ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

30.06.2014 23:37:10
གངས་དཀར་སེམས།

ཕྱུག་བདག་གི་མནའ་མར་འགྲོ་འདོད་པའི་མཛེས་མ་ཞིག་ལ་ལན་འདེབས།
ཨ་རིའི་མཛེས་མ་ཞིག་གིས་ཨ་རིའི་དར་ཁྱབ་ཆེ་བའི་དྲ་ལམ་ཞིག་ཏུ། ང་གང་འདྲ་བྱེད་དེ་ཕྱུག་བདག་གི་མནའ་མར་འགྱུར་ཐུབ་བམ། ཞེས་པའི་དྲི་བ་ཞིག་བཀོད། རྩོམ་དེ་འདི་ལྟར།


ངས་གཤམ་ལ་བཤད་འདོད་པ་ནི་སེམས་ནང་གི་སྐད་ཆ་ཡིན། གུས་མོ་རང་ལོ་ཉེར་ལྔ་དང་ཧ་ཅང་མཛེས་སྡུག་ལྡན་པ་དེའང་གཞན་ཧ་ལས་དགོས་པའི་མཛེས་སྡུག་དེ་འདྲ་ཡིན། འགྲོ་སྟངས་འདུག་སྟངས་ལ་གུས་ལུགས་ཆེ་ཞིང་སྒེར་གྱི་འདོད་ཕྱོགས་ཡོད་པས། ལོ་རེར་ཨ་སྒོར་ཁྲི་ལྔ་བཅུ་ཡོད་པའི་མི་ཞིག་སར་མནའ་མ་འགྲོ་འདོད་ཡོད། གཅིག་བྱས་ན་ཁྱོད་ཀྱིས་ང་ནི་འདོད་རྔམ་ཅན་ཞིག་རེད་ཟེར་སྲིད་མོད། འོན་ཀྱང་སྒོར་གྲངས་དེ་ནི་ཨ་རི་ཉུག་ཡོག་ལ་མཚོན་ན་ལོ་རེར་ཡོང་བབས་སྒོར་ཁྲི་བརྒྱ་ནི་འབྲིང་རིམ་རྒྱུ་ནོར་ཅན་ཙམ་ལས་མིན། དོན་དངོས་ཐོག་ངའི་རེ་འདོད་དེ་ནི་མཐོན་པོ་མ་རེད།

 

དྲ་ཐོག་འདིར་ལོ་རེར་ཡོང་བབས་ཁྲི་ལྔ་བཅུ་བརྒལ་མཁན་ཡོད་དམ། ཁྱོད་ཚོ་ཆང་ས་རྒྱབ་ཚར་རམ། ངས་ཁྱོད་ཚོར་དྲི་བ་ཞིག་བཀོད། གང་འདྲ་བྱས་ན་ཁྱོད་ཚོ་འདྲ་བའི་ཕྱུག་བདག་ཅིག་གི་མནའ་མར་འགྲོ་ཐུབ་བམ། ང་དང་ཐུག་མྱོང་བའི་ནང་ལོ་རེར་ཡོང་བབས་ཁྲི་ཉེར་ལྔ་ཡོད་མཁན་འདུག དེ་ནི་ཚད་མཐོ་ཤོས་ཙམ་རེད། ཨ་རིའི་ཉུག་ཡོག་དབུས་ལྡུམ་རའི་ནུབ་ཕྱོགས་ཀྱི་ཚད་མཐོའི་གཞིས་ཁང་དུ་བསྡད་དགོས་ན་ལོ་རེར་ཡོང་བབས་ཁྲི་ཉེར་ལྔས་རྩ་བ་ནས་མདང་གི་མ་རེད། ངས་འདི་ནས་དྲང་པོ་དྲང་བཞག་གིས་དྲི་བ་འདི་དག་འདྲི་སྙིང་འདོད།

 

༡། དངུལ་ཡོད་མཁན་གྱི་ཁེར་རྐྱང་བ་དེ་དག་ས་ཁུལ་གང་འདྲར་ལས་ཞོར་གྱི་དུས་ཚོད་གཏོང་གི་ཡོད་དམ། ༼འདིའི་ནང་ཨར་ཁང་དང་མགྲོན་ཁང་། ལུས་སྦྱོང་ཁང་གི་མིང་དང་ཞིབ་ཕྲའི་ས་གནས་འགོད་རོགས།༽

༢། ངས་ལོ་གྲངས་ཅི་ཙམ་གྱི་ཕྱུག་བདག་ལ་དམིགས་འབེབས་བཙུག་དགོས་སམ།

༣། ཕྱུག་བདག་འགའ་རེའི་བཟའ་ཟླར་མཛེས་ཉམས་མེད་པའི་རྒྱུ་མཚན་ག་རེ་ཡིན་ནམ། དེའི་ནང་བུ་མོ་འགའ་རེའི་ངོ་གདོང་ནི་སྤྱི་བཏང་བ་ལས་མི་སེམས་འགུག་ཐུབ་པའི་ཆ་སྤུ་ཙམ་མི་འདུག འོན་ཀྱང་དེ་ཚོ་ཕྱུག་བདག་ཚང་དུ་འཛུལ་ཐུབ་ཀྱི་འདུག དེ་བས་ཁེར་རྐྱང་གི་ཨར་ཁང་ནང་གི་མཛེས་མ་དེ་ཚོར་ཁོ་ཚོ་ལྟར་གྱི་བསོད་བདེ་འདི་འདྲ་མེད་པ་གང་ཡིན་ནམ།

༤། ཁྱོད་ཚོས་བུད་མེད་སུ་འདྲ་ཞིག་སོ་སོའི་བཟའ་ཟླར་བྱེད་པའམ་དགའ་རོགས་བྱེད་པར་ཐག་གཅོད་ཀྱི་ཡོད་དམ། ༼ངའི་ད་ལྟའི་དམིགས་ཡུལ་ནི་ཆང་ས་རྒྱབ་རྒྱུ་དེ་ཡིན།༽   པཱོ་ཨར་ཟི་ནས་བྲིས།

 

གོང་གསལ་མཛེས་མ་པཱོ་ཨར་ཟིར་ཕྱུག་བདག་ཅིག་གིས་ལན་འདེབས་གཤམ་གསལ།

བརྩེ་བའི་པཱོ་ཨར་ཟི་ལགས། ངས་དོ་སྣང་ཆེན་པོས་ཁྱོད་ཀྱི་འཕྲིན་ཡིག་དེར་བལྟས་པ་ཡིན། ད་དུང་བུད་མེད་མི་ཉུང་བ་ཞིག་ལ་ཁྱོད་ཀྱི་དྲི་དོགས་འདི་འདྲ་ཡོད་སྲིད། ངས་སོ་སོ་ཚོང་པ་ཞིག་གི་ངོ་བོའི་ཐོག་ནས་ཁྱོད་ཀྱི་གནས་སྟངས་ལ་དབྱེ་ཞིབ་ཅིག་བྱས་ཡོད། ང་ལ་ལོ་རེར་ཁྲི་ལྔ་བཅུ་ལས་ལྷག་པའི་ཡོང་བབས་ཡོད་པ་དེ་ཁྱོད་ཀྱི་བཟའ་ཟླ་གདམ་པའི་དམིགས་ཚད་དང་འཚམ་པར་བརྟེན། ངས་འདི་ནས་ང་ཚོའི་དུས་ཚོད་འཁྲོག་བརླག་གཏོང་འདོད་ཙམ་མིན་པར་ཡིད་ཆེས་གནང་རོགས།

 

ཚོང་པ་ཞིག་གི་ཕྱོགས་ནས་བལྟས་ན། ཁྱོད་དང་ཆང་ས་རྒྱབ་པ་དེ་ནི་ཚོང་ལས་ཐབས་སྡུག་ཅིག་རེད། དེའི་རྒྱུ་མཚན་ནི་ཧ་ཅང་གསལ་པོ་ཡིན། ངའི་འགྲེལ་བརྗོད་ལ་ཉན་རོགས། དེའི་ཕྱོགས་ཀྱི་ཞིབ་ཕྲའི་གནས་སྟངས་མི་དགོས་པར་ཁྱོད་ཀྱིས་བཤད་པ་དེ་ནི་དོན་དངོས་ཐོག་རྒྱུ་ནོར་དང་ངོ་གདོང་དབར་གྱི་ཚོང་འབྲེལ་ཞིག་རེད། གཅིག་ནས་མིའི་ངོ་གདོང་སྦྱིན་པར་ཕྱོགས་གཞན་ནས་དངུལ་གཏོང་རྒྱུའི་འདྲ་མཉམ་གྱི་ཚོང་ལས་དེར་རྒན་གཞོན་ཕོ་མོ་སོགས་ཀྱི་བརྙས་བཅོས་གང་ཡང་མེད་པ་རེད། འོན་ཀྱང་འདིར་གནད་དོན་ཧ་ཅང་གལ་ཆེན་ཞིག་སྟེ་ཁྱོད་ཀྱི་མཛེས་ཉམས་དེ་བརླགས་སྲིད་པ་རེད། འོན་ཀྱང་ངའི་སྒོར་མོ་དེ་དག་དོན་མེད་ཀྱིས་ཉུང་དུ་འགྲོ་མི་སྲིད། དོན་དངོས་ཐོག་དེ་བས་ངའི་ཡོང་བབས་ལོ་རེ་བཞིན་མང་དུ་འགྲོའང་སྲིད་པ་རེད། འོན་ཀྱང་ཁྱོད་རང་ལོ་རེ་ལས་ལོ་རེ་མཛེས་སུ་འགྲོ་མི་སྲིད་པ་རེད།

 

དེར་བརྟེན། དཔལ་འབྱོར་རིག་པའི་ཐོག་ནས་བཤད་ན་ངའི་རྒྱུ་ནོར་ནི་འཕེལ་རྒྱས་འགྲོ་སྲིད་པ་དང་། ཁྱོད་ནི་རིན་ཐང་ཇེ་ཆུང་འགྲོ་སྲིད་པ་རེད། དེའི་མ་ཚད་གང་མགྱོགས་ཀྱིས་རིན་ཐང་ཇེ་ཆུང་ལ་འགྲོ་རྒྱུ་རེད། ད་ལྟའི་ཆར་ཁྱོད་རང་ལོ་ཉེར་ལྔ་རེད། མ་འོངས་པའི་ལོ་ལྔའི་ནང་ཁྱོད་ཀྱིས་སྐུ་གཟུགས་རྩ་རིས་སྨྱུག་མ་དང་ཞལ་རས་དཀར་གསལ་ཟླ་བ་དེ་ཅུང་ཉམས་ཆགས་འགྲོ་སྲིད་ཀྱང་ད་དུང་རྒྱུན་མཐུད་བྱེད་ཐུབ། འོན་ཀྱང་མཛེས་སྡུག་ཉམས་ཆགས་འགྲོ་བའི་དུས་ཚོད་ནི་ཇེ་མགྱོགས་སུ་འགྲོ་རྒྱུ་རེད། གལ་ཏེ་མཛེས་ཉམས་ནི་ཁྱོད་ལ་དབང་བའི་མ་རྩ་ཁོ་ན་དེ་ཡིན་སྲིད་ན་ལོ་བཅུའི་རྗེས་སུ་ཁྱོད་ཀྱི་མ་རྩ་དེར་ཧ་ཅང་སེམས་འཁུར་དགོས་ངེས་ཀྱི་ཕྱོགས་སུ་ལྷག་རྒྱུ་རེད།

 

ཆེད་ལས་ཚིག་གིས་བརྗོད་གསལ་ལྟར་ན་ཚོང་འབྲེལ་རེར་བང་མཛོད་ཀྱི་ས་ཚིགས་རེ་ཡོད་པས་རེད། ཁྱོད་དང་འབྲེལ་བ་བྱེད་པ་དེ་ནི་གལ་ཏེ་རིན་ཐང་མར་ཆགས་དུས་དེ་མུར་ཕྱིར་ཚོང་བྱ་རྒྱུ་ལས་རྒྱུན་རིང་དབང་དགོས་ན་དེ་ནི་ཁེ་ཕན་མེད་པ་ཞིག་རེད། དེའང་ཁྱོད་ཀྱི་དགོས་བསམ་པའི་གཉེན་བསྒྲིག་དེ་རེད། འདི་ལྟར་ཐོས་དུས་ཡ་ང་མེད་པ་ལྟར་རེད། འོན་ཀྱང་གང་མྱུར་རིན་ཐང་ཆུང་རུ་འགྲོ་བཞིན་པའི་ཅ་དངོས་ཤིག་ཡིན་ན་དེ་དུས་ཡུན་གླ་ཆོགས་པ་ཙམ་ལས་དེ་ཉོ་བ་ནི་མི་འོས་སོ། ལོ་རེར་ཡོང་བབས་ཁྲི་ལྔ་བཅུ་བརྒལ་བའི་གང་ཟག་ཚང་མ་ལྐུགས་པ་མིན་སྟབས་ང་ཚོ་ཚང་མས་ཁྱོད་དང་འབྲེལ་བ་བྱེད་པ་ལས་ཁྱོད་དང་ཆང་ས་རྒྱབ་མི་སྲིད་པ་རེད།

 

དེར་བརྟེན་ཁྱོད་ཀྱིས་འབད་བརྩོན་ཆེན་པོས་ཕྱུག་བདག་ཅིག་འཚོལ་བའི་ཐབས་ཤེས་དམིགས་བསལ་བ་དེ་འདྲ་དགོས་མ་རེད་ཟེར་རྒྱུ་ཡིན། ཞོར་དུ་ཁྱོད་ཀྱིས་ཐབས་ཤེས་འཚོལ་ཏེ་སོ་སོ་ལོ་རེར་ཡོང་བབས་ཁྲི་ལྔ་བཅུ་ཡོད་མཁན་ཞིག་ལ་བསྒྱུར་ན་འགྲིག་ཟེར་གྱི་ཡོད། དེ་ནི་རྒྱུ་ནོར་ཡོད་པའི་ཕྱུག་བདག་གླན་ལྐུགས་གཅིག་དང་འཁྲད་པ་ལས་ཁེ་བཟང་ཆེ་བ་ཡོད་པ་རེད།

ངའི་ལན་འདེབས་འདིས་ཁྱོད་ལ་ཕན་ཐོག་ཡོང་བའི་རེ་བ་ཡོད། གལ་ཏེ་ཁྱོད་ཀྱིས་གླ་ཆོག་པ་དེར་འདོད་མོས་ཡོད་ཚེ་ང་དང་འབྲེལ་བ་བྱ་ན་འགྲིག

ལཱོ་པོ་ཁན་པེ་ཨར་གྱིས། ༼ J·P·དངུལ་ཁང་མང་པོར་རོགས་སྐྱོར་སྣ་ཚོགས་པའི་བློ་བཏོན་པ་ཞིག་ནས།༽





  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -