ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

14.09.2013 07:12:56
གངས་དཀར་སེམས།

images/stories/45/images.jpgདེ་སྔོན་མི་གཤིས་སྐོར་ཉམས་ཞིབ་བྱེད་མཁན་མཁས་དབང་ཞིག་གིས་ཞིང་པ་རྒན་པོ་ཞིག་ལ་བརྩེ་དུང་དང་གཉེན་སྒྲིག་གཉིས་ལ་ཁྱད་པར་ག་རེ་ཡོད་དམ། ཞེས་དྲིས་སྐབས་ཞིང་པ་རྒན་པོས།  དྲི་བ་དེར་ལན་འདེབས་བྱས་ན་སྟབས་བདེ་ཞིག་ཡིན། ཁྱོད་རང་མོ་ཞིག་དང་མཉམ་དུ་ཉལ་རྗེས་སང་ཉིན་སླར་ཡང་མོ་དེ་དང་ཉལ་སྙིང་འདོད་ཀྱི་འདུག་ན་དེ་ནི་བརྩེ་བ་དང་། ཁྱོད་རང་མོ་ཞིག་དང་ཉལ་རྗེས་སང་ཉིན་ཡང་མོ་དེ་དང་མཉམ་དུ་ངེས་པར་དུ་ཉལ་དགོས་པ་དེ་ནི་གཉེན་སྒྲིག་རེད། ཅེས་བཤད།


མཁས་དབང་དེ་ཡ་མཚན་དང་ཡིག་སྨོན་གཅིག་ཅར་གྱིས་ཞིང་པ་རྒན་པོར་ལྟ་བཞིན། འོ་ཡ།  དེ་ནི་ངས་དུས་རབས་ཕྱེད་ཙམ་ཞིབ་འཇུག་བྱས་པའི་བརྗོད་གཞི་ཡིན། འོ་ན་ངས་དེ་རིང་ལས་ཀ་བྱས་ཀྱང་སང་ཉིན་མུ་མཐུད་ལས་འདོད་ཡོད་པ་དེ་སྒེར་གྱི་བྱ་བཞག་ཡིན། དེ་མིན་ལས་ཀ་ཚར་ནས་སླར་སང་ཉིན་མུ་མཐུད་བྱ་དགོས་པ་དེ་ནི་ལས་གནས་ཙམ་རེད། མཉམ་དུ་ཇ་འཐུང་རོགས་ཡོད་པ་དེ་དང་སང་ཉིན་སླར་ཡང་ཇ་མཉམ་དུ་འཐུང་སྙིང་འདོད་ན་དེ་ནི་གྲོགས་པོ་རེད། དེ་རིང་མཉམ་དུ་ཆང་རག་འཐུང་ནས་སང་ཉིན་ཡང་མཉམ་དུ་འཐུང་རོགས་དགོས་པ་དེ་ནི་གྲོགས་པོ་མིན་པར་མགྲོན་པོ་རེད། དེ་རིང་ཟས་ཟ་ཚར་རྗེས་སང་ཉིན་ཡང་ཟ་སྙིང་འདོད་པ་དེ་ཟས་ཞིམ་པོ་རེད། དེ་རིང་ཟས་ཚར་རྗེས་སང་ཉིན་ཡང་ངེས་པར་ཟ་དགོས་པ་དེ་ཟས་ཁོ་ན་ཙམ་རེད།


གོང་གསལ་ལྟར་ཁྱོད་ཀྱི་ཕ་མ་གཉིས་རྒས་འཁོག་ཆགས་པ་ཡིན་ན། ཁོང་གཉིས་ཀྱིས་གཅིན་སྐྱག་ཉལ་ཆས་ནང་བཏང་ཤོར་འདུག་ན་དེ་ལ་བུ་རྒྱུད་ཡིན་པའི་ངོས་ནས་ཚོགས་གཏམ་མ་བསྒྲགས་རོགས། གང་ཡིན་ཟེར་ན་དེ་སྔོན་ཕ་མ་གཉིས་ཀྱིས་ཁྱོད་ཀྱི་གཅིན་སྐྱག་ཉལ་ཆས་ནང་བཏང་བ་ཚང་མ་གཙང་མ་བཟོས་མྱོང་བས་ཡིན། ཕ་མ་རྒས་འཁོག་ཆགས་རྗེས་མགྱོགས་པོ་ཕེབས་མ་ཐུབ་ན་དེར་ངར་སྐད་མ་སྒྲོག་རོགས།  གང་ཡིན་ཟེར་ན་དེ་སྔོན་ཁྱོད་རང་འདི་ལྟར་འཁྱར་འཁྱོར་ངང་གོམས་ཞག་རེ་རེ་སྤོས་པ་དེ་ཕ་མ་གཉིས་ཀྱིས་ལག་ཆུང་ནས་འཇུས་སྟེ་དེ་རིང་འགྲོ་ཤེས་པ་ཆགས་པས་རེད།


ཕ་མ་རྒས་འཁོག་གཉིས་རྒས་ཤིང་འཁོག་པའི་རྐྱེན་གྱིས་རྒྱུན་དུ་གྱོན་ཆས་ཐོག་ཁ་ཆུ་དང་སྣ་ལུད་ཀྱིས་བཙོག་པ་བཟོས་པར་སྣང་དོག་མ་བྱེད་རོགས། གང་ཡིན་ཟེར་ན་དེ་སྔོན་ཕ་མ་གཉིས་ཀྱིས་འདི་ལྟར་རྒྱུན་དུ་ཁྱོད་ཀྱིས་རྫོགས་མཐའ་མེད་པའི་སྣ་ལུད་དང་ཁ་ཆུ་གཙང་མ་བཟོས་མྱོང་བས་རེད། ཕ་མ་རྒས་ཤིང་འཁོག་པའི་རྐྱེན་གྱིས་གསུང་སྐད་ལྡབ་ལྡུབ་ཏུ་སྨྲ་བར་བུ་རྒྱུད་ངོས་ནས་ཁོང་དགོད་མ་ཤོར་རོགས། གང་ཡིན་ཟེར་ན་དེ་སྔོན་ཁྱོད་རང་ཡང་འདི་ལྟར་སྐད་ཆ་ཚིག་གཅིག་མི་ཤེས་མཁན་ནས་ཕ་མ་གཉིས་ཀྱིས་ཨ་མ་ཟེར་བའི་མིང་ཚིག་འདི་ནས་འགོ་བརྩམས་ཁྱོད་ལ་མིའི་སྐད་བརྡ་བསླབ་མྱོང་བས་རེད།



  གངས་དཀར་སེམས།
 

16.09.2013 07:09:27

རྩོམ་འདི་ཡག་གི རྐུ་བཤུ་བྱས་ཡོད་

 
 
17.09.2013 02:37:10

ལོས་ཀྱང་འགྲིག དགའ་བསུ་ཡོད།

 
 
20.09.2013 06:46:49

ཡག་པོ་འདུག

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -