ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

10.01.2014 03:26:02
གངས་དཀར་སེམས།

༼རྒྱ་ལུགས་ལྟར་རེད།༽
བོད་ཁྱོན་ཡོངས་སུ་ཞིང་ཆེན་དང་ལྗོངས་ལྔ་རུ་ཕྱེས་ཡོད་དེ།
༡། བོད་རང་སྐྱོང་ལྗོངས་ནང་གྲོང་ཁྱེར་གཉིས་དང་རྫོང་  ༧༣  བཅས་ཡོད།
༢། མཚོ་སྔོན་ཞིང་ཆེན་ནང་གྲོང་ཁྱེར་  ༣  དང་རྫོང ༣༦ ཡོད།
༣། བདེ་ཆེན་རང་སྐྱོང་ཁུལ་ནང་རྫོང་  ༣  ཡོད།
༤། རྔ་བ་རང་སྐྱོང་ཁུལ་དུ་རྫོང་  ༡༣  ཡོད།
༥། དཀར་མཛེས་རང་སྐྱོང་ཁུལ་དུ་རྫོང་  ༡༨  ཡོད།
ལྭང་ཧྲན་རང་སྐྱོང་ཁུལ་དུ་རྫོང་  ༡  ཡོད།
ཀན་སུའུ་རང་སྐྱོང་ཁུལ་ནང་གྲོང་ཁྱེར་  ༡  དང་རྫོང་   ༩ བཅས་བོད་ལ་ཁྱོན་བསྡོམས་གྲོང་ཁྱེར་དང་རྫོང་ཁག ༡༥༧  ཡོད།

གཅིག  བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ། ལྷ་ས་གྲོང་ཁྱེར་དང་གཞིས་ཁ་རྩེ་སྟེ་གྲོང་ཁྱེར་གཉིས་དང༌། ཆབ་མདོ། ལྷོ་ཁ། ནག་ཆུ། མངའ་རིས། ཉིང་ཁྲི་སྟེ་ས་ཁུལ་ལྔ།
༡༽  ལྷ་སའི་མངའ་ཁོངས་སུ་ལྷ་སའི་གྲོང་ཁྱེར་དང་སྟག་རྩེ་རྫོང།  སྟོད་ལུང་བདེ་ཆེན་རྫོང།  ཆུ་ཤུལ་རྫོང། སྙེ་མོ་རྫོང།  འདམ་གཞུང་རྫོང།  ལྷུན་འགྲུབ་རྫོང། མལ་གྲོ་གོང་དཀར་རྫོང་བཅས་རྫོང་  ༧  ཡོད།
༢༽  ཉིང་ཁྲི་མངའ་ཁོངས་སུ་མེ་ཏོག་རྫོང༌། སྨན་གླིང་རྫོང། ཉིང་ཁྲི་རྫོང།  ཀོང་པོ་འཇོ་མདའ་རྫོང། སྤོ་རྨིས་རྫོང། རྫ་ཡུལ་རྫོང། སྣང་རྫོང། བཅས་རྫོང་  ༧  ཡོད།
༣༽ གཞིས་ཁ་རྩེ་མངའ་ཁོངས་སུ་གཞིས་ཁ་རྩེ་གྲོང་ཁྱེར་དང།  རྣམ་གླིང་རྫོང། རྒྱལ་རྩེ་རྫོང། དེང་རི་རྫོང། ས་སྐྱ་རྫོང། ལྷ་རྩེ་རྫོང། ངམ་རིང་རྫོང། གཞི་ཐོང་སྨོན་རྫོང། པ་རྣམ་རྫོང། རིན་སྤུངས་རྫོང། ཁང་དམར་རྫོང། སྟེང་སྐྱེས་རྫོང། འབྲོང་པ་རྫོང། གྲོ་མོ་རྫོང། དཀྱིལ་རོང་རྫོང། ས་ག་རྫོང། སྐམ་པ་རྫོང། གཉའ་ལམ་རྫོང་བཅས་རྫོང་  ༡༧  ཡོད།
༤༽ ཆབ་མདོ་ས་ཁུལ་གྱི་མངའ་ཁོངས་སུ་ཆབ་མདོ་རྫོང། འཇོ་མདའ་རྫོང། གོ་འཇོ་རྫོང། རི་བོ་ཆེ་རྫོང། ལྷོ་རོང་རྫོང། སྟེང་ཆེན་རྫོང། དཔའ་འབར་རྫོང། བྲག་གཡབ་རྫོང། དཔའ་ཤུལ་རྫོང། མཛོ་སྒང་རྫོང། སྨར་ཁམས་རྫོང་བཅས་རྫོང་  ༡༡  ཡོད།
༥༽ ལྷོ་ཁའི་ས་ཁུལ་གྱི་མངའ་ཁོངས་སུ། སྣེ་སྡོང་རྫོང། གྲ་ནང་རྫོང།  གོང་དཀར་རྫོང། ཟངས་རི་རྫོང། ཆུང་སྐྱེས་རྫོང། ཆུ་གསུམ་རྫོང། མཚོ་སྨད་རྫོང། ལྷོ་བྲི་རྫོང། རྒྱ་ཚ་རྫོང། ལྷ་རྩེ་རྫོང། མཚོ་སྣ་རྫོང། མངའ་དཀར་རྩེ་རྫོང་བཅས་རྫོང་  ༡༢  ཡོད།
༦༽  ནག་ཆུ་ས་ཁུལ་གྱི་མངའ་ཁོངས་སུ། ནག་ཆུ་རྫོང། རྒྱབ་རི་རྫོང། འབྲི་རུ་རྫོང། གཉེན་རོང་རྫོང།  ཨ་མདོ་རྫོང། ཤན་རྩ་རྫོང། སོག་རྫོང།  དཔལ་མགོན་རྫོང།  སྦྲ་ཆེན་རྫོང། ཉི་མ་རྫོང་བཅས་རྫོང་  ༡༠ ཡོད།
༧༽  མངའ་རིས་ས་ཁུལ་གྱི་མངའ་ཁོངས་སུ། སྤུ་ཧྲིང་རྫོང། རྩ་མདའ་རྫོང། སྒ་རྫོང། རི་ཐོག་རྫོང། དགེ་རྒྱས་རྫོང། དགེ་རྩེ་རྫོང། མཚོ་ ཆེན་རྫོང་བཅས་རྫོང་ ༧  ཡོད།
གཉིས།  མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ།  རྨ་ལྷོ། མཚོ་ལྷོ། མཚོ་བྱང། མགོ་ལོག  ཡུལ་ཤུལ། མཚོ་ནུབ་སྟེ་བོད་རང་སྐྱོང་ཁག  ༦  ཡོད།
༡༽ ཟི་ལིང་དང་ནག་གོར་མོ། གཏེར་ལེན་ཁ་བཅས་གྲོང་ཁྱེར་   ༣  དང།  མཚོ་ཤར་ཏེ་ས་ཁུལ་གཅིག་བཅས་ཡོད།
༢༽ རྨ་ལྷོའི་མངའ་ཁོངས་སུ། རེབ་གོང་རྫོང།  གཅེན་ཚ་རྫོང། རྩེ་ཁོག་རྫོང། སོག་པོ་རྫོང་བཅས་རྫོང་  ༤  ཡོད།
༣༽ མཚོ་བྱང་མངའ་ཁོངས་སུ། རྐང་ཚ་རྫོང། མདའ་བཞི་རྫོང། ཁྲི་ལིང་རྫོང། མུ་རེ་རྫོང་བཅས་རྫོང་ ༤  ཡོད།
༤༽ མཚོ་ལྷོའི་མངའ་ཁོངས་སུ། གསེར་ཆེན་རྫོང། ཁྲི་ཀ་རྫོང། མང་ར་རྫོང། འབའ་རྫོང། བྲག་དཀར་རྫོང་བཅས་རྫོང་ ༥ ཡོད།
༥༽ མགོ་ལོག་མངའ་ཁོངས་སུ། རྨ་ཆེན་རྫོང། དགའ་སྡེ་རྫོང། པདྨ་རྫོང། དར་ལག་རྫོང། དམར་སྟོད་རྫོང། གཅིག་སྒྲིལ་རྫོང་བཅས་རྫོང  ༦  ཡོད།
༦༽ ཡུལ་ཤུལ་གྱི་མངའ་ཁོངས་སུ། འབྲི་སྟོད་རྫོང། ནང་ཆེན་རྫོང། ཡུལ་ཤུལ་རྫོང། ཆུ་མར་ལེ་རྫོང། ཁྲི་འདུ་རྫོང། རྫ་སྟོད་རྫོང་བཅས་ ༦  ཡོད།
མཚོ་ནུབ་ཀྱི་མངའ་ཁོངས་སུ། གཏེར་ལེན་ཁ་གྲོང་ཁྱེར་དང་ནག་གོར་མོ་གྲོང་ཁྱེར་  ༢  དང།
མཐིང་ཆེན་རྫོང། གཏེར་ལེན་རྫོང། ཝུ་ལེན་རྫོང་བཅས་རྫོང་  ༣  ཡོད།
ཟི་ལིང་གྲོང་ཁྱེར་ནང། རྟ་ཐང་རྫོང། ཙོང་ཁ་རྫོང། སྟོང་བསྐོར་རྫོང་བཅས་རྫོང་ ༣  ཡོད།
མཚོ་ཤར་གྱི་མངའ་ཁོངས་སུ། སྡེ་ཁམས་རྫོང། ལུང་རྟོག་རྫོང། སྒོ་ལུང་རྫོང། དཔའ་ལུང་རྫོང། ཡྭ་རྩི་རྫོང། མན་ཧོང་རྫོང་བཅས ༦ ཡོད།
རྔ་བ་ཆང་རིགས་བོད་རིགས་རང་སྐྱོང་ལྗོངས་མངའ་འོག་ཁོངས་སུ།
འབའ་ཁམས་རྫོང། རྔ་བ་རྫོང། མཛོད་དགེ་རྫོང།  ཁྲོ་ཆུ་རྫོང། ཟུངས་ཆུ་རྫོང།  བཙན་ལྷ་རྫོང། ཆུ་ཆེན་རྫོང། འཛམ་ཐང་རྫོང། ཁྱུང་ཆུ་རྫོང།  གཟི་ཚ་སྡེ་དགུ་རྫོང། ལེ་རྫོང། ཁྲི་ཚང་རྫོང། རྟ་མང་རྫོང།  བཅས་རྫོང་  ༡༣  ཡོད།
དཀར་མཛེས་བོད་རིགས་རང་སྐྱོང་ཁོངས་སུ། དར་མདོ་རྫོང། བྲག་མགོ་རྫོང།  དཀར་མཛེས་རྫོང། ཉག་རོང་རྫོང། དཔའ་ཡུལ་རྫོང། སྡེ་དགེ་རྫོང། སེར་ཤུལ་རྫོང། གསེར་རྟ་རྫོང། བཅུ་གསུམ་རྫོང། རོང་བྲག་རྫོང། རྗེ་སྲིད་རྫོང། ཉག་ཆུ་རྫོང། བསྡུས་རྫོང། ལི་ཐང་རྫོང། ཤག་ཕྲེང་རྫོང། མདའ་པ་རྫོང། འབའ་ཐང་རྫོང། སྡེ་རོང་རྫོང་བཅས  ༡༨  ཡོད།
ལན་ཧྲན་དབྱི་རིགས་རང་སྐྱོང་ཁུལ་མངའ་ཁོངས་སུ། རྨི་ལི་བོད་དབྱི་རིགས་རང་སྐྱོང་རྫོང་གཅིག་དང།
ཡུན་ནན་བདེ་ཆེན་རང་སྐྱོང་མངའ་ཁོངས་སུ།
རྒྱལ་ཐང་རྫོང། བདེ་ཆེན་རྫོང། འབའ་ལུང་འདུས་སུང་རང་སྐྱོང་རྫོང་བཅས་རང་སྐྱོང་རྫོང་  ༣ ཡོད།
ཀན་ལྷོ་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ།
གཙོད་གྲོང་ཁྱེར་  ༡ དང།  སངས་ཆུ་རྫོང། ཀླུ་ཆུ་རྫོང། རྨ་ཆུ་རྫོང། འབྲུག་ཆུ་རྫོང། ཐེ་བོ་རྫོང། ཅོ་ནེ་རྫོང། དཔའ་རྩེ་རྫོང་བཅས ༧ ཡོད།
ཀན་སུའུ་ཝེ་ཝུ་ཨར་རང་སྐྱོང་ཁུལ་ལ་དཔའ་རི་རང་སྐྱོང་རྫོང་དང།
ཀན་སུའུ་ཀྲང་ཡུའུ་ས་ཁུལ་དུ་ཡུ་གུ་མི་རིགས་རང་སྐྱོང་རྫོང་བཅས་ཡོད་དོ།
མཆན། —— ༼  དྲ་ལམ་ནས་ཕབ་སྒྲིག་ཞུས་པ་ཡིན། ༽


  གངས་དཀར་སེམས།
 

10.01.2014 04:36:33

བོད་ཁམས་ཡོངས་ཀྱི་རྒྱ་ལུགས་ཀྱི་རྫོང་ཁག་དབྱེ་སྟངས་འདི་དྲ་ལམ་ནས་ཕབ་བསྒྲིག་བྱས་ཡོད། ཡིག་སྒྱུར་བ་རྣམས་ལ་ཏོག་ཙམ་ཕན་རེ་བྱས་པ་ཡིན།

 
 
13.01.2014 22:37:28

ཐུགས་རྗེ ཆེ། དགོས མཁོ་ཆེན་པོ་འདུག

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -