ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

22.08.2013 22:35:01
གངས་དཀར་སེམས།

འགྲོ་བ་མི་ལུས་ལེན་ནས་བཟུང་།།
འདྲ་མཉམ་བྱང་སེམས་ས་བོན་མཆིས།།
སྐྱེ་ས་སྐྱེས་ཁུངས་སྙིང་ལ་ཡོད།།
སེམས་ལ་རུས་པ་ལོས་ཀྱང་ཡོད།།


སྙན་མོ་སྐད་དག་འཇོལ་མོ་མིན།།
ངར་སྐད་ཡོད་ཚད་སེང་སྒྲ་མིན།།
དགོད་སྒྲ་ཡོད་ཚད་མཛའ་བརྩེ་མིན།།
ངོ་དགའ་འཁྲབ་ཚད་གུས་བརྩི་མིན།།


ཁ་བཤད་ཡིན་ཚད་དོན་སྙིང་མིན།།
ཆུ་ཕྲན་ཅ་ཅོ་གཞན་ལས་མང་།།
ཁྲག་དོག་འགྲན་སེམས་མེ་ཆུ་ཡིས།།
གཞན་སེམས་དཀྲུག་པ་ཐེངས་གཅིག་མིན།།


མི་གསལ་ལྡབ་ལྡིབ་སྨྲ་བ་འདི།།
སྐད་རིགས་གཞན་ཞིག་ཤོད་པ་མིན།།
དོན་མེད་ངག་འཁྱལ་སྨྲ་ཆེ་བས།།
ལྕེ་ལ་ཨ་ཐང་ཆད་རྒྱུ་མེད།།

༼གཡར་ཚིག༽


མི་ཚོགས་དབུས་སུ་གཡོ་འཕྲབ་དང་།།
གྲོགས་པོའི་མདུན་ནས་ཡག་མདོག་བཏོན།
བཟའ་ཟླའི་ངོས་སུ་རྫིག་ཉམས་ངོམས།།
ལུས་སེམས་གཉིས་ལ་རུལ་དྲིས་ཁྱབ།།


རྙིང་པར་བསྟོད་ན་གསར་ལ་དགའ།།
ལེགས་པོར་བསྟོད་ན་ངན་སེམས་གཡོ།།
བཟང་ངོ་བཤད་ན་སྡུག་གོ་ཟེར།།
ཕན་ནོ་ཟེར་ན་གནོད་འཚེ་བཤད།།


མཐོན་པོའི་བླ་མར་ཁྱོད་མི་གུས།།
དམན་པའི་མི་ལ་ཕན་སེམས་མེད།།
འདྲ་མཉམ་ནང་དུ་འགྲན་སེམས་ཆེ།།
སྡང་ཕྱོགས་བཟུང་ནས་ཤུགས་ཀྱིས་བཙིར།།


གོ་རིམ་འཆོལ་ལ་རྩ་སྨྱོན་འདྲ།།
མཐོ་དམན་མི་ཤེས་དུད་འགྲོ་འདྲ།།
རང་ངོ་རང་གི་ཤེས་པར་གྱིས།།
གཞན་ལ་སྡིག་དམོད་ཉུས་ཙམ་བྱོས།།


ཡ་རབ་བཟང་སྤྱོད་ཁྱོད་ལ་དབེན།
ཚུལ་མཐུན་སེམས་བསྐྱེད་རིང་དུ་བྲལ།།
སུ་དང་མི་འདྲ་དྲན་འཕྲུལ་ཅན།།
སྙིང་པོ་མེད་པའི་འུར་སྒྲ་མང་།།


ཁྱོད་ལས་ལྷག་པ་མེད་ཀོ་ཟེར།།
གཞན་ལས་སྡུག་ཅིག་མེད་དོ་ཟེར།།
གཞན་དོན་སྤུ་ཙམ་སེམས་ལ་དབེན།།
ལྟོ་གོས་ཙམ་གྱིས་མི་ཡུལ་འཁྱམ།།


བདག་འཛིན་ཁ་ཕོ་གཡག་ཙམ་འཛིན།།
གཞན་ངོ་མཐོང་སྣང་ཏིལ་འབྲུ་ཙམ།།
བདག་འཛིན་ཅན་གྱི་ངོ་གདོང་འོག།
ལུས་ཀྱི་འགུལ་སྤྱོད་དེ་བས་ལོད།།


ཕྱོགས་རིས་མེད་ཟེར་ཕྱོགས་གཏོགས་བསྒྲིག།
འཐེན་འཁྱེར་མེད་ཟེར་ཕ་རོལ་སྡང་།།
སོ་སོའི་ངོས་ལ་ཁེངས་དྲེགས་དེ།།
མི་སྡུག་མདོག་ངན་བཏོན་པ་ཙམ།།


ང་འདྲ་ང་ངོ་ལོས་ཀྱང་ཤེས།།
ས་འདི་ས་ངོ་ལོས་ཀྱང་འཕྲོད།
གངས་ཅན་མོ་ཡི་རིགས་ཅིག་ཡིན།།
མ་གཞིས་དོར་དགོས་ལས་དབང་ཡིན།།


ཤེས་བྱ་སྣ་ཚོགས་ཆུང་ནས་བརྩོན།།
བང་རྩལ་ཆེ་བའི་རྟ་ཡང་ཞོན།།
སྐྱོ་བའི་སྐྱུར་ཆུ་མ་འཐུང་མེད།།
དགའ་སྤྲོའི་རྩལ་ལ་མ་རོལ་མེད།།


ཁྱོད་འདྲ་མཐོང་བ་ཉུང་ཉུང་མིན།།
ཁྱོད་འདྲ་བསྟུལ་ལ་དཔའ་མི་ཞུམ།།
མ་མི་མིན་མེད་དགའ་སྒྲ་ཡོངས།
ཁྱོད་ཀྱི་མ་ཎི་རྒྱུན་སྤྱོད་ཡིན།།


སྐྱེས་ཕོ་ཟེར་ཡང་ཚུགས་ཀ་ཤོར་།།
ཤེས་རབ་ཟེར་ཡང་སྡང་སེམས་ལྕི།།
ཡུན་རིང་བཟོད་ཀྱང་དེ་རིང་བར།།
སུག་བཞི་ཅན་ཚོར་སྙིང་རེ་རྗེ།།།།


༢༠༡༣    ཟླ   ༨  ཚེས  ༢  ཉིན་ཡིག་ཚང་དུ་ཤར་མར་བྲིས།


  གངས་དཀར་སེམས།
 

25.08.2013 03:34:05

བཀུར་འོས་ཨ་ཅག་གངས་ལྷ་མཆོག་ནས་སེམས་ཚོར་དྲགས་པོའི་བྲིས་འདུག་་་་་་ངོ་མ་བཟང་།

 
 
26.08.2013 07:36:53

ཡ་ཡ་་་་་་ཡག་བྱུང་ལགས། ་་ཧཧ

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -