ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

03.06.2013 06:40:47
གངས་དཀར་སེམས།

༡།  རྒྱ་ནག་གི་སློབ་ཆུང་ཚོའི་སྲུང་བྱ་ཁག་བཅུ།

དང་པོ། མེས་རྒྱལ་ལ་དགའ་ཞེན། མི་མང་ལ་དགའ་ཞེན། ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན།

གཉིས་པ། ཁྲིམས་དང་སྒྲིག་གཞིར་བརྩི་སྲུང་ཐོག་ཁྲིམས་ལུགས་ཀྱི་འདུ་ཤེས་ལ་ཤུགས་གནོན་རྒྱག་དགོས། སློབ་གྲྭའི་སྒྲིག་ཁྲིམས་དང་སྤྱི་ཚོགས་ཀྱི་ལམ་ལུགས་ལ་བརྩི་སྲུང་།

གསུམ་པ། ཚན་རིག་ལ་དགའ་ཞེན། སློབ་སྦྱོང་དང་བསམ་བློ་ཡག་པོ། དྲི་བ་སྣ་མང་གཏོང་རྒྱུ་དང་ཞིབ་དཔྱོད་བྱ་རྒྱུ། སྤྱི་ཚོགས་ཐོག་དོན་སྙིང་ལྡན་པའི་ལས་འགུལ་ནང་ཧུར་བརྩོན་གྱི་མཉམ་ཞུགས་དགོས།


བཞི་པ། ཚེ་སྲོག་ལ་གཅེས་སྐྱོང་དང་བདེ་འཇགས་ལ་ཡིད་གཟབ། ལུས་སྦྱོང་དང་འཕྲོད་བསྟན་ལ་དོ་སྣང་བྱེད་དགོས།

ལྔ་པ། རང་གཅེས་རང་བདག རང་སྟོབས་རང་སྐྱོང། ཡང་དག་པའི་སྒོ་ནས་འཚོ་བའི་གོམས་གཤིས་དང་ལ་རྒྱ་ལ་བརྩི་སྲུང་བྱེད་དགོས།

དྲུག་པ། ཧུར་བརྩོན་གྱིས་ངལ་རྩོལ་ནང་ཞུགས་ཅིང་འགྲོན་ཆུང་བག་ཡོད་ལྡན་པའི་སྒོ་ནས་སོ་སོའི་བྱེད་ཐུབ་པའི་ལས་ཀ་བྱེད་དགོས།

བདུན་པ། ཕ་མ་དང་དགེ་རྒན། རྒན་རབས་ལ་གུས་བཀུར་དང་གཞན་ལ་གུས་ཞབས་ལྡན་པ་དགོས།

བརྒྱད་པ། སྤྱི་ལ་དགའ་ཞེན། སློབ་ཕྲུག་དབར་མཐུན་ལམ་དང་ཕན་ཚུན་རོགས་རམ་བྱེད་དེ་གཞན་ལ་སེམས་འཁུར་བྱེད་དགོས།

དགུ་པ། རྫུན་གཏམ་མི་སྨྲ་ཞིང་ལ་རྒྱ་དང་ལྡན་པ། ཁ་བཤད་དོན་དང་མཚུངས་པ། ནོར་འཕྲུལ་ཡོད་ན་ཡོ་བསྲང་བྱེད་དེ་འོས་འགན་འཁྱེར་བའི་བསམ་བློ་དང་ལྡན་པ།

བཅུ་པ། རང་བྱུང་ཁམས་ལ་དགའ་ཞེན་དང་རང་བྱུང་ཁམས་ཀྱི་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས།

 

དབྱིན་ཇིའི་སློབ་ཆུང་གི་སྲུང་བྱ་ཁག་བཅུ།


དང་པོ། བདེ་འཇགས་ངང་འཚར་ལོངས་བྱུང་བ་དེ་རྒྱལ་ཁ་ཐོབ་པ་ལས་གལ་ཆེ།

གཉིས་པ། ནང་འཇམ་དང་ཆུ་རས་ཀྱིས་གཡོག་པའི་ཁུལ་ལ་གཞན་གྱིས་གང་བྱུང་རེག་མི་ཆོག

གསུམ་པ། ཚེ་སྲོག་ནི་ཨང་དང་པོ་ཡིན་ལ་རྒྱུ་ནོར་ཨང་གཉིས་པ་ཡིན།

བཞི་པ། གསང་བ་ཆུང་ཆུང་དེ་འདྲ་ཡོད་ན་ཨ་མ་ལ་བཤད་དགོས།

ལྔ་པ། ངོ་མི་ཤེས་མཁན་གྱི་གཞན་མིས་སྤྲད་པའི་འཐུང་ཆུ་འཐུང་བ་དང་མངར་ཆའི་རིགས་མི་ཟ།

དྲུག་པ། ངོ་མི་ཤེས་པའི་མི་དང་སྐད་ཆ་མི་བཤད་རྒྱུ།

བདུན་པ། གལ་ཏེ་ཉེན་ཁ་འཕྲད་ན་ཤེལ་སྒོ་བཅགས་པ་དང་ཁྱིམ་ཆས་འཕྲོག་བརླག་གཏོང་ཡང་ཆོག

བརྒྱད་པ། གལ་ཏེ་ཉེན་ཁ་འཕྲད་ན་སོ་སོ་སྔོན་ལ་བྲོས་ན་འགྲིག

དགུ་པ། མི་ངན་གྱི་གསང་བ་སྦས་གསང་མི་བྱེད།

བཅུ་པ། མི་སྡུག་ཆག་ཅིག་རེད་འདུག་ན་དེ་ལ་མགོ་བསྐོར་གཏོང་ནའང་འགྲིག

 

ཉི་ཧོང་གི་སློབ་ཆུང་ཚོའི་སྲུང་བྱ་བདུན།


དང་པོ། རྗེས་ལུས་མི་ཐེབས་པ་བྱ་རྒྱུ་དང་། སློབ་གྲྭར་འཛུལ་ཚར་རྗེས་གང་བྱུང་ཕྱིར་དོན་མི་དགོས།

གཉིས་པ། དྲིལ་བརྡ་ཐོས་རྗེས་གང་མགྱོགས་དམིགས་གཏན་གྱི་ས་ཁུལ་དུ་འཛོམས་ནས་བང་བསྒྲིག་དགོས། འཛིན་ཁང་དུ་འཛུལ་རྗེས་སྒེའུ་ཁུང་ཕྱེ་དུས་ལྷོད་ལྷོད་བྱེད་དགོས། ལམ་བར་དང་སྐས་འཛེགས་ཐོག་འགྲོ་དུས་ལྷིང་འཇགས་ངང་གནས་ཅིང་གཡས་ཕྱོགས་ནས་འགྲོ་རྒྱུ།

གསུམ་པ། སློབ་ཚན་འཚོགས་པའི་དྲིལ་བརྡ་བཏང་རྗེས་ལེགས་པོ་བསྡད་དེ་ལྷིང་འཇགས་ངང་དགེ་རྒན་སྒུག་ནས་བསྡད་དགོས། སློབ་ཚན་ཉན་དུས་བསྡད་སྟངས་ཡག་པོ་དང་སྐད་ཆ་གང་བྱུང་བཤད་རྒྱུ་མེད། སློབ་སྦྱོང་ལ་ཧུར་བརྩོན་བྱེད་དགོས།

བཞི་པ། རྗེས་ལུས་ཐེབས་པ་དང་དུས་ཐོག་མ་འབྱོར་བའི་གནས་ཚུལ་འབྱུང་ཚེ་ངེས་པར་དུ་དགེ་རྒན་ལ་རྒྱུ་མཚན་བཤད་དགོས་ཤིང་།  སྔོན་ནས་དགོང་པ་ཞུ་དགོས།

ལྔ་པ། སློབ་གྲྭ་གྲོལ་བའི་དུས་ཚོད་ལ་ནན་ཏན་གྱི་སྲུང་བརྩི་བྱེད་དགོས་པ་དང་།  སློབ་གྲྭར་དུས་ཚོད་མང་པོ་བསྡད་དགོས་ཚེ་དགེ་རྒན་གྱིས་མོས་མཐུན་གནང་དགོས།

དྲུག་པ། སློབ་གྲྭ་འཚོགས་པ་དང་གྲོལ་སྐབས་ལམ་ཁའི་ཐིག་ནང་ཚུད་འགྲོ་དགོས་པ་དང་གཡས་ཕྱོགས་ནས་འགྲོ་དགོས།  ལམ་འགག་བསྐོར་ནས་ཅ་དངོས་ཉོ་སར་མི་འགྲོ་རྒྱུ།

བདུན་པ། ས་ཡོམ་དང་མེ་སྐྱོན་བྱུང་བའི་ཛ་དྲག་གི་དུས་སྐབས་སུ་ཟང་ཟིང་མེད་པར་དགེ་རྒན་གྱིས་གསུང་པ་ལྟར་ལམ་སེང་འགུལ་སྤྱོད་བྱེད་དགོས།

 

ཨ་རིའི་སློབ་ཆུང་ཚོའི་སྲུང་བྱ་ཁག་བཅུ་གཉིས།


དང་པོ། རྒན་ལགས་ཀྱི་གོ་གནས་དང་རུས་མིང་ནས་འབོད་རྒྱུ།

གཉིས་པ། དུས་ཐོག་གམ་དེ་བས་སྔ་ཙམ་ནས་སློབ་ཁང་དུ་འཛུལ་དགོས།

གསུམ་པ། དྲི་བ་བཏོན་སྐབས་ལག་པ་བཀྱག་ནས་བྱེད་རྒྱུ།

བཞི་པ། སོ་སོའི་རྐུབ་བཀྱག་ཐོག་ནས་རྒན་ལགས་དབར་སྐད་ཆ་བཤད་ཆོག

ལྔ་པ། སློབ་ཚན་འཚོགས་རྒྱུ་མ་བྱུང་ན་དེའི་སློབ་ཚན་དག་ཁ་གསབ་དགོས། རྒན་ལགས་དང་སློབ་གྲོགས་ལ་དེའི་སྐོར་བཀའ་འདྲི་ཞུ་རྒྱུ།

དྲུག་པ། གལ་ཏེ་ཛ་དྲག་གནས་སྟངས་ཀྱིས་སློབ་གྲྭ་ནས་ཁ་བྲལ་དགོས་འབྱུང་ཚེ་སྔོན་ནས་རྒན་ལགས་སུ་སྙན་སེང་ཞུ་དགོས་ལ་སྐབས་དེའི་དུས་ཀྱི་སློབ་ཚན་ཁ་གསབ་རྒྱབ་དགོས།

བདུན་པ། སྦྱོང་ཚན་ཡོངས་རྫོགས་སོ་སོས་ཚར་བ་བྱེད་དགོས།

བརྒྱད་པ། ཡིག་ཚད་སྐབས་སུ་ལྐོགས་བཤུས་རིགས་བྱེད་མི་དགོས

དགུ་པ། གལ་ཏེ་ཁྱོད་རང་སློབ་ཚན་ཉན་རྒྱུར་དཀའ་ངལ་ཡོད་ན་དགེ་རྒན་ཕྱོགས་ཀྱི་རོགས་རམ་འཚོལ་དགོས་ལ། རྒན་ལགས་ཀྱིས་ཀྱང་ཁྱོད་རང་ལ་རོགས་རམ་བྱེད་དགའ་པོ་ཡོད་སྲིད།

བཅུ་པ། སློབ་ཚན་མ་ཡོང་པ་དང་རྗེས་ལུས་ཐེབས་པའི་རིགས་ལ་ཁྱིམ་བདག་ནས་དགོང་ཞུ་ཡི་གེ་དགོས།

བཅུ་གཅིག སློབ་གྲྭ་མི་འགྲོ་བའི་རྒྱུ་མཚན་ཁོ་ན་སྟེ་ན་བ་དང་ཁྱིམ་མི་འདས་གྲོངས་སུ་གྱུར་བ། ཡང་ན་ཆོས་ལུགས་ཀྱི་བྱེད་སྒོ་དག་ལས་གཞན་རྒྱུ་མཚན་བགྲང་ནས་ཁྱིམ་དུ་བསྡད་དེ་སློབ་གྲྭར་མི་འགྲོ་བའི་རིགས་ནི་སྲུང་བྱའི་རིགས་དང་འགལ་ཡོད།

བཅུ་གཉིས། རྒན་ལགས་ཀྱིས་དྲི་བ་བཀོད་དེ་སློབ་མ་གཅིག་ཀྱང་མིང་འབོད་མ་བྱས་པའི་སྔོན་དུ་དྲི་ལན་ཤེས་མཁན་ཡོངས་ཀྱིས་ལག་པ་བཀྱག་ནས་ལན་འདེབས་ཀྱི་གྲ་བསྒྲིག་བྱ་དགོས།


  གངས་དཀར་སེམས།
 

07.06.2013 00:19:10

གོང་གསལ་གྱི་དཔྱད་བསྡུར་དབར་ནས་ང་ཚོས་སོ་སོའི་ཕྲུ་གུ་ཚོར་སློབ་གསོ་སྤྲོད་སྟངས་ཕན་མེད་རབ་མ་རུབ་དང་དོན་མེད་འུར་གྱིས་ཁེངས་པའི་གོ་རིམ་ཞིག་འགྲོ་བཞིན་པ་དེ་ཤེས་ཐུབ་ཀྱི་འདུག

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -