ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

08.08.2013 06:56:19
གངས་དཀར་སེམས།

images/stories/45/200000031913127172636879086_f.jpg
གོང་རིམ་གྱི་འགོ་དཔོན་ཞིག་འབྲོག་རྭར་ལྟ་བསྐོར་སོང་སྐབས། འབྲོག་སྡེའི་གཞུང་ཞབས་པ་ཞིག་གིས་འགོ་དཔོན་ཁོའི་ཆེད་འབྲོག་པ་ཞིག་གི་ཁྱིམ་དུ་དགུང་ཟས་གྲ་བསྒྲིག་བྱས།  སྦྲ་གུར་ནང་འཛུལ་གྲབས་སྐབས་འགོ་དཔོན་གྱིས་གུས་ཞབས་ཡོད་མདོག་གིས།  ཨ་ཁུ་འབྲོག་པ་ཁྱེད་རང་སྔོན་ལ་སྦྲ་ནང་ཕེབས། ཁྱེད་རང་སྔོན་ལ་ཕེབས། ཅེས་བཤད་པར། ཨ་ཁུ་འབྲོག་པ་ཧ་ལས་ཧང་སང་མདོག་གིས་མ་རེད་མ་རེད་་་དེ་བས་དབུ་འཁྲིད་ལགས་སྔོན་ལ་ཕེབས་རོགས། ང་ཚོ་ཕྱུག་རྫི་དུད་འགྲོའི་རྗེས་སུ་འགྲོ་བར་གོམས་ཚར་འདུག་ཅེས་བཤད།


འབྲོག་སྡེའི་གཞུང་ཞབས་པས་འབྲོག་པར་གོང་རིམ་གྱི་འགོ་དཔོན་གྱི་ཆེས་དགའ་ཤོས་ཤ་འབྱར་རུས་འབྱར་རྡོག་བཙོས་དེ་དག་མདུན་ཅོག་སྒང་གཤམ་བཅུག་སྐབས། འགོ་དཔོན་དགའ་ཐག་ཆོད་དེ་ཤ་ཟ་བཞིན་བྲོ་བ་དཔེ་ཡག་པོ་འདུག  ཟས་སྟབས་བདེ་ཙམ་བཟོས་ན་འགྲིག་གི་རེད་པ།  འདི་འདྲ་དྲ་རྒྱས་པོ་བཟོ་དགོས་མ་རེད་ཡ། ཅེས་བཤད་ཁུལ་ལ།  ཨ་ཁུ་འབྲོག་པས་ག་བར་ག་བར། འདི་དྲ་རྒྱས་པོ་གཅིག་དང་རྩ་བ་ནས་མ་རེད།  ཤ་འབྱར་རུས་འབྱར་འདི་ཚོ་རྒྱུན་དུ་ཁྱི་ལྟོ་རེད་ཅེས་བཤད།

འབྲོག་སྡེའི་གཞུང་ཞབས་པ་འབྲོག་པར་བརྡ་སྤྲོད་ཅིང་མར་བསྡད་བཅུག་སྟེ། ཟས་མང་ཙམ་ཟོ། སྐད་ཆ་ཉུང་ཙམ་ཤོད། ཅེས་བརྗོད། ཨ་ཁུ་འབྲོག་པས། མ་རེད་མ་རེད། སྔོན་ལ་དབུ་འཁྲིད་མཆོག་གི་ཞལ་ལག་མཆོད་རོགས། ང་རང་ལ་བྲེལ་བ་ཁྱོན་ནས་མེད། ཉིན་ལྟར་དུས་ཚོད་འདིར་ངས་སྔོན་དུ་འབྲོག་ཁྱི་ལ་ཟས་སྟེར་ནས་སོ་སོས་རྗེས་ལ་ཟ་ཡི་ཡོད་ཅེས་བཤད།

སྐབས་དེར་གཞུང་ཞབས་པ་ཁོང་ཁྲོ་མེ་ལྟར་འབར་བཞིན། ཁྱོད་ཀྱིས་མིའི་སྐད་ཆ་བཤད་མི་ཤེས་སམ། ཞེས་ཨ་ཁུ་འབྲོག་པར་ཚོགས་གཏམ་བཏང་བར་འབྲོག་རྒན་ངུ་མ་དགོད་ཀྱིས་་་ང་འབྲོག་རྒན་ཞིག་མི་ཚེ་གཅིག་ནང་དུད་འགྲོ་དང་སྐད་ཆ་བཤད་ནས་བསྡད་པ་ཡིན་ཞེས་བརྗོད་པར་སྐད།

༼རྒྱ་ཡིག་ནས་ཕབ་བསྒྱུར་ཞུས།༽

 


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

11.08.2013 15:32:57

དངོས་གནས་སྙ་ན་པོ་འདུག་ཐུགས་རྗེ་ཆེ

 
 
12.08.2013 02:36:14

ཧཧཧཧ གཞུང་དྲང་ཨ་ཁུ་འབྲོག་པས་དཔོན་པོ་དེ་ཏག་ཏག་བཟོས་མི་འདུག་གམ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -