ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།
རེ་དྭོགས་ཀྱིས་སྟོང་བའི་གྲྭ་རྐྱང་།
27.09.2014 09:09:45

རེ་དྭོགས་ཀྱིས་སྟོང་བའི་གྲྭ་རྐྱང༌།
༡༽
ཡངས་པའི་ས་ཆེན་གོ་ལ་འདི་ཡི་ནང༌།།
འབྱོར་ལྡན་མི་ཡི་གསེར་གྱི་ཁང་པ་དང༌།།
རིས་མེད་མྱི་ལ་དངུལ་ཆར་འབབ་ན་ཡང༌།།
གྲྭ་རྐྱང་ང་རང་རེ་དྭོགས་གཉིས་ཀྱིས་སྟོང༌།།


༢༽
རང་རྒྱལ་གཞན་ཕམ་དུས་ཀྱི་ངང་ཚུལ་ལ།།
དབང་ཆེན་དཔོན་གྱིས་སྟོབས་ཤུཌ་འགྲན་པ་དང༌།།
རྒྱལ་ཁམས་མ་ལུས་དབང་དུ་བསྡུས་ན་ཡང༌།།
གྲྭ་རྐྱང་ང་རང་རེ་དྭོགས་གཉིས་ཀྱིས་སྟོང༌།།

༣༽
སྙན་གྲགས་ཕྱོཊ་བརྒྱ་བསིལ་རླུང་ལྡང་བའི་ཁྲོད།།
བསྔཊ་བརྗོད་ཚིག་སྙན་འཇམ་པའི་བསླུ་ཁྲིད་འོག།
དོན་མེད་སེམས་ཀྱི་རེ་བ་མང་ན་ཡང༌།།
གྲྭ་རྐྱང་ང་རང་རེ་དྭོགས་གཉིས་ཀྱིས་སྟོང༌།།

༤༽
འདོད་ཆགས་ཆུ་ལྟར་གཡོ་བའི་རྐང་གཉིས་ཁྲོད།།
ལས་འབྲས་བརྩི་འཇོག་དོར་བའི་འཐབ་རྭ་ན།།
ཡོད་ཚེ་རང་ལ་འཐོབ་པའི་སྟོང་སེམས་མང༌།།
གྲྭ་རྐྱང་ང་རང་རེ་དྭོགས་གཉིས་ཀྱིས་སྟོང༌།།

༥༽
ཞེ་སྡང་མེ་ལྕེ་འབར་བའི་དུར་ཁྲོད་ན།།
ཕ་རོལ་ངན་སེམས་ཁོག་ཏུ་དུད་རླུང་འཕྱུར།།
གཞན་ཕན་སེམས་པ་དཀོན་པའི་དུས་རབས་ན།།
གྲྭ་རྐྱང་ང་རང་རེ་དྭོགས་གཉིས་ཀྱིས་སྟོང༌།།

༦༽
ང་རྒྱལ་ཐོག་བརྩེགས་དགུ་ཡི་ཡང་རྩེ་ནས།།
བལྟོས་མེད་རང་ཚུགས་བརྟན་པའི་རྒོད་སྒྲའི་འོག།
རིགས་ངན་ཕྱོགས་དམན་འབྱེད་པའི་སྤྱིར་ཚོཊ་ན།།
གྲྭ་རྐྱང་ང་རང་རེ་དྭོགས་གཉིས་ཀྱིས་སྟོང༌།།

༧༽
ལས་འབྲས་རླུང་ལ་བསྐུར་བའི་རྐང་གཉིས་པ།།
གཞན་སྐྱོན་མ་ཎི་བགྲང་བའི་མི་ཚེ་ནང༌།།
སྐྱབས་གནས་དགྲ་ལ་བརྩི་བའི་སྙིགས་དུས་ན།།
གྲྭ་རྐྱང་ང་རང་རེ་དྭོགས་གཉིས་ཀྱིས་སྟོང༌།།

༨༽
འཇིག་རྟེན་ཁ་ལོ་བསྒྱུར་བའི་བརྡ་འཕྲིན་དུས།།
རྣམ་གཡེང་ཆོ་འཕྲུལ་བདུད་ཀྱི་བསླུ་ཁྲིད་འོག།
བག་མེད་ལོ་ཟླ་རྫོགས་པའི་དུས་ཚོད་ན།།
གྲྭ་རྐྱང་ང་རང་རེ་དྭོགས་གཉིས་ཀྱིས་སྟོང༌།།

༩༽
དཀར་ནག་བདེན་རྫུན་དཀའ་བའི་འཁོར་བ་ན།།
སྤྱི་སེམས་གཞན་ཕན་ཟེར་བའི་སྙན་ཚིག་འོག།
རང་དོན་ཁུར་དུ་བླངས་པའི་མི་བུ་མང༌།།
གྲྭ་རྐྱང་ང་རང་རེ་དྭོགས་གཉིས་ཀྱིས་སྟོང༌།།

༡༠༽
བདེ་སྐྱིད་འཇའ་རིས་བཀྲ་བའི་འཁོར་བ་ན།།
འདི་སྣང་བྱ་བཞག་གང་ལ་འཇུག་ན་ཡང༌།།
དུག་གསུམ་ཀུན་ཏུ་འཕེལ་ཞིང་གནས་འདི་ན།།
གྲྭ་རྐྱང་ང་རང་རེ་དྭོགས་གཉིས་ཀྱིས་སྟོང༌།།

གངས་རིན་ཆེན་གྱིས།



བརྗོད་གཞིའི་རིགས་བཀར་བ།: ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ། | རྡོག་རྩ་ཆིག་སྒྲིལ། | གངས་དཀར་སེམས།


 

29.09.2014 05:20:36

ངོ་མ་ཡག་པོ་རེད། ཉམས་ལེན་ཡོད་བཟོ་འདུག
ལན།
 
29.09.2014 07:47:29

ག་བ་ག་བ་་་བསམ་ཚུལ་ཙམ་ཡིན།
ལན།
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -