཤར་ཕྱོགས་པའི་ལྟ་བ་དང་འདོད་ཚུལ་ལ
རམ་འདེགས་ཤིག་གི་ང་རོ་དང
དབྱངས་འགྲོས་ཤིག་གི་ཟིལ་བའི་ཐིགས་པ་ཡོང
༢༠༡༤།༠༩།༢༨ལ།



བརྗོད་གཞིའི་རིགས་བཀར་བ།:


 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -