ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཐོ་སྒང་ཁྲག་རྗེས།



07.02.2009 22:42:28

སྤྱི་ལོ་༢༠༠༩ལོའི་ཟླ་༡པོའི་ཚེས་༢༠ཉིན་བྷ་རཱ་ཁའི་ཨོ་བྷ་མཱས་ཨ་མེ་རི་ཀའི་སྲིད་འཛིན་༤༤པར་དམ་འབུལ་སྐབས་ཀྱི་གསུང་བཤད།
སྤུན་གྲོགས་ལྷན་རྒྱས། དེ་རིང་ང་འདི་གར་ཡར་ལངས་ནས་ཁེངས་སྐྱུང་གི་སེམས་པས་མདུན་དུ་ལྷག་པའི་འགན་འཁྲིར་ཕྱོགས་དུས་ལྗིད་ཏིག་གེ་བའི་ཚོར་ཤེས་ཤིག་སྐྱེས༌། རྣམ་པ་ལྷན་རྒྱས་ཀྱིས་ང་ལ་ཡིད་ཆེས་གནང་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག སྔོན་བྱོན་རྒྱལ་འཛུགས་སྐུ་རབས་པས་མཛད་པའི་རིན་དོད་སྙིང་དབུས་སུ་ཉར་རྒྱུ་ཡིན།


  
བསམ་ཚུལ། 0 བཀླཌ་ཐེངས།: 2917  

07.02.2009 05:43:05

        བྱ་ལས་གང་ཞིག་བརྩོན་ན་ཡང་དྲིལ་བསྒྲག་ནི་བྱ་ལས་དེའི་ནུས་པ་རྒྱ་ཆེར་གཏོང་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་རེད་མོད།   དྲིལ་བསྒྲག་བྱེད་སྟངས་དེ་ནམ་ཡང་བདེན་དོན་གྱི་ར་བ་ལས་བརྒལ་ཕྱིན་ནམ་ཞིག་ཁྱོད་ཀྱི་དྲིལ་བསྒྲག་དེ་ནི་ར་བཟི་བའི་ལབ་རྡོལ་བཞིན་ནུས་མེད་ཅིག་ཏུ་ཆགས་འགྲོ་བའང་ཆོས་ཉིད་ཅིག་རེད།    


  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
བསམ་ཚུལ། 0 བཀླཌ་ཐེངས།: 3459  

01.02.2009 11:31:00

སྣ་ཚོགས་རིག་གནས་ཀྱི་བདག་པོ་འདི་བཞུགས་ཀྱི་དགེ་རྒན་རྣམ་པ་དང༌། དད་བརྩོན་ཀྱི་དཔྱོད་ཡངས་པའི་སློབ་གྲོགས་རྣམ་པ།

ང་ནི་མཐོ་གཉིས་རིག་གནས་འཛིན་གྲྭའི་སློབ་མ་པད་མ་ཆོས་མཚོ་ཡིན། དེ་རིང་ངས་ཁྱེད་ཚོའི་སྙན་ལམ་དུ་འབུལ་རྒྱུའི་འཁྲབ་བཤད་ཀྱི་ཁ་བྱང་ལ། མི་རིགས་ཀྱི་སྲོག་རྩ་ནི་ཕ་སྐད་མ་ཡིག་ཡིན་ཟེར་བ་དེ་ཡིན། ཚང་མས་གསན་པར་དགའ་བསུ་ཞུ།


  
བསམ་ཚུལ། 0 བཀླཌ་ཐེངས།: 3736  

17.01.2009 09:38:09

༼གཅིག༽

ནམ་རྒྱུན་ཕ་སྐད་ཡང་དག་བཤད་དགོས་པའི་ཨུ་ཚུགས་མཁྲེགས་བཟུང་གི་སྒམ་ཚུགས་ངོམ་ནས་ལབ་གླེང་རབ་དང་རིམ་པ་སྤེལ་བའི་རང་ཉིད་ཀྱིས་ད་ལྟ་ཅི་ཞིག་བཤད་ཀྱིན་པ་ངས་དངོས་གནས་བཤད་དཀའ་ཚོད་རེད། དོན་ངོ་མས་ངན་ཁག་འདི་ཁོར་ཡུག་ཅིག་གམ། ཡུལ་ལུང་ཞིག ཡང་ན་རང་ཉིད་ལ་འགེལ་སྙམ་གྱིན། ངས་ཡང་དང་བསྐྱར་དུ་བསམ་གཞིགས་ཀྱི་མིག་ཟུང་གང་དུ་ཕྱོགས་ཀྱང་སུ་ལ་ལེ་བདའ་བྱེད་དགོས་པའང་ཤེས་མ་སོང་བས། ཕ་སྐད་ལགས། དགོངས་དག་ཞུ།


  
བསམ་ཚུལ། 0 བཀླཌ་ཐེངས།: 6120  

17.01.2009 09:18:00

དགོད་བྲོའི་སྒྲུང་ཐུང་།

ཞིང་པ་ཞིག་འབྲོག་པའི་སར་སྤུན་ཉེ་ཐུག་པར་སླེབས་པས།སྤུན་ཉེ་ཚོས་ཁོ་ལ་ཞོ་དང་འོ་མས་སྣེ་ལེན་གང་གཟབ་བྱས་པས། ཁོས་འོ་ཞོ་ཚད་མེད་བཏུང་པར་བརྟེན།ཆབ་གསང་ལ་ཕྱིན་ཚེ་དྲི་ཆེན་རྦད་དེ་འགག་པས་ཇི་ཙམ་བརྩིས་ཡང་མ་དོན་པས། ཁོ་ཐང་ཆད་ནས་ཆིག་ལབ་རྒྱབ་སྟེ། ཞོག་ཁོག་རྡོག་འཚོད་རྒྱབ།བསིངས་ཆང་དང་ཧྲན་རྩམ་རྒྱབ་ནས་བསྡད་དུས། ཞིང་པ་སྐྱིད་པོ་མིན་བསམ། ད་སྡུག་པོ་རིག་སོང་ཞེས་སྡུག་སྐད་ཤོར་རོ།


  
བསམ་ཚུལ། 0 བཀླཌ་ཐེངས།: 7168  

14.01.2009 06:48:36

ཆུ་མགོ་གངས་དང་ཆོས་མགོ་རྒྱ་གར་ཞེས།
གླེང་ཡང་ཡོད་ཚད་གཞན་ལ་གཏུག་འདོད་དེ།
རང་གི་མེས་པོའི་མཛད་རྗེས་རླབས་པོ་ཆེ།
བརླག་པའི་སྔ་ལྟས་ཡིན་ཞེས་སྨྲོས་རོགས་གནང༌།


  
བསམ་ཚུལ། 2 བཀླཌ་ཐེངས།: 6720  

11.01.2009 14:31:26

ཡུལ་འཛམ་གླིང་མཐོ་སྒང་གངས་རིའི་འདབས། ཕ་སྤྲེལ་རྒན་གཅིག་གི་རྒྱུད་རྩ་རུ། ཁམས་ཨ་མདོ་དབུས་གཙང་སྟོད་པ་སོགས། གསོན་འདི་གང་སྐྱིད་སྡུག་ལས་དབང་གཅིག ཡུལ་སྟོད་སྨད་དབྱེ་བ་མི་ཕྱེ་བར། སེམས་བརྩེ་བས་གཅིག་ཕན་གཅིག་རོགས་མཛོད། ཆོས་གྲུབ་མཐའི་ཕྱོགས་རིས་རྩོད་པ་སྤོངས། བོད་མཐུན་སྒྲིལ་བྱས་ནས་མདུན་དུ་འགྲོ། ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་རེད།


  
བསམ་ཚུལ། 3 བཀླཌ་ཐེངས།: 8625  

11.01.2009 14:00:53

 མི་ཉག་ཡུལ་སྐད་འདི་བོད་སྐད་རྣལ་མ་ཞིག་ཡིན་མིན་གྱི་ཐད་བཤད་འདྲ་མིན་སྣ་ཚོགས་ཤིག་ཡོད་པས་འདིའི་ཐད་ལ་ངས་ཞིབ་འཇུག་དཀྱིས་ཕྱིན་པ་ཞིག་མ་ཐུབ་པར་དཔྱད་གླེང་སྤེལ་རྩིས་མེད་ཀྱང་ཉམས་རྒུད་དུ་ཐེབས་ལ་ཉེ་བའི་ཡུལ་སྐད་འདི་སྲུང་འཛིན་བྱེད་པར་ཕན་པ་རེ་ཨེ་ཡོད་སྙམ་ནས། ངས་མི་ཉག་ཡུལ་སྐད་སློབ་དེབ་ཞེས་དབྱིན་རྒྱ་གཉིས་དང་རྒྱལ་སྤྱིའི་སྒྲ་རྟགས་དང་ལ་ཏན་བོད་ཡིག་སོགས་ཀུན་ནས་འཛོམས་པའི་དེབ་ཆུང་ཞིག་འདོན་རྩིས་ཡོད་པས་སྤུན་ཟླ་ཚོས་རྒྱབ་སྐྱོར་ཡོད་པར་ཞུ་ཞུ།


  
བསམ་ཚུལ། 1 བཀླཌ་ཐེངས།: 9109  

11.01.2009 13:56:44

བོད་ཀྱི་ཆེས་མཐོའི་ཐ་སྙད་གསར་བཟོའི་ཚོགས་ཆུང་གིས་གཏན་འབེབས་ཟིན་པའི་ཐ་སྙད་གྲངས་ ༢༠༠༠ ལྷག་བརྒལ་བ་དང༌། ད་དུང་མི་རིང་བར་ཐེངས་གཉིས་པའི་ཐ་སྙད་གཏན་འབེབས་ཀྱི་ཕྱོགས་སུའང་ཤུགས་སྣོན་རྒྱག་བཞིན་ཡོད་ལ། མ་འོངས་པར་དབྱིན་རྒྱ་ཧིན་སྐད་མ་འདྲེས་པར་བོད་ཡིག་རང་སྟེང་ནས་ཐ་སྙད་གསར་བཟོ་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཟེར།


  
བསམ་ཚུལ། 1 བཀླཌ་ཐེངས།: 8135  


| -