ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

18.09.2013 02:44:44
བྱ་ཁྲ་བསོད་ནམས།

སྔོན་དུས་ཟིན་བྲིས་ཐོག་ཡོད་པའི་རྩོམ་ཡིག་འདི་བསྐྱར་བཀོད་དང་ཤམ་བྷ་ལའི་ཟིན་བྲིས་ཐོག་གི་དྲ་གྲོགས་གསར་རྙིང་ཡོངས་ལ་འཚམས་འདྲི་དང་ལྷན། ལོ་གཉིས་ཙམ་དྲ་ཐོག་འདིར་བཅར་མ་ཐུབ་པར་དགོངས་དྭངས་ཀྱང་ཞུ་རྒྱུ་ཡིན།

གངས་ཅན་ཆོལ་གསུམ་སྤུན་ཟླ། ། གདུང་དྲུག་རིགས་ལས་མཆེད་པ། །
སྤུན་ཟླའི་འདུན་ཤེས་མངའ་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །
གངས་ལྗོངས་བདེན་པའི་ལོ་རྒྱུས། ། འཆི་བའི་སྲོག་ལ་ཐུག་ཀྱང༌། །
སྨྲ་བའི་བློ་སྟོབས་ལྡན་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །

གངས་ལྗོངས་མི་རིགས་བླ་སྲོག ། ཆོས་དང་རིག་གཞུང་བཟང་པོ། །
མི་ཉམས་རྒྱུན་འཛིན་ཐུབ་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །
གངས་ཅན་སྣོད་བཅུད་ཁྱད་ནོར། །  གཏོར་སྐྱོན་དགྲ་ཇག་ཁ་ལས། །
ཉེན་སྲུང་གཅེས་སྐྱོང་བྱས་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །
གདུང་དྲུག་རིགས་རྒྱུད་ངག་ལས། ། བྱུང་བའི་སྐད་དང་ཡི་གེ། །
རྒྱུན་སྤྱོད་གཅེས་འཛིན་གནང་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །

18.09.2013 12:39:20

ཁམས་བཟང་། བརྩེ་བའི་བྱ་ཁྲ་བསོད་ནམས་ལགས་སུ་འཚམས་འདྲི་དང་བཅས་སྐུ་ཁམས་གསལ་ཐང་ངང་སླར་ཡང་ཕེབས་གནང་བར་དགའ་བསུ་གྲངས་མེད་ཞུ།

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 
| -