ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

22.06.2014 23:03:36
གངས་དཀར་སེམས།

བདེ་སྐྱིད་ནི་ཉིན་ལྟར་སློབ་སྦྱོང་དང་ཡར་རྒྱས་འགྲོ་བའི་གོ་རིམ་ནང་གི་ཚོར་བ་དེ་དག་རེད།  བློ་གྲོས་ནི་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་དང་སྲོག་ཆགས་ཡོངས་ཡར་རྒྱས་ཀྱི་གཏན་ཚིག་གོ་རིམ་དག་ངོས་ཟིན་པ་དེ་རེད།

མི་གཤིས་ནི་སྐད་ཆ་བཤད་དུས་གཞན་ལ་དགའ་སྣང་སྦྱིན་པ། བྱ་བ་སྒྲུབ་དུས་གཞན་ལ་སེམས་འགུལ་སྐྲུན་ཐུབ་མཁན། གཞན་གྱི་སེམས་ནང་དྲན་གསོ་བསླང་ཐུབ་མཁན་ཡིན་དགོས།   སྐད་ཆ་བཤད་དུས་གཞན་ལ་རེ་བ་དང་བློ་གྲོས། དགའ་སྣང་དང་སྤོབས་པ།  སྟབས་བདེ་བཅས་སྦྱིན་ཐུབ་མཁན་ཞིག་ལ་གོ་དགོས།


 

མིའི་ཁོར་ཡུག་ལ་དབྱེ་ཞིབ་བྱེད་ན་འདི་ལྟར་ཏེ་མཐོ་རིམ་སྤྱི་ཚོགས་ནི་མིས་མིར་བསྟོད་བསྔགས་གཏོང་རྒྱུར་དགའ། འབྲིང་རིམ་སྤྱི་ཚོགས་ནང་མིའི་དབར་འགྲན་བསྡུར་བྱེད་རྒྱུར་དགའ།  དམའ་རིམ་སྤྱི་ཚོགས་སུ་མིའི་དབར་རྡོག་བརྫིས་གཏོང་རྒྱུར་དགའ། དེ་དག་ནི་ཉིན་ལྟར་བློ་སྦྱོང་བརྒྱུད་གོ་རྟོག་སད་དགོས་པ་ཞིག་རེད།

 

ལག་ཁྱེར་ནི་ཟངས་ཀྱི་རྟགས་མ་ལྟ་བུ་ཡིན་ན།  ནུས་ཤུགས་ནི་དངུལ་གྱི་རྟགས་མ་ལྟ་བུ་རེད། མིའི་རྒྱབ་སྐྱོར་ནི་གསེར་གྱི་རྟགས་མ་དང་མཚུངས་ཤིང་། བསམ་བློ་ནི་འགྲན་ཡ་མེད་པའི་རྟགས་མ་དེ་རེད།

 

རྒྱལ་ཁ་བ་ནི་འགོ་བརྩམས་དུས་གང་འདྲ་བྱེད་མིན་ཙམ་ལ་ལྟ་རྒྱུ་མིན་པར་འགག་རྩར་ཐུག་དུས་གང་འདྲ་བྱེད་མིན་ལ་ལྟ་དགོས་པ་ཞིག་རེད།  གཞན་གྱིས་ཁྱོད་སྐོར་གང་འདྲ་བཤད་མིན་དང་ཁྱོད་ལ་མཐོང་སྣང་གང་འདྲ་ཡོད་མེད་ལ་ལྟ་དགོས་ཀྱི་མ་རེད། སྒེར་གྱི་ལས་དབང་དེ་སོ་སོའི་ལག་ཏུ་དམ་འཛིན་བྱེད་དགོས།

 

མགོ་བདེ་དྲན་འཕྲུལ་བྱེད་པ་དེ་ནི་ཐབས་ཤེས་ཆུང་ངུ་རེ་སྤེལ་ཐུབ་པ་ཙམ་རེད་ལ།  བློ་གྲོས་ཆེན་མོ་ནི་འཐབ་ཇུས་ཅི་འདྲ་སྤེལ་མིན་ལ་ལྟ་དགོས།  སོ་སོའི་ལོ་རྒྱུས་བཤད་ཕོད་མཁན་ནི་བསམ་བློ་བ་ཞིག་ཡིན་ལ།   སོ་སོའི་ལོ་རྒྱུས་བཤད་དེ་གཞན་ལ་དགའ་སྣང་སྐྲུན་ཐུབ་མཁན་ནི་ནུས་ཤུགས་ལྡན་པའི་མི་ཞིག་རེད།   གཞན་ལ་རོགས་རམ་བྱས་ཏེ་གཞན་གྱིས་སོ་སོའི་ལོ་རྒྱུས་བཤད་ཐབས་བྱེད་མཁན་ནི་རིན་ཐང་ལྡན་པའི་གང་ཟག་ཅིག་ལ་ངོས་འཛིན་བྱེད་ཆོག

 

 

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -