ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

05.09.2009 17:51:32
གཡུ་འབྲུག་སྔོན་མོ།

ཟླ3པའི་ཚེས18ཉིན་གྱིཀྲུང་གོ་ཉིན་རེའི་ཚགས་པར སྟེང༌། ལཱན་ཞང་མཱིན་གྱིས་སྤེལ་བའི་རྩོམ་ཡིག ཁ་བྱང་ལཞི་བའི་ཡར་ལངས་ཡིན་ནམ་དྲག་ཆས་ཟིང་འཁྲུག་ཡིནཞེས་པ་དྲ་ཐོག་ནས་བཀླགས་རྗེས་ཀྱི་དྲན་འཆར།

བཅིངས་འགྲོལ་དང་མནར་གཅོད།རྒྱ་གར་ནས་བོད་མི་ཚོས་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཚོགས་བཞིན་པའི་སྐབས་སུ། རྒྱ་ནག་གིས་བོད་ལ་ཞི་བའི་བཅིངས་གྲོལ་བཏང་ནས་མི་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་མཛད་སྒོ་བསྡུས་ཡོད་པ་རེད། བོད་མི་ཚོས་རྒྱ་ནག་གི་བཙན་འཛུལ་དང་གཉའ་གནོན་འོག་ནས་དགོན་སྡེ་དྲུག་སྟོང་རྩ་མེད་བཟོས་པ་དང༌།


 

རྒྱ་ནག་གིས་བོད་རྙིང་པ་ཞིང་བྲན་ལམ་ལུགས་ཡིན་པ་དང༌། ཞིང་བྲན་མང་ཚོགས་བོད་སྡེ་པ་གཞུང་གི་གཉའ་གནོན་འོག་ནས་སྐྱབས་ཚུལ་གླེང་གི་ཡོད། འོན་ཀྱང༌། དོན་དངོས་སུ་ད་ལྟའི་བོད་ས་ཡོངས་ཀྱི་བོད་མི་རྣམས་ཀྱིས་འཚོ་བ་ཇི་འདྲ་ཞིག་རོལ་བཞིན་ཡོད་དམ། རང་དབང་ཇི་འདྲ་ཞིག་ལོངས་སུ་སྤྱོད་ཀྱིན་ཡོད་དམ། བློ་གཟུ་བོར་གནས་ནས་སྐད་ཆ་བཤད་མཁན་ཞིག་ཡིན་ན། ཕྱོགས་ཀས་སྐད་ཆ་ཅི་ཞིག་བཤད་ཀིན་ཡོད་རུང༌། དོན་དངོས་ཡོད་ཐོག་བོད་ནང་གི་བོད་མི་ཚོའི་འཚོ་བའི་གནས་སྟངས་དངོས་ཀྱི་ཐོག་ནས་ཐག་གཅོད་བྱེད་དགོས་ཟེར་ངེས་རེད་ལ། བོད་རིགས་མི་མང་གི་བློ་ཁ་ཁེངས་མིན་དེ་དོན་དངོས་སུ་བོད་རིགས་མི་མང་རང་ཉིད་ཀྱིས་ཐག་གཅོད་ཐུབ་ངེས་རེད།

བོད་མི་ས་ཡ་གཉིས་ལྷག་གི་ཚེ་སྲོག་ཤོར་བར་བརྗོད་བཞིན་ཡོད་པ་དང༌།

དེང་གི་ཤེས་ཡོན་པ་ཚོའི་ཁྲོད་ན་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་ངོ་མི་ཤེས་མཁན་ཧ་ལམ་མེད་པར་བཤད་ཆོག་ལ། ཁོང་གི་མི་ཚེའི་མྱོང་བ་གཅིག་པུའི་ཐོག་ནས་ཀྱང་ང་ཚོས་བོད་རྙིང་བའི་ངོ་གདོང་ངོ་མ་མཐོང་ཐུབ་ཀིན་ཡོད་པ་རེད། འབའ་བ་ཕུན་དབང་གིས་གསར་བརྗེ་དམག་བོད་དུ་སྣ་དྲངས་པ་དེས་ཀྱང་ང་ཚོས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མང་པོ་ཞིག་ངོ་སྤྲོད་ཀྱིན་ཡོད་པས། བོད་ནང་གི་དེ་རིང་གི་གནས་བབ་འདི་འདྲ་ཞིག་མིན་པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་གང་ཡོད་པ་ལྟ་བུ་ཞིག་ཡིན་ན། ང་རང་ཚུད་པའི་བོད་མི་མང་པོ་ཞིག་སྔ་ས་ནས་ཉིན་མཚན་དུས་དྲུག་ཏུ་དྲན་བཞིན་པའི་ཕ་ཡུལ་ལ་ལོག་ཚར་ཡོད་ངེས་ཡོད་ལ། བོད་རིགས་མི་མང་དང་རྒྱ་ནག་མི་དམངས་གཉིས་ཀྱི་འབྲེལ་བ་ཡང་ཡིད་དུ་འོང་བ་ཞིག་ཡིན་ངེས་རེད།

ཏང་དང་ཀྲུང་དབྱང་གི་བསམ་བློ་དངོས་དེ་ཡིག་ཐོག་ན་ཡོད་པ་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་གོ་ཐུབ་པ་དེ་ཉིད་ཡིན་ན་ནི་ཉེ་དུས་བྱུང་བའི་ངོ་རྒོལ་མཐའ་དག་་་་ཏཱ་ལའི་རུ་ཚོགས་་་་ཀྱི་ངན་སྐུལ་ཡིན་པར་བཤད་ན་ཡང་བསམ་བློ་གཏོང་ས་ཞིག་ཡོད་ངེས་མོད། འོན་ཀྱང༌། བོད་མིའི་འཚོ་བ་དངོས་ཀྱི་ནང་དུ་ནི་ནམ་ཡང་སྡུག་ཡུས་དང་དངངས་སྐྲག་ལས་མ་འདས། དེ་ཡང་ང་ཚོས་ཐག་རིང་སར་བསམ་བློ་གཏོང་མི་དགོས་པར། རྨ་འབྲི་རྫ་གསུམ་འབྱུང་གནས་ཀྱི་ཡུལ་མི་གནས་གཞན་དུ་སྤོར་བ་འི་བརྒྱུད་རིམ་གཅིག་བུས་ཐོག་ནས་ཀྱང་ར་སྤྲོད་གསལ་བོར་བྱས་ཡོད། འདི་ནི་ད་དུང་བོད་མིའི་འཚོ་གནས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུའི་ཁ་གཡང་འོག་ནས་སྤེལ་བའི་ལས་འགུལ་ཞིག་ཡིན་ལ། འབྲོག་ས་ནས་རོང་སར་སྤོས་ཚར་རྗེས་ཀྱི་བོད་འབྲོག་པ་མང་ཚོགས་ཀྱི་འཚོ་བ་དངོས་ནི་བསམ་ན་མིག་ཆུ་ཤོར་བ་ཞིག་མ་འདས་པ་རེད། ཉིན་རེའི་ལྟོ་གོས་ཀྱི་ཆེད་དུ་གཞན་ལ་ལག་བཟེད་དགོས་པའི་གནས་སྟངས་འདི་འདྲ་བོད་མི་ཞིང་བྲན་ལམ་ལུགས་ཀྱི་འོག་ཏུ་ཡོད་དུས་ཀྱང་བྱུང་མ་མྱོང་བའི་གནད་དོན་ཞིག་རེད། འདྲེ་རིག་ལྡན་ལགས་ཀྱི་ཟིན་བྲིས། 


  བོད།
 

06.09.2009 12:34:51

དེ་དངོས་གནས་རེད

 
 
07.09.2009 02:25:58

གྲོགས་པོ་ཁྱོད་ཀྱིས་བཤད་པ་དེ་ལ་བབདེན་ཁ་སྟེར་འདོད། མ་འོངས་པར་ཡང་དེའི་སྐོར་ཞིབ་འབྲི་དང་རྒྱས་བཤད་རེ་བྱེད་ཐུབ་པའི་རེ་ཆེ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -