ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

02.07.2013 03:49:26
གངས་དཀར་སེམས།

images/stories/45/90.jpg
པྭ་ ཀི་སི་ཐན་ནང་གཅེན་གཅུང་བུ་མོ་གཉིས་ཆར་པའི་ནང་རྩེད་མོ་རྩེད་ཅིང་ཞབས་བྲོ་ འཁྲབ་སྟོན་བྱས་པའི་རྣམ་པ་དེ་བརྙན་པར་ནང་ཐེབས་པར་བརྟེན།   གཞོན་ནུ་མ་དེ་ གཉིས་ལ་ཁྱིམ་རྒྱུད་ཀྱི་མིང་རྗེས་ལ་འབག་བཙོག་བཟོས་པའི་ཉེས་མིང་བཙན་བཀལ་གྱིས་ མགོ་ལ་རས་ནག་གཡོག་པའི་སྐྱེས་པ་ལྔ་ཡིས་བུ་མོ་གཉིས་དམར་བསད་བཏང་བ་མ་ ཟད།  གཞོན་ནུ་མ་གཉིས་ཀྱི་ཨ་མའང་གཞན་གྱིས་བསད་འདུག  ཚོད་དཔག་ལྟར་ན་ལག་དམར་བ་ནི་གཅེན་གཅུང་དེ་གཉིས་ཀྱི་ཕ་གཅིག་ལ་མ་མི་གཅིག་པའི་གཅེན་པོ་ཞིག་རེད་འདུག


མོ་ལོ་བཅོ་ལྔར་སོན་པའི་ནྭོར་པ་ས་  Noor Basra དང་ལོ་བཅུ་དྲུག་ལ་སོན་པའི་ནྭོར་ཞི་ཛ་  Noor Sheza གཅེན་གཅུང་གཉིས་པཱ་ཀི་སི་ཐན་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་སུ་ཆྭི་ལ་ཟི་གྲོང་བརྡལ་ ནང་གནས་ཤིང་།  ལོ་ཕྱེད་སྔོན་མོ་རང་གཉིས་ཀྱི་གཟུགས་པོར་སྲོལ་རྒྱུན་གྱི་ཆས་ གོས་གྱོན་ནས་ཁྱིམ་གྱི་སྒོ་ཁར་ཕྲུ་གུ་གཞན་གཉིས་དང་མཉམ་དུ་རྒྱུག་ཤར་གློད་ནས་ རྩེད་མོ་རྩེས་པ་དང་།   དེ་ནས་མོ་རང་གཉིས་ཀྱིས་ཞབས་བྲོ་འཁྲབ་སྐབས་གཞན་གྱི་ བརྙན་པར་རྒྱབ་ཅིང་པར་ངོས་ནས་འཛུམ་མདང་བཏོན་ཡོད་པ་རེད།

བརྙེན་ འཕྲིན་ཐུང་ཐུང་དེ་ལག་འཁྱེར་ཁ་པར་བརྒྱུད་དྲ་ལམ་དུ་ཁྱབ་དར་སོང་རྐྱེན།   གྲོང་ བརྡལ་ནང་གི་མི་མང་པོ་ཁོ་ཁྲོ་ལངས་ཡོད་འདུག ཟླ་བ་སྔོན་མའི་ཚེས་ཉེར་གསུམ་ ཉིན།  གཅེན་གཅུང་གཞོན་ནུ་མ་དེ་གཉིས་དང་ཨ་མ་བཅས་ཁྱིམ་དུ་བསྡད་ཡོད་སྐབས་གདོང་ ལ་རས་ནག་གཡོག་པའི་སྐྱེས་པ་ལྔ་ཡོང་ནས་མ་སྨད་གསུམ་དམར་བསད་བཏང་ཡོད་འདུག

པཱ་ཀི་ཟི་ཐན་ཉེན་རྟོག་པས་བུ་མོ་དེ་གཉིས་ཀྱི་ཕ་གཅིག་མ་ཁ་ཁ་ཡིན་པའི་གཅེན་པོ་ཁཱོ་ཨར་ཐོ་  Khutore ཡིས་བསྙན་ཐུང་དེ་ནི་ཁྱིམ་ཚང་གི་སྙན་གྲགས་ལ་གནོད་པར་ངོས་འཛིན་གྱིས་ཁྱིམ་ རྒྱུད་ཀྱི་མཚན་སྙན་སླར་གསོ་ཟེར་བའི་མིང་ཐོག་ནས་གཅེན་གཅུང་བུ་མོ་དེ་གཉིས་ དམར་བསད་བཏང་ཡོད་པར་ངོས་འཛིན་བྱས་པ་དང་།   དེང་ལག་དམར་བ་ག་སོང་ཆ་མེད་དུ་ གྱུར་ཞིང་།   ཁོའི་གྲོགས་པོ་བཞི་ཡིས་ཀྱང་ངན་སྤྱོད་སྤེལ་བའི་སྐོར་ཁེས་ལེན་ བྱས་ཡོད་འདུག   ཉེན་རྟོག་པས་བཤད་པར་ལྟར་ན་ཚེ་སྲོག་ཤོར་བའི་བུ་མོ་གཅེན་གཅུང་ གཉིས་ཀྱི་སྤུན་མཆེད་བུ་གཞན་ཞིག་ཡོད་པ་དེས་ད་ཆ་མི་བསད་ལག་དམར་བ་དེ་ཁྲིམས་ གཏུགས་བྱས་ཡོད་འདུག

པཱ་ ཀི་ཟི་ཐན་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས  ༢༠༡༡ ལོར་པྭ་ཀི་ཟི་ཐན་ནང་ཉུང་མཐའ་ ཡང་བུད་མེད་དང་གཞོན་ནུ་མ་དགུ་བརྒྱ་ཞེ་གསུམ་ལ་ཁྱིམ་རྒྱུད་དང་ལམ་ལུགས་འབག་ བཙོག་བཟོས་སྐོར་བསྙད་དེ་དམར་བསད་བཏང་ཡོད་ཅེས་དང་།  དེ་མིན་བུད་མེད་ཀྱི་ཐོབ་ ཐང་ཐེབས་རྩ་ཁང་  Aurat ནས་པཱ་ཀི་ཟི་ཐན་རྒྱལ་ཁབ་ནང་ལོ་ལྟར་མིང་རྗེས་བཟོས་པའི་མིང་ཐོག་ནས་མི་བསད་ཀྱི་དོན་རྐྱེན་སྟོང་ཚོ་བརྒལ་གྱི་ཡོད་སྐོར་བཤད་ཡོད་པ་རེད།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -