ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

05.09.2009 17:38:23
གཡུ་འབྲུག་སྔོན་མོ།

བློ་མཐུན་རྣམ་པ་དང༌། གྲོགས་པོ་རྣམ་པ་ཚོ། ངའི་སྐད་ཆའི་མཇུག་འགྲིལ་ཉེའི་སྐབས་འདིར་ངས་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་སྐད་ཆ་ཚིག་ཁ་ཤས་ཞུ་རྒྱུ་ནི། དེ་རིང་ང་ཚོ་འདི་གར་དགའ་སྤྲོ་མཉམ་འཛོམས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་ལྟ་བ་དང་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱ་རྒྱུར་འབྲེལ་ཡོད་གནད་དོན་རྣམས་ལ་གྲོས་བསྡུར་བྱེད་པའི་སྐབས་འདིར་རྒྱལ་བ་རིན་པོ་ཆེ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོ་རང་ཤུགས་སུ་དྲན་གྱི་འདུག
ཁོ་ཚོ་རང་གི་ཕ་ཡུལ་དང་རྒྱང་དུ་བྲལ་ནས་གཞན་ཡུལ་ལ་གྱར་ཏེ་མེས་རྒྱལ་དང་ཁ་བྲལ་ཞིང་རང་གི་སྤུན་ཟླ་དང་ཡང་ཁ་བྲལ་བ་དེ་ནི་རྒྱལ་གཅེས་ཀྱི་བསམ་པ་ཡོད་མཁན་ཞིག་དང་མི་རིགས་ལ་ཤ་ཞེན་ཡོད་མཁན་སུ་འདྲ་ཞིག་ཡིན་རུང་སེམས་ཀྱིས་མི་བཟོད་པའི་གནས་ཚུལ་ཞིག་རེད། མི་རིགས་གཅིག་པ་ཡིན་པའི་སྤུན་ཟླ་གཅེན་གཅུང་གི་ངོས་ནས་མཚོན་ན་ཁོང་ཚོའི་གནས་བབ་དེ་རིགས་ལ་ངས་སྔ་ཕྱི་བར་གསུམ་དུ་སེམས་འཁུར་ཆེན་པོ་བྱེད་ཀྱི་ཡོད། ལྷག་པར་དུ་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་ངོས་གཉིས་ཀ་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་ཡིན་པ་དང༌། ལོ་རྒྱུས་ཐོག་ནས་ཆགས་པའི་ཞྭ་སེར་བསྟན་པའི་བདག་པོ་རྗེ་ཙོང་ཁ་པ་ཆེན་པོའི་ཆོས་རྒྱུན་འཛིན་མཁན་ཡིན་པ་མ་ཟད། ངོས་གཉིས་ཆོས་གྲོགས་ཧ་ཅང་བཟང་བོ་ཞིག་ཀྱང་ཡིན་པར་བརྟེན་ཁོང་ལ་དེ་བས་སེམས་ཁུར་ཆེན་པོ་ཞུ་ཡི་ཡོད། 

༡༩༨༢ལོའི་ཟླ༧པའི་ཚེས༡༧ཉིན་་ལྷ་སར་ལས་བྱེད་པའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།

༡༩༨༢ལོའི་ཟླ༧པའི་ཚེས༢༡ཉིན་གྱིབོད་ལྗོངས་ཉིན་རེའི་ཚགས་པརལས་འདྲེན་བཀོལ་བྱས་པའོ།།

༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པས་དུས་སྐབས་འདི་འདྲ་ཞིག་ལ་འཇིགས་སྣང་ཅི་ཡང་མེད་པར་འདི་འདྲ་བའི་གསུང་འབྱོན་ཡང་ང་ཚོ་དུས་རབས་ཉེར་གཅིག་པར་ད་དུང་ཡང་དངངས་སྐྲག་གིས་ཀློང་ན་འཚོ་བཞིན་པ་ནི་ཅི་འདྲའི་ཐབས་སྡུག་ཅིག་རེད་ཨང་སྙམ་བཞིན་ཟིན་བྲིས་འདི་སྤེལ་བ་ལགས་སོ། ཞི་བདེའི་ཟིན་བྲིས།


  ཞི་བདེའི་ཟིན་བྲིས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -