ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

25.09.2014 01:14:36
གངས་དཀར་སེམས།

གུས་མོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བརྒྱད་པར་རྒྱ་དཔོན་ཞཱིས་ཅིང་ཧྥིང་དང་འབྲེལ་བཤད་པའི་སྐད་ཆ་དུམ་ཞིག
དཔལ་ལྡན་ཚོགས་གཙོ་མཆོག རྒྱ་ནག་གི་གཙོ་འཛིན་ཞཱིས་ཅིང་ཧྥིང་ཚེས་བཅོ་བརྒྱད་བཅུ་དགུ་ཉིན་གཉིས་རིང་རྒྱ་གར་དུ་སླེབས་ཀྱི་ཡོད་པའི་གསར་འགྱུར་གང་སར་འཁོད་བསྡད་བཞག ད་ལྟ་དེ་ཞཱིས་ཅིང་ཧྥིང་གིས་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཤུགས་ཆེན་པོ་ཞིག་བྱེད་ཀྱི་ཡིན་ཟེར་ནས་དེ་ད་ལྟ་འགྲོ་བཞིན་འདུག དེ་འགྲོ་དུས་སྐབས་ལ་ད་ལྟ་གོང་ནས་སྤྱི་འཐུས་ཕྱག་སྦྲེལ་གྱི་གསུང་པ་ནང་བཞིན་བྱེད་ནས་མང་པོ་ཞིག་ཡོད་པ་རེད།


ཡོད་པ་ནང་ནས་ད་ལྟའི་ཆ་ལ་སྐད་གྲགས་ཆེ་ཤོས་དེ་ཀྲུའུ་ཡོང་ཁང་ཆགས་ནས། ཀྲུའུ་ཡོང་ཁང་ལྟ་བུར་མཚོན་པ་ཡིན་ན་གསར་ལམ་ཁག་ནས་ཕྱོགས་བསྡུས་བྱས་པ་ཞིག་ལ་བལྟས་པ་ཡིན་ན་ཀྲུའུ་ཡོང་ཁང་ཟེར་བ་ཁོས་ག་རེ་བྱས་འདུག་ཟེར་ནས་ཁོའི་རྒྱབ་ལྗོངས་གང་འདྲ་བྱེད་འདུག་ཟེར་ནས་ང་ཚོས་རོབ་ཙམ་ཤེས་ཡ་ཆེད་དུ་ལ། ཁོའི་རྒྱུ་ནོར་མ་རྩ་སྐོར་ཕྱོགས་བསྒྲིགས་བྱས་པ་ཞིག་ལ་གཟིགས་པ་ཡིན་ན། སྡོད་ཁང་ཆ་འགྲིག༼ཆ་འགྲིག་ཟེར་དུས་དེའི་ནང་གསང་སྤྱོད་འཁྲུས་ཁང་ཡོད་པ་དེ་འདྲ་ལ་ལབ་ཀྱི་ཡོད་རེད།༽༣༨༩། གསེར་དངུལ་རྒྱ་མ་༤༢༤༥༠། རྒྱ་སྒོར་དུང་ཕྱུར་༡༥དང་བྱེ་བ་༨། སྒེར་གྱི་རླངས་འཁོར་སྤུས་ལེགས་དེ་འདྲ་༼སྤུས་ལེགས་ཟེར་དུས་རྟགས་ཅན་ཡོད་པ་དེ་འདྲ་ལ་གོ་དགོས་ཀྱི་རེད།༽༩༥། རྒྱ་སྒོར་དུང་ཕྱུར་༥༠ ཡི་རིན་ཚད་ལྡན་པའི་གྲགས་ཅན་གྱི་སྡེབ་རིས་གྲངས་དེ་འདྲ་༨༣། གྲགས་ཅན་གྱི་ལཱན་ཁྲུང་༼ད་ལྟ་ང་ཚོས་ལཱན་ཁྲུང་ལབ་ཀྱི་ཡོད་པའི་ཐུང་མདའ་དེ་འདྲ༽༩། མདེའུ་གྲངས་ས་ཡ་༡། དངུལ་ཁང་ནང་དངུལ་བཅོལ་ཡུལ་ཁག་མི་འདྲ་བ་༡༤༦༠ལ་བསྡོམས་རྒྱ་སྒོར་དུང་ཕྱུར་༩༦༥། གཞན་གསང་བའི་དདངུལ་འཛིན་ནང་ལོག་ལ་རྒྱ་སྒོར་དུང་ཕྱུར་༨༦༣། དེ་འདྲ་ཡོད་འདུག འདི་ཕྱོགས་ཅིག་གི་བཤད་སྲོལ་རེད།

དེ་འདྲ་བྱས་དུས་ལྐོག་ཟ་རུས་སུངས་དེ་ཚོས་རྒྱ་ནག་མི་མང་གིས་ཁྲག་རྣག་ཆུ་སེར་སྒེར་ཟོས་བྱས་པ་དེར་རྡུང་རྡེག་བྱས་པ་དེ་འགྲིག་གི་མི་འདུག་ཟེར་བ་རྩ་བ་ནས་ལབ་ཤེས་ཀྱི་མི་འདུག དེ་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡག་པོ་བྱུང་བཞག འདི་དང་འདི་ནང་བཞིན་རྒྱ་བོད་མི་རིགས་གཙོ་བྱས་པའི་གྲངས་ཉུང་མི་རིགས་ ༥༦ གི་ཁྲག་རྣག་ཆུ་སེར་ཚང་མ་ཡར་འཇིབ་ནས་སྒེར་ཟ་བྱས་པ་དེ་གཏོར་པ་དེ་ཡག་པོ་བྱུང་བཞག འོ་དེ་ཞུ་ཡ་གཅིག་ཡིན།

སྤྱི་བཏང་ཆ་ནས་ང་ཚོས་བཤད་ཀྱི་ཡོད་རེད། རྒྱ་དོགས་པས་ཕུང་བོད་རེ་བས་ཕུང་ཟེར་ནས་བཤད་ཀྱི་ཡོད་རེད། དེའི་ཞོར་ལ་ཡང་ག་རེ་ཡོད་རེད་ཟེར་ན་རེ་བ་ཡག་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས་ཟེར་བའི་བཤད་སྲོལ་ཞིག་ཀྱང་ཡོད་རེད།

ང་རང་གིས་མཐོང་སྣང་བྱས་པ་ཡིན་ན། ཞཱིས་ཅིང་ཧྥིང་དེ་སྔོན་གཙོ་འཛིན་གཞན་དེ་ཚོ་དང་མ་འདྲ་བ་ཅིག་ག་རེ་བྱུང་པ་རེད་ཟེར་ན་ཁོ་རང་གིས་གསར་ལམ་ཁག་ཡིན་ན་འདྲ། གོ་སྐབས་ནམ་བྱུང་ལ་ཕྱིར་གསར་ལམ་ཁག་ཏུ་འབུར་དུ་ཐོན་ནས་༸རྒྱལ་བ་རིན་པོ་ཆེར་མཚན་དམན་དང་ཁ་རྡུང་དེ་འདྲ་ཞུ་ཡ་ཧ་ལས་ཧོན་ཐོར་བ་དེ་འདྲ་ངས་མཐོང་མ་སོང་། གཅིག་བྱས་ན་ཁོས་རྒྱ་ནག་ནང་ཆེས་དགོས་མཁོ་ཅན་གྱི་མི་ཆོས་རིང་ལུགས་ཀྱི་ལྟ་སྒྲུབ་ཅིག་ཡོད་པ་དེ་མཐོང་བཞག་པའང་ཡིན་སྲིད་ཀྱི་རེད། དེར་མཐོང་བཞག་པའི་རེ་བ་ཡོད་ཟེར་ནས་ཞུ་ཡ་ཡིན།

ད་དུང་གཅིག་ག་རེ་ཡོད་རེད་ཟེར་ན། ཚང་མས་ཤེས་གསལ་རེད། རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་དེ་ང་ཚོས་འབོད་པའི་དུང་ཕྱུར་བཅུ་གསུམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ད་ལྟའི་ཆ་ལ་ནུབ་ཕྱོགས་རྒྱལ་ཁབ་ཨཱ་རི་དང་ཨིན་ཇི་གཙོས་པའི་དེ་འདྲ་དང་། ཡོ་རོབ་དང་དེ་ཚོ་ཚང་མ་ཡིས་ཀྱང་སྟབས་བསྟུན་མཁས་པོ། འཛེམས་ཟོན་བྱེད་དགོས་ཡ། དཔལ་འབྱོར་གྱིས་འཛམ་གླིང་ཨང་གཉིས་པ་བཟོ་འདྲ་ཞིག་ག་རེ་ཡིན་ནའང་སྟོབས་ཤུགས་ཆེན་པོ་ཡི་རྒྱལ་ཁབ་ཅིག་ཆགས་བསྡད་འདུག དེ་བྱེད་དུས་ང་ཚོའི་མིའི་རིགས་ལ། ད་དངོས་འབྲེལ་ཤར་ཨེ་ཤི་ཡ་གླིང་ལ་ཡག་པོ་བྱེད་མི་བྱེད་ཟེར་ཡ་དེ་ལ་ཁོ་རང་ལ་རག་ལུས་ཀྱི་འདུག

དེ་བྱེད་དུས་ང་ཚོའི་འགྲོ་བ་མིའི་རིགས་སྤྱི་ལ་དགོས་མཁོ་ཡོད་པའི་བདེ་སྐྱིད་ཀྱི་འཚོ་བའི་ཁོར་ཡུག་ཅིག་མེད་སོང་ན་དེ་ནས་རྒྱ་ནག་དངོས་གནས་མིག་དཔེ་ཟོལ་འདྲ་ཞིག་ཁོས་གཡས་ཕྱོགས་གཡོན་འཐེན་ག་རེ་བྱས་ཀྱང་། ཨཱ་རི་རྒྱལ་ཁབ་ཀྱིས་ག་རེ་བྱས་བྱས་རེད་ཟེར་བ་ནང་བཞིན་ད་རྒྱ་ནག་ཀྱང་གལ་ཆེ་བ་ཧོན་འཐོར་བ་དེ་འདྲ་ཆགས་འགྲོ་ཡི་འདུག

ད་ལྟ་གལ་ཆེ་བ་ནི་རྒྱ་ནག་དེ་མི་མང་རྣམས་ལ་ལུགས་མཐུན་བསྐྲུན་ཐུབ་མཁན་གྱི་རྒྱལ་ཁབ་ཅིག་མ་ཆགས་པ་ཡིན་ན། དངོས་གནས་ཕྱི་རྫིག་ནང་རུལ་ཅན་གྱི་རྒྱལ་ཁབ་ཅིག་ཆགས་པ་ཡིན་ན་དངོས་གནས་མང་པོ་ཞིག་ལ་གནོད་སྐྱོན་བྱེད་ཀྱི་འདུག དེའི་ཆ་ལ་སྙིང་པོ་ག་རེ་འདུག

༼ཚོགས་གཙོས་སྐར་མ་གཅིག ད་སྐར་མ་གཅིག་གསུང་།༽ད་མཇུག་དེ་ལ་བསམ་པའི་དཔལ་ཡོན་དེ་གལ་ཆེན་རང་བཞིན་དུ་ངོས་འཛིན་བྱེད་དགོས་ན་བོད་ཀྱི་ནང་ཆོས་དེ་དེའི་ནང་ལོག་གི་གལ་ཆེན་དོན་ཆེན་ཞིག་ཆགས་བསྡད་ཡོད་རེད། སྤྱིའི་ཆ་ལ་ང་ཚོས་གོ་ཐོས་བྱས་པ་ཡིན་ན་ཞཱིས་ཅིང་ཧྥིང་གིས་ནང་ཆོས་དང་ཆོས་ལུགས་ལའང་བརྩི་སྲུང་བྱེད་ཀྱི་ཡིན་སྐོར་གྱི་སྐད་ཆའང་ཟུར་ཙམ་ཞིག་བཤད་ཡོད་རེད། དེ་ལ་ང་ཚོས་བརྒྱ་ཆ་བརྒྱ་གདེང་འཇོག་བྱ་ཐུབ་ཀྱི་ཡོད་མ་རེད་དེ། ཁོ་རང་གིས་བོད་པའི་ཆོས་དང་རིག་གཞུང་ལ་བདག་གཅེས་བྱ་རྒྱུ་འགོ་བརྩམས་རོགས་བྱོས།

མཐའ་མཇུག་མཇུག་བསྡོམས་ལ་ག་རེ་ཞུ་གི་ཡིན། རེ་བ་དེ་ང་ཚོའི་བོད་པ་ཟེར་བ་འདི་ག་རེ་ཟེར་དགོས་རེད་སེམས་ནང་ལ་གང་ཡོད་པ་དེ། ཁོ་རང་གིས་མ་འོངས་པར་གོ་སྐབས་དང་སྐལ་བ་བཟང་པོ་འདི་བཟུང་ནས་ག་རེ་བྱེད་ཡ་ཡོད་རེད་ཟེར་ན། ༸རྒྱལ་བ་རིན་པོ་ཆེས་སྔ་ཕྱི་བར་གསུམ་དུ་མང་པོ་གསུངས་ཡོད་རེད། རེད་པ། རི་བོ་རྩེ་ལྔ་ལ་ནང་པ་ཡིན་པའི་ངོས་ནས། ནང་པའི་དབུ་འཁྲིད་ཡིན་པའི་ངོས་ནས། ང་ཚོའི་བླ་མ་ཡིན་པའི་ངོས་ནས་རི་བོ་རྩེ་ལྔར་གནས་གཟིགས་ཅིག་ཕེབས་ཐུབ་ན་ཟེར་ནས་གསུངས་ཡོད་རེད།

ད་རེ་བ་ལ་ག་རེ་ཞུ་ཡ་ཡིན་ཟེར་ན་ཁྱོད་རང་གིས་འདི་གོ་སྐབས་དང་སྐལ་བ་བཟང་པོ་ཡིན་བསམ་པའི་བསམ་བློ་བཏང་ནས་༸རྒྱལ་བ་རིན་པོ་ཆེ་རི་བོ་རྩེ་ལྔར་གནས་གཟིགས་ཅིག་ཡོང་ཐུབ་ཡ་གནང་རོགས་བྱོས། དེའང་ཁྱོད་རང་གི་མི་ཚེའི་ནང་སྐལ་བ་བཟང་པོ་ཡིན་བསམ་པ་བྱ་རོགས་བྱོས། དེ་ག་ཡིན།


  གངས་དཀར་སེམས།
 

25.09.2014 03:24:51

ངའི་གང་བཤད་པའི་སྐད་ཆ་སྒྲ་ཐོག་ནས་ཐད་ཀར་ཕབ་པ་ཞིག་ཡིན།་

 
 
25.09.2014 12:51:20

གངས་ལྷ་ལགས་ཀྱི་་གནས་ཚུལ་ཞིབ་ཚག་བཀོད་འདུག་པས་བཀའ་དྲིན་ཆེན།

 
 
26.09.2014 08:12:04

གངས་རིན་ཆེན་ལགས། དེང་སང་བདེ་པོ་ཡིན་ལེ། 

 
 
27.09.2014 11:16:46

བདེ་ཐང་ཡིན་ངང་་་རང་དགོས་སློབ་གཉེར་ལ་རྩོན་གྱི་ཡོད་་་སྐུ་ཉིད་ཀྱང་ལས་དོན་ལ་ཧུ་བརྩོན་གནང་རོགས།

 
 
05.10.2014 11:34:41

མཚུངས་མེད་རྩོམ་པ་པོ་རྣམ་པ་གཉིས་ནས་བཀའ་མོལ་སྙན་པོ་དེ་འདྲ་གནང་གི་འདུག སྐུ་ཁམས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོད་པའི་སྨོན་འདུན་ཞུ།

 
 
17.10.2014 01:12:13

༄༅། །ནམ་ཡང་མི་འགྱུར་བརྟན་པོ་གནས་པའི་མཚུངས་མེད་རྩོམ་པ་པོ་རྣམ་པ་དང་རྩོམ་སྒྲིག་པ་རྣམ་པས་ཤམ་བྷ་ལའི་ཕོ་ཉ་འདི་ཉིད་བོད་ཀྱི་ཆོས་རིག་དང་སྐད་ཡིག་གིས་ཕྱུག་པའི་བོད་ཡིག་དྲ་ཚིགས་འདི་འདྲ་ཞིག་བཟོས་གནང་བར་སྙིང་ཐག་པ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་ཆབས་གཅིག་ལས་དོན་མཐའ་དག་འབད་མེད་ལྷུན་འགྲུབ་ཡོང་བའི་སྨོན་ལམ་ཞུ།། །།

 
 
27.10.2014 21:59:17

གངས་རིན་ཆེན། གངས་ཅན་གྱི་བདག་པོ་གཅིག་འདྲ་སོང་། སློབ་གཉེར་ཅི་ཞིག་ལ་བརྩོན་བཞིན་ཡོད། ཐུགས་རྗེ་ཆེ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -