ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

22.11.2013 13:22:32
ཁྲུང་ཁྲུང་དཀར་པོའི་བུ།

༄༅། །ལི་ཐང་དགོན་ཆེན་ནི།༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གིས། ཕྱི་ལོ་ ༡༥༨༠ ལྕགས་ཕོ་འབྲུག་གི་ལོར་ཐོག་མར་ཕྱག་བཏབ་ཅིང། དགོན་ཆེན་གྱི་མཁན་རབས་དང་པོ་༸རྒྱལ་མཆོག་བསོད་ནམས་རྒྱ་མཚོ་མཆོག་ནས་བཟུང་ད་ལྟའི་བར་མཁན་རབས་དགུ་བཅུ་ལྷག་ཙམ་ཕེབས་ཡོད་པ་དང། ད་དུང་ཁུལ་དེར་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་དང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་མཆོག་སོགས་བླ་མ་སྐྱེས་ཆེན་དམ་པ་མང་པོ་སྐུ་འཁྲུངས་པ་དང་ཡུལ་ཁམས་ཀྱི་གནས་བབ་དབང་གི་ལི་ཐང་དགོན་པ་ནི་ལོ་རྒྱུས་ཐོག་ཁམས་ཕྱོགས་ཀྱི་ཆོས་སྡེ་ཆེ་ཤོས་ཤིག་ཆགས།
བོད་དུ་དུས་འགྱུར་སྐབས་དགོན་གནས་དེར་གཏོར་བཤིག་ཚབས་ཆེན་ཕོག་ཡོད་རུང། ཕྱིས་སུ་དགོན་པ་གསར་བཞེངས་ཀྱིས་ད་ལྟའི་སྐབས་མཚན་ཉིད་གྲྭ་ཚང་དང་སྒྲུབ་གྲྭ་སོགས་སློབ་གཉེར་བྱ་སའི་བསྟི་གནས་ལེགས་པོ་ཞིག་ཆགས་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༦ ཉིན་བོད་ནང་གི་དགོང་མོའི་ཆུ་ཚོད་ ༩།༣༠ ཐོག་གློ་བུར་དུ། བྱམས་ཆེན་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་ཆེ་མོ་ལ་མེ་སྐྱོན་བྱུང་ནས། རྟེན་དང་བརྟེན་པ་བཅས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པའི་རྐྱེན་ངན་དེ་བྱུང་བའི་རྗེས་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་སྨྲ་བའི་མཁས་དབང་དང་རྩོམ་པ་པོ། ལ་རྒྱ་འཛིན་པ་དག་གི་གདུང་སེམས་ཉམས་བསྐྱིད་ཀྱི་རྩོམ་ཡིག་སོགས་གསར་འགྱུར་དུས་ཐོག་ལ་སྤེལ་སོང་། དམིགས་བསལ་དགོན་གནས་རྩ་ཆེན་དེ་ལྟ་བུར་གློ་བུར་གོད་ཆག་བྱུང་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་འཚབ་ཆེན་པོའི་ངང་དགོན་གནས་དེ་དང་འབྲེལ་ཆགས་ལི་ཐང་བའི་སེར་སྐྱ་མི་མང་ཡོངས་ལ་སྙིང་ནས་ཐུགས་གསོ་དང་སྔར་བཞིན་བཤད་སྒྲུབ་ཀྱི་བསྟི་གནས་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དམ་པར་སླར་གསོ་འཕྲལ་མྱུར་ཡོང་བའི་རེ་སྨོན་ཞུ་གནང་འདུག དེ་བཞིན་བོད་རང་ལ་མཚོན་ན་འབའ་ཆོས་སྡེ་དགོན་སོགས་བོད་ཀྱི་དགོན་སྡེ་ཁག་གི་མཁན་པོ་དང་ཡུལ་ལུང་ཁག་གི་འཐུས་མི་མང་པོ་ཞིག་ཕེབས་ནས་དགོན་གནས་དེ་དང་འབྲེལ་ཆགས་ལི་ཐང་བའི་ལྷ་སྡེ་མི་སྡེ་ཡོངས་ལ་གདུང་སེམས་མཉམ་བསྐྱིད་གནང་བཞིན་པ་རེད་འདུག དམིགས་བསལ་ལི་ཐང་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལི་ཐང་ཤོག་དྲུག་སྐྱབས་མགོན་མཆོག་གི་དགོན་པར་མེ་སྐྱོན་ཤོར་བའི་དོན་རྐྱེན་དེར་ཐུགས་སྨོན་དང་འདུས་ཁང་གསར་བཞེངས་ཆེད་རྒྱ་སྒོར་ཁྲི་སུམ་བརྒྱ་གནང་འདུག དེ་བཞིན་ལི་ཐང་མཚན་ཉིད་གྲ་ཚང་གི་མཁན་ཟུར་སྐྱབས་རྗེ་བཞག་པ་རིན་པོ་ཆེ་མཆོག་ནས་རྒྱ་སྒོར་ཁྲི་ཆིག་སྟོང་གནང་འདུག གཞན་ཡང་ཨ་སྤེན་གྱི་སྐད་འཕྲིན་དུ་བཀོད་གསལ་ལི་ཐང་སྐྱབས་མགོན་མཆོག་ནས་དོན་རྐྱེན་དེར་བརྟེན་ནས་ཞལ་འདེབས་སློང་བ་སོགས་མི་མང་ལ་རྡབ་སིག་མ་གཏོང་ཅེས་བཀའ་ཕེབས་འདུག ལོ་རྒྱུས་ཀྱི་གནང་བའི་སྤོགས་པ་ནི་ལི་ཐང་མི་མང་གི་སེམས་སུ་བཞག་འོས་པ་ཞིག་ཡིན། སྔ་ཕྱིར་གཏོར་བཅོམ་དང་གནོད་ཚེ་ཐེངས་འགའ་ཕོག་མྱོང་བའི་ལི་ཐང་དགོན་ཆེན་ཀྱི་ལོ་རྒྱུས་ནང་་ཁ་གསལ་ཞུས་ན་སྔ་ལས་ཇེ་བཟང་དང་ཇེ་ལེགས་སུ་བཏང་ཡོད་པ་ནི་ཡོངས་གྲགས་ཀྱི་སྐད་ཆ་དང་དངོས་ཡོད་གྱི་གནས་ཚུལ་ཞིག་རེད་། དངོས་གནས་དོན་རྐྱེན་འདི་བྱུང་བའི་ཉིན་བདུན་ནང་ཧེན་སྒོར་འབུམ་ཆིག་སྟོང་ལྔ་བརྒྱ་ལྷག་གསར་བཞེངས་ཆེད་བྱུང་བ་ནི་བོད་མི་རིགས་ཀྱི་ཆོས་རིག་ཀྱི་དགེ་མཚན་ངོམས་ཆོག་པ་ཞིག་དང་༧རྒྱལ་མཆོག་གསུམ་པ་མཆོག་གི་ཐུགས་བསྐྱེད་སྨོན་ལམ་དང་འཕྲིན་ལས་རང་རེད།  གཞན་ཡང་བོད་ཀྱི་སྲོག་ཤིང་ལྟར་གྲགས་པ་ལི་ཐང་དགོན་ཆེན་གྱི་ལོ་རྒྱུས་ནི་ལི་ཐང་མི་མང་གི་སེམས་སུ་ཆེས་འབུར་ཏུ་ཐོན་པའི་ལོ་རྒྱུས་ཤིག་རེད་ལ་བོད་གངས་ཅན་གྱི་ལས་སྐལ་དུ་འཁྲུངས་པའི་༧རྒྱལ་མཆོག་སྐུ་ཕྲིང་རིམ་བྱོན་གྱི་དམིགས་བསལ་གཟིགས་ཞིབ་གནང་བའི་བོད་ཀྱི་ཆོས་སྡེ་དམིགས་བསལ་བ་ཤིག་ཀྱང་ཡིན་པ་རེད། དེ་མིན་དགོན་ཆེན་འདིར་དམིགས་བསལ་འབྲེལ་བ་ཡོད་པའི་ལི་ཐང་མང་གི་སྙིང་སྟོབས་དང་མཁྱིན་རྒྱ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་ལྷ་དམག་དང་གེ་སར་རྒྱལ་པོའི་ལྷ་སྒྲུང་དང་མི་འདྲ་བར་དུས་རབས་འདིའི་ལོ་རྒྱུས་ནང་ཅིག་གྱུར་ཏུ་ངོས་འཛིན་ཐོབ་པའི་དམག་དཔོན་ཆེན་མོ་ཛ་སག་ཨ་འབྲུག་མགོན་པོ་བཀྲིས་མཆོག་དང་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་དེང་རབས་ཀྱི་ཤེས་ཡོན་རྩེ་སོན་ཐོབ་པའི་འབུམ་རབས་པ་དང་པོ་དཔལྡན་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ཀྱི་དཔེ་མཚོན་དུ་འཐུས་་ངེས་རེད་། ཆེས་འབུར་ཏུ་ཐོན་པའི་སྙོང་སྟོབས་དང་མཁྱིན་ཡོན། ལྷག་བསམ། ལ་རྒྱ་བཅས་ནི་ལི་ཐང་མི་མང་གི་སྤོགས་པ་རང་ཡིན་པས་ནམ་ཡང་བོད་ཀྱི་ལོ་རྒྱུས་ཁྲོད་ལི་ཐང་དགོན་ཆེན་ལ་གུས་བརྩི་གནང་ངེས་རེད་ལ་ཐེངས་འདི་གནོད་སྐྱོན་ཕོག་པ་དེར་གདུང་སེམས་མཉམ་བསྐྱེད་བྱེད་པ་ནི་གཏམ་དཔེ་ནང་བཟང་པོ་ལ་བཟང་ལེན་དགོས་ཅེས་པའི་དཔེ་ལྟར་འོས་བབ་ཆེ་བ་ཞིག་ཡིན་པ་བཤད་ག་ལ་དགོས་།།

 


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -