ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

09.08.2013 01:50:53
མྱི་རྡོ།

རིག་བཞུང་།

རྨོངས་དད་ན་བུན་འཁྲིགས་པའི་མུན་ཀློང་ན། །
དཀར་པོ་ལྷ་ཞིག་དགོས་པའི་རྨི་ལམ་རྨི། །
ནག་པོ་འདྲེ་ཞིག་ཡོད་པའི་དོགས་སྐྲག་སྐྱེ། །
མི་ཡུལ་བདེ་སྐྱིད་འཚོ་བ་ངོ་མ་ཤེས། །


 


སྤྲིན་ལས་ཆུ་རྡུལ་འཐོར་བ་ཀླུས་བྱས་ཟེར།།
གནམ་ནས་སེར་བ་འབབ་པ་འདྲེས་བྱས་ཟེར། །
ཆུ་རྡུལ་ཉི་འོད་འཚེར་བ་བཟང་རྟགས་ཟེར། །
རང་བྱུང་འབྱུང་བའི་གཡོ་འགུལ་མ་ཤེས་འདུག།

ལམ་ཁ་བྱི་ལས་བཅད་པ་བདུད་རེད་ཟེར། །
འུག་པས་རང་སྐད་རྒྱག་པ་ལྟས་ངན་ཟེར། །
ནམ་གུང་རྟ་པོ་འཚེར་བ་ངན་རྟགས་ཟེར།།
དུད་འགྲོའི་འགུལ་སྤྱོད་ཙམ་ལ་རྟོག་ངན་འཁོར།།


གནམ་གྱི་ཉི་མ་འདི་ཡང་ལྷ་རེད་ཟེར། །
མཚན་མོའི་ཟླ་བ་འདི་ཡང་ལྷ་རེད་ཟེར། །
ནམ་མཁའི་སྐར་མ་འདི་ཚོ་ལྷ་རེད་ཟེར། །
ཐམས་ཅད་ལྷ་རུ་རློམ་པའི་སྒོམ་འདི་སྐྱིད།།


བོད་ཀྱི་གངས་རི་ཕལ་ཆེར་ལྷ་ཡི་རེད། །
བོད་ཀྱི་བྲག་རི་ཕལ་ཆེར་བཙན་གྱི་རེད།།
བོད་ཀྱི་ཆུ་བོ་ཡོད་ཚད་ཀླུ་ཡི་རེད། །
ང་ཚོ་བོད་པར་ས་ཞིག་གང་ན་འདུག།


བུ་མོ་བརྒྱ་ལས་གོ་དགུ་འདྲེ་རེད་ཟེར། །
སུམ་མདོ་ཐམས་ཅད་འདྲེ་མོ་འདུ་ས་ཟེར།།
ཀྱེ་མ་མི་ལ་མི་ངོ་མ་ཤེས་པར། །
ཐམས་ཅད་འདྲེ་རུ་བརྩི་བ་ཨ་ཙ་མ། །



ལྷ་འདྲེ་འདི་ཚོ་ང་ཚོའི་བདག་པོ་རེད།།
ང་ཚོ་ཐམས་ལྷ་འདྲེའི་བྲན་གཡོག་རེད།།
འདི་དང་འདི་ཚོ་བོད་ཀྱི་རིག་གཞུང་རེད།།
དགོས་དང་མི་དགོས་ང་ཚོས་བརྟགས་དང་ཤེས།།


ནང་ཆོས།

བརྩོན་འགྲུས་སྤེལ་བའི་སྒྲུང་ཞིག་གིས།།

ཐོགས་མེད་ལྷ་ཡི་གནས་སུ་བསྐྱལ།།

ཁུངས་ལུང་འཚོལ་དུ་མི་བཏུབ་སའི།།

ཤེར་ཕྱིན་ཀླུ་ཡི་ཡུལ་ནས་རག།

ཀླུ་ཡི་སྦལ་ལྕོང་མིར་གྱུར་ནས།།

གསང་སྔགས་ཉམས་སུ་བླངས་སོ་ཞེས།།

ངོ་མཚར་ཆེ་བའི་ལྷ་སྒྲུང་འདིར།།

བག་ཙམ་དཔྱོད་དང་ཤེས་རྒྱུ་ཡོད།།


དབུ་མའི་རང་སྟོང་འབྲུག་སྐད་དེ།།
དཔྱད་ན་སིལ་བུར་དབྱེ་བ་ཙམ།།
ལུག་དང་ལུག་གུ་འདི་གཉིས་ལས།།
ལུག་གཞན་མེད་པ་ལུག་རྫིས་ཤེས།།


གཞན་སྟོང་གཞན་དག་ཅི་ཡང་མིན།

རྟ་རྒན་གླང་ངུ་མ་ཡིན་པར།།

ཤེས་ན་དེ་ག་ཉིད་དུ་ཟད།།

གཞག་དག་ཅི་བཤད་ཟག་ཟོག་གོ།


སློབ་མ་དབང་དུ་བསྡུ་བའི་ཕྱིར།།

གསང་སྔགས་དམ་ཚིག་ཤིན་ཏུ་ལྕི།།

འདོད་པའི་ཀུན་དཀྲིས་ཤུགས་རྒྱས་ན།།

གཞན་གྱི་ཆུང་མ་བསྟེན་དགོས་ཟེར།།


ཀུན་སློང་བཟང་ངན་ཅི་བསྒྲགས་ཀྱང་།།

འདི་ཚོ་འདུལ་བའི་ལུགས་དང་འགལ།།

ཡ་རབས་དམ་པའི་སྲོལ་དང་འགལ།།

མ་ཟད་མི་ཆོས་ཁྲིམས་དང་འགལ།།



ཚན་རིག་རྗེས་སུ་བསྙེགས་གྲགས་པའི།།

དུས་ཀྱི་འཁོར་ལོ་རྒྱུ་ལམ་ནས།།

རི་རབ་བོང་རླིག་འདྲ་བ་འདིས།།

རང་མཚང་ཅུང་ཟད་བསྟན་ནས་འདུག།


ཤེས་བྱ་ཐམས་ཐག་གཅོད་པའི།།

ཚད་མ་རིག་པའི་མིག་ལམ་དུ།།

ཆེ་ཆེ་རི་རྭ་ཡོད་མེད་ཙམ།།
ཕུ་ཐག་མ་ཆོད་དགོད་རེ་བྲོ།།


མཐོང་ཆོས་སྣོད་བཅུད་འཇིག་རྟེན་ཁམས།།

ཐལ་འགྱུར་རིགས་པས་ཐལ་བར་བརླགས།།

མ་མཐོང་དམྱལ་བ་ཡི་དྭགས་ཀྱི།།

བཀོད་པ་སྣ་ཚོགས་བློ་ཡིས་བསླངས།།


བདུད་བཞིའི་གཡུལ་ལས་རྒྱས་ཟེར་ཡང་།།

ཐུབ་པ་འདི་ཡང་འཆི་དགོས་འདུག།

འཆི་མེད་རིག་འཛིན་ཐོབ་ཟེར་ཡང་།།

མ་ཤི་བསྡད་པ་གོ་མ་མྱོང་།།


གཡལ་ལུག་ར་གསུམ་དམར་མཆོད་དེ།།

ཨ་མྱེ་བོན་གྱི་ཕྱག་སྲོལ་རེད།།

དར་མ་མདོ་སྡེའི་དམར་མཆོད་དེ།།

ཚ་བོ་རྭ་ལོའི་བྱས་རྗེས་རེད།།


ཟན་གྱི་སྒྱོགས་གཅིག་ཕར་འཕངས་ནས།།

ལྕགས་ཀྱི་མདེའུ་ཚུར་བབས་སོང་།།

ཛམ་ལྷའི་གཡང་ཞིག་ཚུར་བོས་ཀྱང་།།

ཡོད་ཚད་ཐམས་ཅད་ཕར་ཤོར་སོང་།།


ཚད་མ་རིགས་པ་རྣོ་ཟེར་ཡང་།།

རང་ས་ཤོར་བ་ཤེས་མི་འདུག།

ལྒང་བུ་ཐན་གྱི་རྐྱལ་པར་ནོར།།

མདོས་དང་བཟློག་པ་བྱས་རབས་འདུག།


འདི་དང་འདིའི་འདྲའི་གཏམ་རྒྱུད་དག།

བཤད་ན་རྫོགས་པར་ཡོངས་མི་འགྱུར།།

གསེར་ཤུན་གྱོན་པའི་རིག་གཞུང་འདིའི།།

ནང་སྙིང་ཅུང་ཟད་བསྔོགས་པ་ལགས།།

 


  
 

09.08.2013 06:29:44

རྨོངས་དད་དྲི་མ་མེད་པའི་ཕོ་གསར་ཞིག
ཆོས་ལུགས་ཅི་ཡིན་ཤེས་པའི་རྟོག་སད་ཤིག
བདེན་གཏམ་གླུ་རུ་ལེན་པའི་གླུ་བ་ཞིག
ཅི་ཙམ་མང་ན་དེ་ཙམ་སེམས་པ་སྐྱིད།་་་་་་་་

 
 
09.08.2013 09:19:09

རྨོངས་དད་ཚར་གཅོད་མ།

 
 
09.08.2013 11:22:12

རྨོངས་དད་ཀྱི་ཕ་ཡུལ་ལ་ཕར་ལྟ་དུས་ཐམས་ཅད་གཉིད་འཐུག་པོ་ཞིག་གི་འོག་ནས་རྨི་ལམ་མངར་མོ་ཤ་སྟག་རྨིས་ཤིང་དེའི་་རྗེས་འདེད་ཀྱིན་འདུག སྐབས་དེར་ཨ་ཞང་གྲུང་པོ་དེས་མགོའི་ཀླད་པ་དང་ཁོག་པའི་སྙིང་དམར་ཛ་རེ་བཏོན་ནས་སོང་ཡང་།
ཁོང་ཚོ་སྔར་བཞིན་རྨི་ལམ་ནས་སྨོན་ལམ་འདོན་བཞིན། གསོལ་བ་འདེབས་ཀྱིན། མཆོད་པ་འབུལ་བཞིན་འདུག

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -