ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

27.08.2014 05:29:50
གངས་དཀར་སེམས།

ངའི་དད་པ་ལ་གཡོ་འགུལ་ཐེབས་དགོས་པའི་རྒྱུ་མཚན།
རྩོམ་པ་པོ། ཡཱང་ཕེའེ་ཁྲང༌།༼ 杨佩昌༽
ང་དེ་སྔོན་དམར་ཤོག་གི་ཁོངས་མི་ཡིན། རྒྱལ་ཁབ་ཀྱི་གསང་བའི་ལས་དོན་ཐོག་འཐབ་རྩོད་ཀྱང་བྱས་མྱོང༌། དེ་རྗེས་ང་ཕྱི་རྒྱལ་དུ་རྒྱུན་རིང་སློབ་སྦྱོང་དང་འཚོ་བ་བསྐྱེད་པའི་གོ་སྐབས་བྱུང༌། མི་མཚུངས་པ་ཞིག་སྟེ་བདག་་ནི་རྒྱ་ནག་གི་དབུལ་ཕོངས་ས་ཁུལ་ནས་ཡིན་པ་མ་ཟད། ཕ་མ་སོགས་ཀྱང་ཡིག་རྨོངས་རེད། སྐབས་དེར་ཕྱི་རྒྱལ་དུ་འགྲོ་དགོས་པ་ནི་འཇཱའ་མན་ནི་རྒྱལ་ཁབ་ཀྱི་ཤེས་རིག་དང༌། དོ་དམ་དང་ལག་ཤེས་སྦྱོང་རྒྱུའི་བསམ་བློ་སྟབས་བདེ་དེ་འདྲ་ཡིན།

སྦྱངས་པའི་ཡོན་ཏན་དོན་ལ་སྤྱོད་དགོས་ཅེས་པའི་དཔེ་ལྟར། སློབ་སྦྱོང་ཚར་སོང་ན་ཕྱིར་མེས་རྒྱལ་ལ་ཞབས་འདེབས་ཞུ་དགོས་བསམ་ཡོད། འཇཱའ་མན་ནིར་སླེབས་དུས་ང་ནི་ཁོང་ཁྲོ་ཧ་ཅང་ཆེ་བའི་མི་ཞིག་ཡིན། འབུམ་རམས་པ་ཧྲཱི་རྨི་ཐེའི་སློབ་ཚན་ཉན་དུས་ཁོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ནི་དེ་འདྲ་ཐབས་སྡུག་ཡིན་ཚུལ་བཤད་པར་ང་་ལམ་སང་་ཡར་ལངས་ཏེ་འབུམ་རམས་་པར། དེ་ནི་ང་ཚོའི་ནང་ཁུལ་གྱི་ཆབ་སྲིད་རེད། ཁྱེད་ཀྱིས་ཇུས་རྟོག་བྱེད་པའི་དབང་ཆ་མེད། ཅེས་ངོ་རྒོལ་བྱས་པ་ཡིན། ཧཱ་སོ་སློབ་དཔོན་ཆེན་པོའི་སློབ་ཚན་སྐབས་སུ་ཁོས་རྒྱ་ནག་གི་དཔལ་འབྱོར་སྒྲོམ་གཞི་ནི་དོན་དངོས་ཀྱི་ཁྲོམ་ར་དཔལ་འབྱོར་ཞིག་མ་རེད། ཟེར། ངས་འཇཱའ་མན་ནིའང་ཡོན་ཏན་ཀུན་ལྡན་སྐྱོན་ཀུན་རྫོགས་དེ་འདྲ་མ་རེད། ཁྱོད་ཚོ་ལའང་ང་ཚོའི་རྒྱལ་ཁབ་དབར་དང་མཉམ་འབྲེལ་གྱི་ལྕགས་ལམ་དེ་འདྲ་ཡོད་པ་མ་ཡིན་ནམ། ཞེས་ལན་བཏབས་པ་ཡིན། ཆོས་ལུགས་ཀྱི་བརྗོད་གཞིའི་ཐོག་སློབ་དཔོན་ཆེན་པོས་བླ་མ་ཆེན་པོར་༼རྒྱལ་བ་རིན་པོ་ཆེར་གོ་དགོས།༽བསྟོད་ར་ཤུགས་ཆེར་བཏང་སོང༌། ངས་དེར་བླ་མ་ཆེན་པོ་ཁོང་ཡང་དེ་འདྲ་འཐུས་ཚང་ཞིག་ཡིན་ནམ། ཁྱོད་ཀྱིས་ཁོང་གི་དེ་སྔོན་གྱི་བྲན་གཡོག་ལམ་ལུགས་ལག་བསྟར་བྱས་པར་མ་གཟིགས་པ་གང་ཡིན་ནམ། ཁྱེད་རང་བོད་ལ་འགྲོ་མྱོང་ངམ། ཁྱེད་ཀྱིས་དེང་སང་བོད་ཀྱི་ཡར་རྒྱས་ཆེན་པོ་དེ་ཚོ་མཐོང་ཡོད་དམ། ཞེས་བཤད་ནས་དགག་པ་རྒྱག་པ་ཡིན།

འཇཱའ་མན་ནིའི་སྐད་སྒྲ་ཞེས་པའི་བརྙན་འཕྲིན་དྲ་རྒྱའི་ཐོག་རྩོམ་ཡིག་ཅིག་་གི་ནང༌། རྒྱ་མི་ཚང་མ་ཕྱི་རྒྱལ་ལ་དགའ་མཁན་ཤ་སྟག་རེད། ཕྱི་གླིང་མི་དང་ཐུག་ན་ཚང་མས་ཁོ་ཚོ་མཉམ་དུ་པར་རྒྱག་རྒྱུར་དགའ། རྒྱ་མོ་ཚང་མ་ཕྱི་གླིང་བའི་མནའ་མར་འགྲོ་རྒྱུ་དགའ། ཞེས་བྲིས་འདུག ང་ཁོང་ཁྲོ་ཟ་ནས་ལམ་སང་དེར་ཡིག་ལན་བྲིས། ངའང་ཕྱི་རྒྱལ་བ་མཉམ་དུ་པར་རྒྱག་རྒྱུར་དགའ་མཁན་ཞིག་ཡིན། དེ་ནི་ང་རང་གྲོང་གསེབ་ནས་ཡིན་ཕྱིན་ཕྱི་གླིང་མི་མཐོང་མ་མྱོང་བས་ཡིན། ངས་བསམ་ན

་ལུས་པོ་ཡོངས་སུ་སྤུ་སྐྱེས་པ་དེ་ནི་མང་ཆེར་ཕྱེད་སྤྲིའུ་དང་ཕྱེད་མིའི་གཟུགས་ཅན་གྱི་སྲོག་ཆགས་དེ་འདྲ་རེད་དྲན་ནས་ཡ་མཚན་སྐྱེས་པ་ཙམ་ཡིན། དེར་བརྟེན་ཁོ་ཚོ་དང་པར་རེ་རྒྱག་ནས་ཕ་ཡུལ་གྱི་མི་ཚོར་ལྟ་རྒྱུ་བསྐུར་བརྩིས་ཙམ་ཡིན། ཞེས་བྲིས་ཡོད། དེ་རྗེས་ང་དང་་འབུམ་རམས་པ་ཧྲཱི་རྨི་སི་གཉིས་ཁེར་རྐྱང་གིས་ཁ་བརྡ་བྱེད་སྐབས། ཁོས་དེ་སྔོན་ཁོ་རང་ཐེངས་མང་རྒྱ་ནག་ལ་སོང་བ་མ་ཟད། རྒྱ་ནག་ལ་དགའ་པོ་ཡོད་ཟེར། ངས་ཁྱོད་རྒྱ་ནག་ལ་དགའ་ན་སློབ་ཚན་འཚོགས་སྐབས་རྒྱ་ནག་ལ་རྒོལ་རྡུང་བཏང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ཞེས་དྲིས་པར་ཁོས། གལ་ཏེ་ང་ཚོ་གཅིག་མཚུངས་ཀྱི་གྲོང་ཚོ་ཞིག་ནང་འཚོ་བ་བསྐྱེལ་བཞིན་ཡོད་ན། ཁྱིམ་ཚང་དུ་སྐྱེས་པས་རྒྱུན་དུ་ཁོའི་བཟའ་ཟླ་དང་ཕྲུ་གུར་རྡུང་བར་ཟུར་ནས་མི་ཞིག་གིས་ཝ་ཡེ། ཁྱོད་ཀྱིས་དེ་འདྲ་བྱེད་རྒྱུ་མེད། ཅེས་བཤད་པ་ཡིན་ན་ཁྱོད་ཀྱིས་མི་དེ་གཞན་གྱི་ནང་སྲིད་ལ་ཇུས་རྟོག་བྱེད་མཁན་ལ་ངོས་འཛིན་ནམ། གལ་ཏེ་གྲོང་ཚོའི་ནང་གང་ཟག་གཞན་ཞིག་གིས་གནས་སྟངས་དེ་འདྲ་མཐོང་བཞིན་དུ་སྐད་ཆ་ཚིག་ཅིག་མ་བཤད་པའམ་དེར་བཀག་འགོག་མ་བྱས་ན་མི་འདི་གཞན་ལ་ཇུས་རྟོག་བྱེད་མཁན་དེ་བས་མཐུན་སྤྱོད་ཡོད་མཁན་ཞིག་ལ་ངོས་འཛིན་ནམ། ཞེས་བཤད་པར་ང་རང་ཁ་དྲག་མ་ཐུབ་པར་ལུས་སོང༌།

དེ་རྗེས་སློབ་སྦྱོང་བྱས་པ་བརྒྱུད་ངས་གཞི་ནས་རྒྱ་ནག་དང་འཇཱའ་མན་ནི་མཉམ་འབྲེལ་གྱི་ལྕགས་ལམ་དེ་ནི་གྱོང་རྒུད་ཕོག་པའི་སྡེ་ཚན་ཞིག་ཡིན་པར་ཤེས་ཡོད། སྒེར་གྱི་ཁེ་ལས་ཚོགས་པས་དེར་མཉམ་ཞུགས་ཀྱི་དོ་དབྱིངས་མེད་པར་བརྟེན། སྲིད་གཞུང་ནས་ཐབས་ཤེས་མེད་པའི་གནས་སྟངས་འོག་དེ་རྩིས་ལེན་བྱ་དགོས་གྱུར་འདུག དེའི་རྒྱུ་རྐྱེན་ནི་འཇཱའ་མན་ནི་རྒྱལ་ཁབ་ནི་གཞུང་ལམ་ཤུགས་ཚད་མཐོན་པོ་དང་དར་རྒྱས་ཆེན་པོ་སྟེ། མགྱོགས་ཚད་ལ་ཚད་བཀག་མེད་ཅིང་ལམ་རིན་བསྡུ་མི་དགོས། གྲོང་ཁྱེར་ཚང་མར་མྱུར་ཚད་ཅན་གྱི་གཞུང་ལམ་འདི་འདྲ་ཡོད་པར་བརྟེན། གཞུང་ལམ་དར་ཆེ་བས་ལྕགས་ལམ་ཉམས་དམས་སུ་སོང་སྟེ་མེ་འཁོར་ཐེངས་གཅིག་ལ་སྐབས་འགར་མི་བཅུ་གྲངས་ཙམ་ལས་སྡོད་མཁན་མེད་པར་གྱུར། དེ་བས་གནམ་གླ་ནི་ཧ་ཅང་གོང་ཚད་དམའ་མོ་རེད། སྐབས་འགར་ཡོ་རོབ་སྒོར་མོ་ ༢༩ ཡིས་གནམ་གྲུའི་འཛིན་བྱང་ལེགས་ཤོས་ཉོ་ཐུབ། ལོ་དེར་འཇཱའ་མན་ནིར་ཡོ་རོབ་སྒོར་མོ་བེད་སྤྱོད་གཏོང་གི་མེད། ངས་སྒོར་མོ་མཱ་ཁེ་༣༠༠ ཡིས་རྒྱ་ནག་ནས་འཇཱའ་མན་ནི་བར་ཕར་ཚུར་ཐེངས་གཉིས་ཀྱི་ཕྱེད་བཅག་ཆེན་པོའི་གནམ་གྲུ་འཛིན་བྱང་ཉོ་ཐུབ་སོང༌། དེ་ནི་ཕལ་ཆེར་རྒྱ་སྒོར་ ༡༢༠༠ ཙམ་རེད།

ངས་་འཇཱའ་མན་ནིའི་དཔལ་འབྱོར་ཐད་ཞིབ་འཇུག་གཏིང་ཟབ་བྱས་རྗེས་སོ་སོའི་རྒྱལ་ཁབ་ཀྱི་འཕེར་རྒྱས་ཀྱི་མ་ལག་ཐད་དྲི་དོགས་སླེབས་སོང༌། གཡུལ་ཆེན་རྗེས་ཀྱི་འཇཱའ་མན་ནིའི་དཔལ་འབྱོར་སྐོར་ལོ་ངོ་ ༡༥ ཡི་འཕེར་རྒྱས་སོང་འདུག རྒྱལ་དམངས་ཆ་སྙོམ་གྱི་ཡོངས་བབ་དེ་སྒོར་མཱ་ཁེ་ཁྲི་གཅིག་གི་འགག་སྒོ་ནས་ཐར་ཚར་འདུག འོན་ཀྱང་རྒྱ་ནག་གི་དཔལ་འབྱོར་ལོ་ངོ་ ༣༠ མ་ཟིན་ཙམ་་སོང་ཡང་དམངས་ཀྱི་ཡོངས་བབ་ཆ་སྙོམས་ནི་ཨ་སྒོར་སྟོང་ཚོ་གཉིས་ཙམ་རེད་འདུག སྤྱི་བཏང་བཟོ་པའི་ཟླ་ཕོག་ནི་རྒྱ་སྒོར་ ༡༠༠༠ནས་༣༠༠༠༠བར་འགྲོ་བཞིན་འདུག དེའང་ཕལ་ཆེར་ཡཱོ་སྒོར་༡༠༠ནས་༣༠༠བར་ཙམ་རེད། དེ་འདྲ་ཡིན་ཚེ་དཔལ་འབྱོར་འཕེར་རྒྱས་ཀྱི་གྲུབ་འབྲས་ག་རེ་ཡིན་ནམ། དཔལ་འབྱོར་འཕེར་རྒྱས་སོང་ཡོད་ན་སྤྱི་བཏང་གི་མི་མང་ཚོར་དེས་དམིགས་བསལ་གྱི་ཁེ་ཕན་མ་ཐོབ་པ་ག་རེ་ཡིན་ནམ།

ཁྱད་མཚར་བའི་གནས་སྟངས་དེའི་སྐོར་ཞིབ་འཇུག་བྱས་པ་བརྒྱུད་ང་རང་གཞི་ནས་གཉིད་སད་པ་ལྟར་བྱུང༌། འཇཱའ་མན་ནི་སྲིད་གཞུང་གི་འགྲོ་སོང་གཤམ་གསལ་ལྟར་ཡིན། རྒྱལ་ཁབ་ཀྱི་དངུལ་འབོར་ཡོངས་ཀྱི་བརྒྱ་ཆ་༥༠ དེ་འགན་སྲུང་དང་མྱུར་སྐྱོར། ཁ་གསབ་ཅེས་ཐད་བཏང་བ་དང། བརྒྱ་ཆ་ ༢༠ བདེ་འཇགས་དང་རྒྱལ་སྲུང༌། ཕྱི་འབྲེལ་ཐད་བཏང༌། བརྒྱ་ཆ་༢༠ སློབ་གསོ་དང་ཚན་རིག་ཞིབ་འཇུག་ཐོག་བཏང༌། དེ་མིན་བརྒྱ་ཆ་ ༡༠ དེ་སྤྱི་ཁྱབ་ཞབས་ཞུ་བའི་འགྲོ་སོང་ཐད་བཏང་གི་འདུག དེ་ལྟར་ལུགས་མཐུན་གྱི་དཔལ་འབྱོར་འགྲོ་སོང་དེས་མི་དམངས་རྣམས་ཕྱུག་ལམ་དུ་མ་སོང་བ་ག་ལ་སྲིད། ང་ཚོའི་དཔལ་འབྱོར་འགྲོ་སོང་ཚང་མ་ག་བར་སོང་བ་རེད་དམ། གཞུང་ལས་ཕྱོགས་ཀྱི་འགྲོ་སོང་ཆེ་ཁག་གསུམ་ཏེ། དུང་ཕྱུར་༩༠༠༠། དེའི་ནང་གཞུང་ཞབས་པའི་འགྲོ་སོང་གིས་གྲངས་འབོར་དེའི་བརྒྱ་ཆ་ ༡༠ ཡང་ཟིན་གྱི་མེད། གྱོང་རྒུད་ཕོག་པའི་རྒྱལ་ཁབ་ཀྱི་ཁེ་ལས་དེ་དག་ལ་རྒུན་གསབ་བྱས་པ་རེད་ཟེར། ཉིན་ལྟར་གསེར་སྲང་མང་པོའི་ཡོངས་བབ་ཡོད་ཟེར་བའི་རྒྱ་ནག་གི་རྡོ་སྣུམ་རྡོ་ལས་སུ་བསྒྱུར་བའི་ཚོགས་པ་དེ་དང༌། ལས་བཟོ་བ་ཡོངས་ནས་རྟག་ཏུ་གྱོང་རྒུད་ཕོག་རབས་བཤད་པའི་ལྕགས་ལམ། ཕྱུག་པོ་མར་ཁུ་འབབ་འབབ་ཀྱི་རྒྱལ་ཁབ་ཀྱི་དངུལ་ཁང་ཆེ་ཁག་༼དེ་ནི་ཕྱི་དངུལ་བཅོལ་འཇོག་གིས་ནང་ཁུལ་གྱི་རྩིས་བསུབ་བཏང་གི་ཡོད་རབས་འདུག༽རོགས་དངུལ་ག་བར་བཏང་ན་དེར་གྱོང་རྒུད་ཕོག་ངེས་ཀྱི་རྒྱ་ནག་གསེར་གྱི་ཚོང་ལས་ཚོགས་པ། རིམ་པ་གོང་མ་ཚོའི་སྡེ་ཚན་གྱི་ཁང་གླ་རྒྱ་སྒོར་ཁྲི་ཚོ་ཁ་ཤས་དགོས་པ་བཅས་ཀྱི་གནས་སྟངས་འོག་ད་དུང་ཡང་བཟོ་པ་ཚོས་རྒྱ་སྒོར་སྟོང་ཕྲག་འགས་ཁང་པ་ཉོ་ཆོག་ཟེར་བ་སོགས་རེད།

གལ་ཏེ་གོང་གསལ་གྱི་དབྱེ་ཞིབ་དེ་དག་ཅུང་ལྟ་བདེ་པོ་མེད་པར་ཡིན་ཚེ་ང་རང་ཧྥ་ལན་ཁེ་ཧྥུ་དང་ཏཱེ་ཀོ་ལེའི་གནམ་ཐང་ནས་དཔྱ་ཁྲལ་མི་དགོས་པའི་ཚོང་ཁང་སོགས་ནས་མཐོང་བའི་གནས་སྟངས་དེ་ནས་གསོན་ཉམས་དོད་པའི་སྒོ་ནས་འགྲེལ་བརྗོད་བྱས་འདུག དེར་སྤྱི་བཏང་གི་ཚོང་ཁང་ལས་རིན་གོང་ཆེ་བའི་ཚོང་ཁང་དུ་རྒྱ་ནག་གི་མི་ཡིས་ཁེངས་ནས་འདུག དེར་གང་སར་རྒྱ་སྐད་བཤད་མཁན་གྱི་རྒྱ་རིགས་སྤུན་ཟླ་ཤ་སྟག་རེད། དེ་མིན་སྐྲ་སེར་མིག་ལྗང་ཅན་གྱི་ཚོང་དཔོན་དེས་ཀྱང་རྒྱ་སྐད་བཤད་ཤེས་ཀྱི་འདུག དེར་ཡོད་ཚོང་ཁང་གི་ཞབས་ཞུ་བ་ཚང་མས་རྒྱ་ཡིག་ཐོག་ཧྥ་ཕེའོ་ཟེར་བའི་འཛིན་བྱང་གི་ཚིག་དེ་བཤད་ཅིང་ངས་རྒྱུན་དུ་ཁོ་ཚོའི་སྒྲ་མདངས་དེར་ནོར་བཅོས་བྱེད་ཀྱི་ཡོད།

འཇཱའ་མན་ནིར་འཚོ་བའི་དུས་སྐབས་རིང་འཕྲད་པའི་གནས་ཚུལ་གྱིས་ངའི་སོ་སོའི་དད་པ་དེར་དོགས་འདྲི་ལངས་སོང༌། ཐེངས་གཅིག་ངའི་ཁྱིམ་མཚེས་ཕྱི་རྒྱལ་བ་དེས་མཚན་གཞུང་དུ་རོལ་དབྱངས་ཀྱི་སྒྲ་ཤུགས་ཆེར་བཏང་བར་ངས་ཁོ་བོར་ཉེན་བརྡ་བཏང་ཡང་མ་ཕན་པར་མཐར་ངས་ཉེན་རྟོག་པ་སྐད་བཏང་དགོས་བྱུང༌། དེ་རྗེས་ཉེན་རྟོག་པས་ཁོ་ལ་ཉེན་བརྡ་བཏང་བ་རེད། དེ་ནས་ཉེན་རྟོག་པས་ངའི་སྒོ་རྡུང་ནས་གནས་ཚུལ་དེ་ཐག་བཅད་བྱས་པའི་རྒྱུད་རིམ་སྙན་སེང་གནང་རྗེས་ང་ལ་ཐག་བཅད་དེར་མོས་འདོད་ཡོད་མེད་སྐོར་དྲིས་བྱུང༌། དཀོན་མཆོག་གིས་མཁྱེན། ང་རང་རྒྱལ་ཁབ་ཏུ་ལོངས་སྤྱོད་དམ་ཐོབ་ཐང་འདི་འདྲ་རྩ་བ་ནས་ཐོབ་མ་མྱོང༌། མི་རྣམས་སྲིད་གཞུང་སྡེ་ཚན་དུ་ལས་དོན་ཕྱིར་སྤྱོད་ན་དེར་ཡོད་དཔོན་བློན་ཚོས་སྐད་ཆའི་ཚིག་གི་ཐོག་མ་ནི་ངས་ཁྱེད་ལ་རོགས་པ་ག་རེ་བྱ་ཐུབ་བམ། ཞེས་པ་དེ་མིན་པར་ཚིག་གི་ཐོག་མ་ནི་ཁྱེད་ཀྱིས་ཚིག་ཇ་དང་ཆུ་ག་རེ་འཐུང་འདོད་ཡོད་དམ། ཞེས་པ་དེ་རེད། ངས་གྲོགས་པོ་གཅིག་གི་ཚབ་བྱས་ཏེ་དཔྱ་ཁྲལ་སྡེ་ཚན་ནང་དཔྱ་ཁྲལ་ཉུང་དུ་གང་འདྲ་གཏོང་ཐུབ་མིན་སྐོར་དྲིས། དཔྱ་ཁྲལ་སྡེ་ཚན་དེའི་དཔོན་པོས་ངང་རྒྱུད་རིང་པོའི་སྒོ་ནས་ངའི་གནད་དོན་ཚང་མ་ཞིབ་ཕྲར་ཉན་རྗེས་ངའི་ཆེད་དུ་དབྱེ་ཞིབ་བྱེད་རོགས་གནང༌། དེ་རྗེས་ང་ལ་དོན་འཁྱོལ་འོས་པའི་བསམ་འཆར་བཤད་བྱུང༌། ཁོ་ཚོའི་ཐབས་ལམ་ལྟར་དོན་དངོས་ཐོག་དཔྱ་ཁྲལ་མ་ཉུང་བ་ཞིག་ཉུང་འཕྲི་གཏོང་ཐུབ་སོང་བར་བརྟེན། ངའི་གྲོགས་པོ་ལའང་དགའ་སྤྲོ་དཔག་མེད་བྱུང་སོང༌། གལ་ཏེ་གནད་དོན་འདི་འདྲ་ཞིག་རྒྱ་ནག་གི་དཔྱ་ཁྲལ་ལས་ཁུང་གི་དཔོན་པོར་བཤད་ཡོད་ན་ང་ནི་འགྲམ་ལྕག་ཉོ་མཁན་རང་རེད།

ཐེངས་ཤིག་ངས་ལྟ་སྐོར་ཚོགས་པ་ཞིག་འཁྲིད་དེ་ཧྥ་ལན་ཁེ་ཧྥུའི་ཉེ་འཁོར་གྱི་ལཱི་པ་ཧེ་གྲོང་ཁྱེར་དུ་འཚམ་འདྲིར་སོང་བ་ཡིན། གྲོང་ཁྱེར་དེའི་དབུ་གཙོ་ནི་བུད་མེད་ཅིག་ཡིན་ཞིང་མོ་རང་དེ་སྔོན་དཔེ་དེབ་དཔར་སྐྲུན་ཁང་གི་བྱ་བ་བྱེད་མཁན་ཞིག་རེད། ཁོ་མོས་ལྟ་སྐོར་ཚོགས་པ་དེའི་ནང་གི་སྐུ་ཞབས་ཝཱང་ཀྲུང་ཆུ་ཡི་དཔེ་དེབ། ཞིབ་ཚགས་ས་ནས་རྒྱལ་ཕམ་ཐག་གཅོད་བྱེད་པ། ཞེས་པ་དེབ་དེ་ཕྱིར་ཚོང་ཁྲི་ ༤༠༠ ཚོང་ཐུབ་པའི་སྐོར་ཐོས་རྗེས་མིག་གཉིས་ཆེན་པོ་བགྲད་ཅིང་དེ་རྗེས་བློ་རྩ་བརྟེན་པོའི་སྒོ་ནས། ང་ངོ་མ་གང་མགྱོགས་གོ་དབང་འདི་ནས་ཁ་བྲལ་དགོས། དེ་ནས་སླར་ཡང་དཔར་སྐྲུན་གྱི་བྱ་བ་བྱེད་དགོས་ཀྱི་འདུག ཅེས་ཟེར་བྱུང༌། ངའི་སེམས་ནང་གྲོང་ཁྱེར་གཅིག་གི་དཔོན་པོར་དཔར་སྐྲུན་བྱེད་མཁན་ཞིག་ལས་ཡོངས་བབ་ཉུང་བ་ཡིན་ནམ། ཞེས་འདྲི་དོགས་ཅིག་སླེབས་སོང༌།

གང་ལྟར་ཡང་འཇཱའ་མན་ནི་རྒྱལ་ཁབ་ཏུ་གྲོང་ཁྱེར་གང་འདྲ་ཞིག་ཡིན་རུང་དཔོན་པོ་ཚང་མ་ངང་རྒྱུད་རིང་པོ་ཤ་སྟག་རེད། ངས་ད་དུང་ཁོ་ཚོ་ཚང་མ་དོན་དངོས་ཐོག་ཕྱུག་པོ་མིན་པར་ཤེས་ཡོད། ཁྱོད་རང་ས་ཆ་གང་དུ་སོང་ཡང་དེར་ས་ཁམས་ཀྱི་འཕེར་རྒྱས་ཡག་སྡུག་གི་ཁྱད་པར་ཆེན་པོ་ཡོད། འོན་ཀྱང་ས་ཁུལ་གང་དུ་ཡིན་ཡང་མི་རྣམས་ལ་དབུལ་ཕྱུག་གི་ཁྱེད་པར་དམིགས་བསལ་བ་དེ་འདྲ་མེད། ངས་དེ་དག་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབྱེ་བ་མཐོང་ཐུབ་ཀྱི་མེད། དེར་བརྟེན་ང་ལ་དངོས་གནས་གཡོ་འགུལ་ཐེབས་བྱུང༌། འདི་ནི་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ཡིན་ནམ། འོན་ཀྱང་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་འདི་ང་ཚོའི་སྤྱི་ཚོགས་རིང་ལུགས་ལས་བཟང་བ་ལྟ་བུ་རེད་ཨང༌། གལ་ཏེ་འཇཱའ་མན་ནི་རྒྱལ་ཁབ་ཀྱི་འདི་དག་ཡོངས་རྫོགས་ཧ་ཅང་གདུག་རྩུབ་ཅན་གྱི་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ཡིན་ན། ངས་འདི་ལྟ་བུའི་མ་རྩ་རིང་ལུགས་ཀྱང་ཡག་པོ་རེད་ཅེས་བཤད་རྒྱུས་ལས་ལྷག་མི་འདུག གལ་ཏེ་ཚིག་ཅིག་གིས་ངའི་ཚོར་བ་འགྲེལ་བརྗོད་བྱེད་དགོས་ན། སྐད་ཆ་ཚིག་དེ་ནི་ལམ་ལུགས་གང་ཡིན་ཡང་ཁྱད་པར་མི་འདུག མི་དམངས་ཀྱི་བདེ་སྐྱིད་དང་ཕྱུག་འགྱུར་ནི་གལ་ཆེ་ཤོས་རེད། ཅེས་པ་དེ་ཡིན།

གལ་ཏེ་ལམ་ལུགས་ཅིག་རྒྱུན་འཁྱོང་ཡོང་བའི་ཆེད་དུ་མི་དམངས་རྣམས་ཀྱི་བདེ་སྐྱིད་ལེགས་སྐྱེས་ཕུལ་དགོས་ན་ལམ་ལུགས་དེ་འདྲ་མེད་ནའང་འགྲིག་པ་འདུག ད་དུང་སྐད་ཆ་ཚིག་ཅིག་ཡོད། རྒྱུ་དང་རྒྱུ་བསྡུར་ན་ཞེད་མི་དགོས་ཀྱང༌། རྒྱུའི་སྤུས་ཚད་བསྡུར་ན་རྒྱུ་སྤུས་ཤེས། ཅེས་པ་དང༌། ཡང་བདེན་པ་ནི་རྫུན་མི་སྲིད་ལ་རྫུན་མ་ནི་བདེན་པ་ཡིན་མི་སྲིད། ཅེས་པ་དེའོ།

༼མཆན། མ་ཡིག་གི་འབྲེལ་ཐག་ཁ་བྱང་གཤམ་གསལ།༽
我为何对自己的信仰产生动摇?


  གངས་དཀར་སེམས།
 

06.09.2014 00:24:55

རྩོམ་སྒྲིག་པ་ལགས། འདིའི་མ་ཡིག་ཀྱང་གཡས་ཕྱོགས་སུ་འཛུལ་འདུག 

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -