ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མྱི་དུག་གྲོལ།



06.11.2011 23:04:21

དེ་ཡང་ཇི་སྐད་དུ་དཔལ་ལྡན་ཟླ་བ་གྲགས་པས།  དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིག།   བདག་གིས་འདི་ཞེས་དངོས་ལ་ཆགས་སྐྱེས་བར།། ཟོལ་ཆེན་ཆུ་ལྟར་རང་དབང་མེད་པར་ཡི།།  འགྲོ་ལ་སྙིང་རྗེ་གྱུར་གང་དེ་ལ་འདུད།  གསུངས་འདུག་པ་ནི་འཇིགས་རྟེན་ཁ་དཔེར་ལྟར་ནད་ཐོག་གི་སྨན་དང་དུས་ཐོག་གི་ཆར་བ་ཞེས་པའི་དཔེ་རུ་སོང་ཡོད་རུང་དེང་རབས་ཀྱི་མྱི་བུ་འདི་དག་གིས་གཞུང་ལུགས་ཆེན་མོའི་ནང་གི་བསླབ་བྱ་ཤོ་ལོ་ཀ་གཅིག་པོ་འདི་མགོ་ལྷ་རམས་པ་ནས་འཇུག་སློབ་གཉེར་ལ་བརྩོན་བཞིན་པའི་གྲྭ་གསར་ཚོས་ཀྱང་མ་ཐོས་མ་གོ་མ་རིག་པ་གང་ཡིན་རུང་གང་ལྟར་རྡོ་རྒྱབ་ཆུ་ཀླུབ་ངོ་མ་བཟོས་འདུག

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 1773  

05.09.2011 12:08:52

༡༽
དོ་ནུབ་ངས།
སུ་ཞིག་དང་གང་ཞིག་ལ་ཡིད་ཆེས་བྱེད་བཞིན་པ་མ་ཤེས་བར།
གློག་སྒྲོན་ཞིག་གི་འོག་ཏུ།  ཁྱེད་ཀྱི་འདྲ་པར་ལ་ལྟ་བཞིན།
སྔོན་མའི་ལས་དབང་ངམ།ངེད་གཉིས་ཕན་ཚུན་ལ་བརྩེ་དུང་
མཛའ་བརྩེ།   དུང་བ་སོགས་ཆེས་
ཟབ་པའི་དུས་ཚིགས་དེར་རོལ་བཞིན་ཡོད།

  བྱེས་འབྱོར་བོད་ཀྱི་རྩོམ་རིག
བསམ་ཚུལ། 2 བཀླཌ་ཐེངས།: 2290  

14.08.2011 22:55:54

ད་ནི་དངོས་གནས་གསར་བསྒྲགས་འདི་དག་མཐོང་ཡོང་དུས་སྐྱུར་མེར་འདྲ་ཞིག་ལང་ཡོང་གི་འདུག དྲང་ཐད་ནས་བཤད་ན་བདག་གི་རྩོམ་ཡིག་གཅིག་པའི་རིན་ཐང་ཉམ་པ་ཙམ་ལ་ཟེར་གྱིན་མེད།  དེ་ཡིན་ན་དཀོན་མཆོག་དཔང་བཙུགས་ཆོག   ངོ་མ་རེད།  གསར་བསྒྲགས་དམིགས་བསམ་བ་ཞིག་བྱས་སོང་བས་ངེད་ཚོའི་མགོ་འབྲུག་འདྲ་དང་རྔ་མར་སྤྲུལ་ནང་བཞིན་བཟོ་རྒྱུ་ཡིན་པ་ནི་ཚང་མས་མཁྱེན་ཡོད་ཡོད་པ་རེད།

  
བསམ་ཚུལ། 11 བཀླཌ་ཐེངས།: 2450  

09.08.2011 13:18:44

བོད་མི་རབས་གསར་བའི་དབུ་ཁྲིད་མཁས་དབང་བློ་བཟང་སེང་གེ་མཆོག་ལགས་སུ་ཞུ་དོན་སྙིང་པོར་སྐུ་ཉིད་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་དབང་ཡོངས་རྫོགས་བཞེས་པ་ནས་ལས་དོན་ཆེ་ཕྲ་ཆུང་གསུམ་གང་ཡིན་རུང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་གཞིས་བྱེས་གཉིས་ཀྱི་བདེན་མཐའ་སེལ་ནས་མཉམ་འཛོམས་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་ལམ་ཡོད།


  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
བསམ་ཚུལ། 3 བཀླཌ་ཐེངས།: 2552  

22.07.2011 08:39:35

སྙན་ངག་པ།
བདག་ཅག་ནི་ཁྱེད་ཀྱིས་བཤད་པའི་གཙང་བོ་དེ་ཡིན ཧི་ར་ཀི་རེ་ཐུ
བདག་ཅག་ནི་དུས་ཚོད་སྟེ དེ་ཡི་རྒོལ་ཐབས་མེད་པའི་བཞུར་རིམ་གྱིས
སེང་གེ་དང་རི་རྒྱུད་འཁུར་ཡོད་ལ
བརྩེ་དུང་གི་མིག་ཆུ་དང སྤྲོ་དགའི་ཐལ་རྡུལ

  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
བསམ་ཚུལ། 0 བཀླཌ་ཐེངས།: 2369  

20.07.2011 03:48:16

དེ་རིང་གངས་ལྗོངས་གེ་སར་ཚང་ལ་རེ་བསྐུལ་ཞིག་ཞུ་རྒྱུ་ཡོད། ཟླ་བ་འགའ་ཤས་ཀྱི་སྔོན་དུ་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་གྱི་རྩོམ་ཡིག་འགྲན་བསྡུར་ཞིག་བྱེད་འཆར་ཡོད་ཅེས་པའི་གསལ་བསྒྲགས་འདི་བྱས་རྗེས་ཚང་མས་དགའ་བསུ་ཞུས་པ་རེད།  དེ་ནི་དོན་དངོས་ཐོག་ནས་གླེང་ན་མི་ཚང་མའི་བསམ་འདོད་གཅིག་པ་མིན་རུང་གོ་སྒྲིག་འདི་ཚགས་ཚུད་པོ་ཞིག་ལོས་བྱེད་བསམ་ནས་རེད།


  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 11 བཀླཌ་ཐེངས།: 2893  

01.07.2011 05:43:20

ང་རང་ཉིད་སེམས་འཁྲེལ་ཞིག་ཡོད་པ་ནི་ནམ་རྒྱུན་དུ་ངེད་ཅག་གི་མི་རིགས་འདི་ཉིད་ཀྱི་ངོ་བོ་ཇི་ཙམ་གནས་མིན་དང་། ལྷག་པར་དུ་འཆི་གསོན་གྱི་དུས་སུ་སླེབས་པའི་ངེད་ཅག་གི་སྐད་ཡིག་གཉིས་པོ་འདིའི་ལས་དབང་ལ་བསམ་གཞིགས་ཤིག་བྱེད་བཞིན་པ་དེ་ཡིན། པན་ཆེན་རིན་པོ་ཆེ་ཡིས་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་པས་མ་བརྗེད་པ་གནང་རོགས་ཞེས་པའི་གདམས་ངག་འདི་སེམས་སུ་གསལ་ལྷང་ངེར་དྲན་འོངས་དུས་ངའི་ཤ་རུ་ཁྲག་གསུམ་བོད་པ་ཡིན་པའི་འདུ་ཤེས་ཀྱི་དབང་གི་ན་ཟུག་ཐེངས་དུ་མ་བསླངས་བར་ཉུང་ཉུང་ག་ལ་ཡིན་།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 3 བཀླཌ་ཐེངས།: 2631  

24.05.2011 21:34:49

ཤམ་བྷ་ལའི་ཕོ་ཉ།
དེ་རིང་ནས་བདག་གི་དྲན་ངོས་སུ།
ནོར་ནག་གི་ཁེངས་བའི་གཡུ་མདོག་གི་སྤང་ལྗོངས་ཀྱི་སྟེང་ན།
རླུང་བུས་ཉེན་བསུབ་ནས་གཡོར་བའི་རྒྱ་སེར་གྱི་མེ་ཏོག་ལྟ་
བུའི་མཛེས་སྡུག་སྟེ་ངམ་བཞིན།
ཡ་ཆུང་གངས་དཀར་གྱི་སེམས་ངོས་ནས་
མར་མར་བཞུད་བྱུང་།
བསམ་ཚུལ། 4 བཀླཌ་ཐེངས།: 2885  

22.04.2011 10:47:00

༡༽
དོ་དགུང་གི་རྡ་སའི་གནམ་གཤིས་འདིས།
སུ་ཞིག་དང་ཅི་ཞིག་ལ།
གྲང་ངར་གྱིས་མནར་གྱིན་ཡིན་ནམ།


  
བསམ་ཚུལ། 4 བཀླཌ་ཐེངས།: 2731  

09.04.2011 21:17:55

RWith_you_fore ཁ་བྱང་གི་འགྲེལ---- བརྩེད་དུང་ནི་ནམ་ཡང་ལྷད་མེད་ཅིག་དགོས།
ང་ཡིས་ཁྱེད་ལ་གཅེར་པའི་ཟུར་མིག་འཕངས།།
ཁྱེད་ཀྱིས་ང་ལ་སྟག་ཤའི་འཛུམ་ཞིག་སྟོན།།
ངེད་གཉིས་བར་གྱི་ལྷད་མེད་བརྩེ་དུང་དེ།།
ནམ་ཡང་མི་འགྱུར་རྡོ་རྗེ་བྲག་རི་ཡིན།།

  བྱེས་འབྱོར་བོད་ཀྱི་རྩོམ་རིག
བསམ་ཚུལ། 11 བཀླཌ་ཐེངས།: 7209  

07.04.2011 21:42:44

ཁ་བ་འབབ་ཤུལ་ན།
ངས་ཁྱེད་ཀྱི་རྐང་རྗེས་མཐོང་དུས།
ད་གཟོད་ང་རང་གཞི་ནས།
ཁྱེད་ཀྱི་རྗེས་སུ་ལུས་པ་རྟོགས།

  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 5 བཀླཌ་ཐེངས།: 2870  

04.04.2011 22:10:42

ཕྱིར་བལྟས་ཐེངས་ཤིག་གི་ལམ་བུ་ནས།
ངས་ཁྱེད་ལ་མིག་ཞགས་འཕངས་བར་
ཉུང་ཉུང་ཞིག་ག་ལ་ཡིན།

  
བསམ་ཚུལ། 4 བཀླཌ་ཐེངས།: 3324  

28.03.2011 04:03:30

སྙིང་ཉེ་བའི་དྲྭ་ཐོག་གི་གྲོགས་པོ་ཚོ།  ངས་མི་རིགས་ཀྱི་འགག་རྩ་སྟེ་གླེང་བཞིན།   འཆི་གསོན་གྱི་ཁ་རུ་སླེབས་ཟིན་པའི་སྐད་ཡིག་གི་གདུང་འབོད་བྱས་ཏེ་མི་གཞིའི་སྙིང་སྟོབས་ཀྱི་རེ་ཆེན་ཞིག་ཁུར་གྱིན་བགྲོད་དཀའ་བའི་འགག་ འཕྲང་སྟེ་གཏོར་གྱིན་འདི་ལྟར་ཁྱེད་ཚོར་ཐུབ་སོང་བས་ད་ནི་ང་རང་ཧ་ཅང་དགའ་བཞིན་ཡོད་ལ་ད་ནི་ང་རང་ཧ་ཅང་དུང་བཞིན་ཡོང་།

  
བསམ་ཚུལ། 1 བཀླཌ་ཐེངས།: 2539  


| -