ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཐོ་སྒང་གི་གངས་ཕྲུག་



01.11.2011 12:46:26

ཤེས་ཡོན་ལྡན་པའི་གྲོགས་པོ་རྣམས་པ་ཚོ། །ཁ་ཁོར་མིན་པའི་ཕུགས་བསམ་ཞེས་དགོས་འདུག །
ད་ལྟའི་དུ་རབས་ཉེར་གཅིག་ཟིན་ཟེན་འདུག །དུས་རབས་དཔག་པའི་ཤེས་ཡོན་དགོས་རེད་གང༌།།
དུས་རབས་འདི་ལ་གཟིགས་ནས་བསམ་རོགས་གནང༌། །སྤྱིར་སྟངས་སྟོན་པ་ཤཱཀྱ་ཐུབ་པ་ཡི།།
ནང་པའི་རིགས་གཞུང་བདག་གི་མིང་ཙམ་མིན། །སེམས་ཅན་ཀུན་ལ་བདེ་སྤྲོད་སྨན་ལྟ་བུ།།

  
བསམ་ཚུལ། 1 བཀླཌ་ཐེངས།: 1404  

28.09.2011 05:39:57

དྲྭ་གྲོགས་ཚོ་མ་མཇལ་དུས་རིང་ལ་ཁྱོད་རྣམས་པ་བདེ་པོ་ཡིན་ཞག་རེད། གུས་པའི་ཀྱང་ཁྱེད་རྣམས་པ་བདེ་པོ་ཡིན་པས་སྨོན་འདུས་ཡོད། དུས་སང་ཤམ་བྷ་ལའི་ཕོ་ཉ་ཐོག་གསར་འགྱུར་གསར་པ་གང་འདུག གང་གི་ཐོག་ལ་ཡར་རྒྱས་འདུག དྲྭ་གྲོགས་ཚོའི་གསུངས་རོགས་གནང་།


  
བསམ་ཚུལ། 3 བཀླཌ་ཐེངས།: 1461  

25.07.2011 22:43:00

གྲོགས་པོ་ཚོ་སྣང་མེད་མ་བྱེད། འཆམས་མཐུན་གནང་རོགས། སྣང་མེད་ནི་མི་རིགས་རྗེས་ལུས་ཀྱི་གཞི་རྩ་རེད་འདུག་ལ།  མི་རིགས་ཁ་འཐོར་གྱི་འགྱུར་རྐྱེན་ཡང་རེད། འཆམས་མཐུན་ནི་གནམ་འོག་སྟོབས་ཤུགས་ཀྱི་བདག་པོ་ཡིན་ལ། ཞི་བདེ་རང་དབང་གི་རྒྱལ་ཁབ་ཡང་ཡིན། སྤུན་ཟླ་ཚོ་འཆམས་མཐུན་གནང་རོགས། དྲྭ་གྲོགས་གང་རི་ཆེན་དང་འཕྲིན་ལས་གཉིས་གུས་པས་བསམ་ཚུལ་སྔོན་མ་ལ་རྒྱབ་སྐྱོབ་བྱེད་པ་ཐུགས་རྗེ་ཆེན།

  
བསམ་ཚུལ། 2 བཀླཌ་ཐེངས།: 1654  

18.07.2011 14:24:06

དྲྭ་གྲོགས་ཚོ་མ་མཇལ་ཡོན་རིང་། ཁྱེད་རྣམས་པ་སྐུ་ཁམས་བཟང།
ཕུགས་བསམ་ལ་རྒྱ་ཡོད་ན།      མི་རིགས་གཅིག་སྒྲིག་བྱེད་དགོས།
རྟག་པའི་རང་གཞི་འདྲ་བའི།     ཀླད་རྙིང་བསམ་བློ་ཟློག་དགོས།

  
བསམ་ཚུལ། 2 བཀླཌ་ཐེངས།: 2214  

09.05.2011 13:45:50

སྤུན་ཟླ་ཚོ་གུས་པས་བསམ་ཚུལ་ཞིག་ཞུ་ན་བདེན་པ་ཉིད་རྒྱལ་གྱུར་ཅིག་ཞེས་པ་དེ་རྒྱ་ཁབ་ཞིག་གི་མིང་འདྲ་པོ་འདུག་པས། གུས་པའི་བསམ་ཚུལ་ཡིན། ངའི་ལྟ་ན་སྨོན་ལམ་བརྒྱབ་པ་འདྲ་པོ་ཞིག་འདུག་མ་གཏོགས་རྒྱ་ཁབ་ཞིག་གི་མིང་འདྲ་པོ་མི་འདུག དེ་ལས།
  
བསམ་ཚུལ། 1 བཀླཌ་ཐེངས།: 2868  

02.05.2011 22:39:42

རེད་ཡ། བཀྲ་དགའ་ལགས  དགེ་འདུན་གྱི་གསུངས་པ་ལྟར། དང་པོ་ནས་མི་ལ་སྐྱོན་བརྗོད་མཛད་མི་རུང་། བྱ་བ་སྔོན་ལ་བཏང་ནས་སྐྱོན་བརྗོད་རྗེས་ལ་མཛད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། མ་གཏོགས་དཔལ་ཆོས་ཀྱི་གྲགས་པ་ཡིས་གསུངས་པ་ལྟར། མ་འོངས་པ་རྟོགས་པ་མ་ཡིན་ཏེ། དེ་ལ་འཁྲུལ་པའི་ཕྱིར་ཞེས་གསུངས་པའི་ཕྱིར།


  
བསམ་ཚུལ། 11 བཀླཌ་ཐེངས།: 3128  

02.05.2011 03:05:40

རི་མཐོ་པོ་གངས་རི་དཀར་པོ་རེད།
བོད་མགོ་ནག་ཡོངས་ཀྱི་བླ་རི་རེད།
མཐོ་རི་ཀླུང་བདེ་བའི་ཡུལ་ལྗོངས་དེ།
བོད་གངས་ཅན་པ་ཡི་ཕ་ས་རེད།

  
བསམ་ཚུལ། 2 བཀླཌ་ཐེངས།: 2051  

26.04.2011 10:44:16

gggg_conew8
དྭངས་གཙང་གངས་རི་དྲན་པའི་སེམས་ཞིག་ཡོད།  ཕོ་བྲང་རི་ལ་བབས་འདྲའི་དོན་ཞིག་ཡོད།
ཀ་ཁ དབྱངས་ལ་ལེན་པའི་བརྩོན་ཞིག་ཡོད། །ང་ནི་གངས་ཅན་བོད་པའི་གངས་ཕྲུག་ཡིན།
ཁ་བའི་བོད་འདི་ང་ཡི་ཡོད་ཚད་ཡིན། ཁ་བའི་དར་རྒུད་ང་ཡི་ཚེ་སྲོག་ཡིན།
ཁ་དོན་གཉིས་པོ་རྡོ་རྗེའི་མདུད་པ་ཡིན། ང་ནི་གངས་ཅན་བོད་པའི་གངས་ཕྲུག་ཡིན།

  
བསམ་ཚུལ། 0 བཀླཌ་ཐེངས།: 3015  

25.04.2011 02:47:24

ལུས་པོ་རྒྱ་ཡུལ་ལ་འཁྱམས་ཀྱང་། སེམས་པ་རང་ཡུལ་ན་ལུས་པའི།

བུ་ངའི་སེམས་ཁུང་གི་བདེ་སྡུག  གྲོགས་ལ་གློག་ཀླད་ནས་སྟོན་ཆོག


  
བསམ་ཚུལ། 0 བཀླཌ་ཐེངས།: 1881  

24.04.2011 10:06:41

དེང་གི་གློག་ཀླད་རྒྱུད་ལམ། །ཨེ་མ་དེ་འདྲ་ངོ་མཚར།
ས་ཕྱོགས་གང་སར་ཡོད་པའི། །སྤུན་དང་མཇལ་ཕྲད་བྱུང་སོང་།
འདི་འདྲ་ཤེས་བྱ་མཐོང་དུས། །དག་དང་སུམ་རྟགས་མེད་ན།
དཔའ་རྩལ་ཆེ་བའི་དཔའ་བོ། །ལག་པ་མེད་དང་མཚུངས་སོང་།

  གངས་དཀར་སེམས།
བསམ་ཚུལ། 1 བཀླཌ་ཐེངས།: 2731  


| -