ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

གངས་རིན་ཆེན།



རྡ་སའི་འགྱུར་ལྡོག །
10.02.2012 04:18:40

འདས་ཟིན་པའི་སྐྱོ་སྡུག་གི་ལོ་ཟླ་ནི་དལ་གྱི་བརྒལ།   སྐྱ་སྐྱོག་དང་འགྱུར་རྡོག་གི་རླུང་འཚུབ་གཡོ་བའི་མ་འོང་གི་ལོ་ཟླ་ནི་རྡ་ས་ཡི་གནམ་གཤིས་བཞིན་དུ་འགྱུར་ལྡོག་ཧ་ཅང་ཆེ།  འོད་ཀྱང་བཙན་འབྱོར་བོད་མི་གཏན་གནས་ཞུགས་སྒར་རྡ་རམ་ས་ལ་བོད་མི་རྣམས་ཀྱི་འདས་ཟིན་པའི་དཔའ་བོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུ། གཞན་ཡང་རང་དབང་གི་འབོད་ཚིགས་མར་མེ་ཁྲོམ་བསྐོར་སོགས་ མི་རིགས་འདི་ཡི་ལ་རྒྱལ་ཡི་འབོད་སྒྲ་བར་གནམ་འཁྱིལ་འདུག



བརྗོད་གཞིའི་རིགས་བཀར་བ།: བོད་མིའི་སྐྱིད་སྡུག་མཉམ་མྱོང་།

བཀླཌ་ཐེངས།: 2387 | དེ་ལས་མང༌།...


 
རང་དབང་གི་འབོད་ཚིགས་
29.01.2012 09:33:01

འཛམ་གླིང་རང་དབང་གི་འོད་སྣང་འཕྲོ་བའི་དུས་རབས་སུ་ ཀླ་ཀློ་རྒྱ་དམག་གི་དྲག་གནོད་ཀྱི་ཚེ་སྲོག་བཅོམ་སྟེ་ མི་སྤྱོད་ལས་འདས་པའི་ཆབ་སྲིད་ཀྱི་བལྟ་གྲུབ་འདི་དག་ནི་དུས་རབས་ཉི་གཅིག་པའི་དམངས་གཙོ་དང་རང་དབང་གི་དུས་རབས་ལས་བརྒལ་བའི་སྤྱོད་ཚུལ་འདི་དག་ནི་རང་དབང་གི་འཛམས་གླིང་མི་དམངས་ཀྱི་འཕྲོད་དུ་རང་འཚམ་སྟོན་པ་ཞིག་མ་རེད་དམ།

བརྗོད་གཞིའི་རིགས་བཀར་བ།: བོད་མིའི་སྐྱིད་སྡུག་མཉམ་མྱོང་།

བཀླཌ་ཐེངས།: 2306 | དེ་ལས་མང༌།...


 
༼ གངས་ལྗོངས་ཀྱི་མི་དབང་པཎ་ཆེན་སལགས ༽
09.12.2011 04:55:54
གྲངས་མེད་བསྐལ་པ་སྟོང་གི་སྔ་རོལ་ནས།། ཚོགས་གཉིས་ལམ་གྱི་འགྲིམ་པ་མཐར་ཟིན་ཀྱང །།
གངས་ལྗོངས་སྐྱེ་འགྲོ་སྡུག་བསྔལ་ལས་བསྒྲལ་ཆེད །། ལྗོངས་འདིར་གཤིགས་པའི་བདེ་ལྡན་གཞིང་གི་མགོན།།


བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས།

བཀླཌ་ཐེངས།: 2668 | དེ་ལས་མང༌།...


 
༄༅། སྐྱོ་་སྡུག་མཆི་མ་རང་ཤོར།།
26.11.2011 04:57:36
མཐོན་པོ་ཡི་ལ་ལུང་བརྒལ་ཞིང།།               ཤག་ཤག་གྱི་ཆུ་བོ་བརྒྱུད་དེ  །།
རྐང་འོག་གི་ལྡོག་པ་ཟད་ཤིང    །།             རྒྱུས་མེད་ཀྱི་ས་མཐར་འགྲིམས་སོང་།།

བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས།

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 2653 | དེ་ལས་མང༌།...


 
འོད་སྟོང་འཕྲོ་བའི་མར་མེ །།
07.11.2011 08:41:13

འོད་སྟོང་འཕྲོ་བའི་མར་མེ །། ༄༅།   ཤ་ཕྲག་དང་ལས་དབང་གཅིག་པའི་འུ་བཅག་གི་སྤུན་ཟླ་ལགས །   ཁྱེད་རྣམས་པ་གདུབ་རྩུབ་ཀྱི་རླུང་དམར་ཕྲོད་ན་འགྲོ་བ་ཡི་རང་  དབང་བྲལ་ཞིང་ལུས་སེམས་དཀའ་སྡུ་གི་མནར་བའིདུས་ཡུན་ནང་། ཕ་རོལ་གྱི་དགྲ་དམག་གིས་བརྩན་གནོད་དང་ གདུང་རྕུབ་ ཐ་ན་རང་དབང་འབོད་ཚིག་ཙམ་ཡང་སྒྲོག་མི་ཆོག་པའི་དཀའ་སྡུག་གི་དུས་རབས་སུ་ཞི་ལུས་ཀྱི་སྤུན་ཟླ་ཚོའི་སེམས་ཁོངས་ཀྱི་རྨ་ཁ་མེ་ཆེ་འབར་ཡང་།



བརྗོད་གཞིའི་རིགས་བཀར་བ།: བོད་མིའི་སྐྱིད་སྡུག་མཉམ་མྱོང་།

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 2936 | དེ་ལས་མང༌།...


 
དཔའ་བོ་དཔའ་མོ་ལ་ཕུལ་བའི་སེམས་པ།
22.10.2011 02:45:24

ལྷག་བསམ་དང་སྙིང་སྟོབས་ཀྱི་ཕྱུག་པའི་མི་རིགས་འདི་ཡི་ཆོས་སྲིད་གཉིས་ཀྱིས་བདེན་དོན་ཆེད་ལུས་སྲོག་མཆོད་མེ་ཕུལ་བའི་དཔའ་བོ་དཔའ་མོ་མཚོ་ཁྱེད་རྣམས་པའི་ཕུག་དོན་དེ་དག་ང་ཚོའི་ནམ་ཡང་བརྗེད་མི་སྲིད་ལ།  མི་རིགས་འདི་ཡི་བདེན་དོན་མ་གསལ་བར། ང་ཚོས་ནམ་ཡང་ལས་འགུལ་མཚམས་མི་བཞགས་ལ།



བརྗོད་གཞིའི་རིགས་བཀར་བ།: བོད་མིའི་སྐྱིད་སྡུག་མཉམ་མྱོང་།

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 2850 | དེ་ལས་མང༌།...


 
བོད་ཡིག་ལ་བཅང་པའི་སེམས་པ།
11.10.2011 05:48:55

༄༅།། འདུ་འཛི་ཡི་འཁྲུག་ཆ་དོད་ལ་འདོད་རྔམ་གྱི་མེ་ཆེན་འབརབསླུ་ཁྲིད་ཀྱི་རང་གཞུང་ཙོང་པའི་དུས་རབས་འདི་ཡི་ནང་སྐྱེ་བོ་རེ་འགའ་ཕྱི་དངོས་པོ་ཡར་རྒྱས་ཀྱི་རྣམཔ་ཁོ་ན་ལ་མགོ་བོ་རྨོངས་སྟེ་རང་ནུས་ཡོད་ཚད་དེ་ལ་སྟོན་གྱི་ཡོད། མ་ཚད་དབྱིན་སྐད་རེ་གཉིས་དང་དབྱིན་ཡིག་འཆར་འཆོར་ཙམ་ལ་དགེ་མཚན་ཆེན་པོ་འཛིན་སྟེ་རང་ཉིད་ཀྱི་ཕྲུ་གུ་ཡན་ཆད་ལ་དབྱིན་ཡིག་སྦྱོངས་རྒྱུ་གལ་འགང་ཤིན་ཏུ་ཆེ་ཞིང་བོད་ཡིག་སྦྱོངས་ན་མ་འོང་མདུན་ལམ་མེད་པ་སོགས་ཅ་ཅོ་ཡི་ལོག་ཚོགས་མང་དུ་སྨྲས་ཞིང



བརྗོད་གཞིའི་རིགས་བཀར་བ།: བོད་མིའི་སྐྱིད་སྡུག་མཉམ་མྱོང་།

བཀླཌ་ཐེངས།: 3213 | དེ་ལས་མང༌།...


 
ཨ་མ་དྲན་པའི་སྡུག་འབོད་།
06.10.2011 09:11:08

༄༅། ཨ་མ་ལགས་ ཡར་ངོར་གྱི་ཟླ་བ་འཕྲོད་དུ་ངས་ཁྱེད་ལ་ལྟས་པའི་མིག་མཐར་མཆི་མས་བཀང་ཞིང་ལུས་སེམས་སྡུག་གི་མནར་བའི་མཚན་མོ་དེར་ང་ལ་སེམས་གསོ་དང་རོགས་པ་ནི་ཡར་ངོར་གྱི་ཟླ་ལས་གཞན་སུས་ཡང་མེད།



བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས།

བཀླཌ་ཐེངས།: 4224 | དེ་ལས་མང༌།...


 
རང་དབང་གྱི་གཏམ་བརྗོད།
01.10.2011 00:27:24
འཛམ་གླིང་སྤྱི་ལ་སྨྲ་བརྗོད་དངརང་དབང་གི་དམངས་གཙོ་གུ་ཡངས་སོགས་ཡར་ངོར་ཟླ་བཞིན་འཕེལ་བཞིན་པའི་སྐབས་དེར།  དམར་པོའི་གཞུང་གི་དབུ་འཛིན་པ་ཚོས་རང་ཤེད་ཀྱི་རྐུབ་སྟེགས་ཆེད།  མི་དམངས་ལ་མི་བཟོད་པའི་སྡུག་ངན་མནར་གཅོད་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟར་བུ་འདི་ཉིདབདེ་འདོད་ཀྱི་འཛམ་གླིང་མི་དམངས་དང་ལྷན་དུ་མཐུན་ཐབས་མེདཔའི་རང་རྒྱལ་གཞན་ཕམ་གྱི་་ལྟ་བ་ངན་པ་ཞིག་མ་རེད་དམ།

བརྗོད་གཞིའི་རིགས་བཀར་བ།: བོད་མིའི་སྐྱིད་སྡུག་མཉམ་མྱོང་།

བཀླཌ་ཐེངས།: 3965 | དེ་ལས་མང༌།...


 
ལས་ཀྱི་འཕོར་འགྱུར་
27.08.2011 08:55:34
བསལ་ལྡན་གངས་རི་རྒྱབ་ཏུ་བཞག་སྟེ་ཚ་བའི་མེ་རྐྱེ་ཀློང་དུ་ཚུད།
ཤ་མར་ཟས་རིགས་རིང་ནས་དོར་ཞིང་ཁ་ཟས་རྡ་ལི་ལོངས་སུ་སྤྱོད།
ལས་དབང་སྟོང་གི་དཀའ་སྡུག་བཟོད་དེ་གཞན་ཡུལ་གོམས་མཁར་དལ་གྱི་རྒྱུ།
རབ་མཛེས་ལྷ་ཡི་གྲོང་འདི་བཞག་ནས་རྒྱུས་མེད་ས་མཐའི་འདི་ན་འཕོས།


བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས།

བསམ་ཚུལ་ཁག 3 | བཀླཌ་ཐེངས།: 4498 | དེ་ལས་མང༌།...


 
དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་དཀའ་གནས་བརྒྱད།
22.08.2011 09:02:32
དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་དཀའ་གནས་བརྒྱད།
འགྲོ་བའི་ལམ་སྟོན་ཐུབ་པ་བཅོམ་ལྡན་འདས།
དབུ་མའི་སྲོལ་འབྱེད་ཀླུ་སྒྲུབ་ཡབ་སྲས་དང་།
སངས་རྒྱས་བསྐྱངས་སོགས་འཕགས་ཡུལ་པཎ་ཏྲི་རྣམས།
སྤྱི་བོར་རྒྱན་དུ་བདག་གིས་གུས་པའི་མཆོད།


བརྗོད་གཞིའི་རིགས་བཀར་བ།: ནང་ཆོས་

བསམ་ཚུལ་ཁག 2 | བཀླཌ་ཐེངས།: 14407 | དེ་ལས་མང༌།...


 
བོདཀྱི་དབུ་ཁྲིད་གསར་པ་ལ་ཕེབས་སུ།
08.08.2011 05:26:28
༄།གངས་ཀྱི་རི་བོ་མཐོ་བམ་མངོན་པ་རྩེ།
གངས་སེང་དཀར་པོ་གཡུ་རལ་གྱེན་དུ་ལོང།
གངས་རི་མགོན་པོའིང་ཐུགས་ཀྱི་དགོངས་དོན་དང།
གངས་ཅན་བོད་མི་ལས་དབང་ཁྱོད་ལ་བཅོལ།
གང་ཉིད་སྒྲུབ་པའི་སྨོན་མདུན་ཁྱོད་ལ་ཞུ།
ཞེས་གངས་རི་ལྗོངས་ཀྱི་དབུ་ཁྲིད་མི་དབང་སེང་གེ་མཆོག་ལ་བཀྲ་ཤིས་པའི་སྨོན་ཚིགས་སྟོང་གི་ཕེབས་སུ་ཞུ།།


བརྗོད་གཞིའི་རིགས་བཀར་བ།: རྡོག་རྩ་ཆིག་སྒྲིལ།

བསམ་ཚུལ་ཁག 4 | བཀླཌ་ཐེངས།: 5680 | དེ་ལས་མང༌།...


 
བཀའ་ཁྲིད་ལ་བསུ་བ།
07.08.2011 05:42:34
བཀའ་ཁྲིད་གསར་པ་མཛད་སྒོ་ལ་རེ་སྒུག་བྱེད་ཡོད་བོད་གཞུང་དམངས་གཉིས་ཀྱི་མཛད་སྒོ་ལ་བསུ་བ་གང་འདྲ་ཞིག་ཞུ་རྒྱུ་ཡིན་ནམ།    བཀྲ་ཤིས་པའི་ཚིགས་བཟང་གི་རེ་སྒུག་བྱེད་འདུག་བོད་རྒྱལ་ལོ།།

བརྗོད་གཞིའི་རིགས་བཀར་བ།: བོད་མིའི་སྐྱིད་སྡུག་མཉམ་མྱོང་།

བཀླཌ་ཐེངས།: 4713 | དེ་ལས་མང༌།...


 
ནང་ཆོས་ཀྱི་ཟེར་འོད་།
05.08.2011 10:49:40
དུས་རབས་འདི་དཔལ་འབྱོར་གྱི་འགྱུར་ལྡོག་ཆེ་ཞིང།  དམགས་ཕྲུག་གི་གནམ་ས་འགེངས་ཞིང་་རང་རྒྱལ་ལ  ་གཞན་ཕམ་གྱི  ་བརྩོད་སྙོག་གླིང་བའི་དུས་རབས་འདི།     ང་ཚོའི་ནང་པ་སངས་རྒྱས་པའི་འཚེ་བ་མེད་པའི་བལྟ་གྲུབ་འདི་ཉིད་ཀྱི་འཕྲུག་འཛིན་གྱི་དུས་རབས་འདི་འགོག་ཐབས་ཀྱི་མཚམས་སུ་སླེབས་ཡོད།    དེ་བརྟེན་ང་ཚོའི་བཟང་ལམ་གྱི་བལྟ་གྲུབ་འདི་ཉིད་ཤར་ནུབ་ཡུལ་གྲུ་ཀུན་ལ་ཁྱབ་སྤེལ་བྱེད་སྟེ་ནང་ཆོས་ཀྱི་བྲོ་བ་བསྟོན་པའི་དུས་ལ་བབ་འདུག།   དེ་ཡང་སྒྲོ་བསྐུ་ཡི་མཐའ་སྤངས་སྟེ་དུས་རབས་དང་མཐུན་པའི་གཞི་ཡི་གནས་ལུགས་ལ་སྤྱོད་པའི་རིགས་པ་རྣམས་མཚན་རིགས་དང་ལག་ལྡང་སྦྲེལ་ནས་གཞི་བདེ་རྒྱལ་ཁབ་ལེན་རྒྱུན་མཐུན་རྐྱེན་ང་ཚོ་ལ་ཡིད།

བརྗོད་གཞིའི་རིགས་བཀར་བ།: ནང་ཆོས་

བཀླཌ་ཐེངས།: 4492 | དེ་ལས་མང༌།...


 
ང་ཡི་ལས་དབང་།
26.07.2011 10:49:34
ཀ་པ་ལ་ནས་རྐང་པའི་དཀྱེལ་གཙུག་བར།
ཁ་ལ་སོགས་པའི་བར་སྤུ་བུ་གར་ནས།
ག་རེ་མཐོན་ཀྱང་ཚངས་མ་སྐྱུག་བྲོ་བའི།
ང་ཡི་ལུས་འདི་མི་གཙང་གོང་བུ་འདྲ།


བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས།

བཀླཌ་ཐེངས།: 5137 | དེ་ལས་མང༌།...


 
གངས་ཕྲག་གི་ཕ་ས།
25.07.2011 02:32:07
  • ༄།སྣོད་འཛམ་གླིང་ས་ཡི་རྩེ་མོ་རུ།
    དཀར་གངས་རི་བསྐོར་བའི་མཐོ་སྒང་བོད།
    གླིང་འཛམ་གླིང་འདི་ཡི་གཙུག་གི་རྒྱན་།
    བོད་མགོ་ནག་མི་ཡི་ཕ་ས་ཡིན།
    དཀརལྷམ་མེད་གངས་རི་བསྐོར་བའི་དབུ།
    མཁར་དམར་པོའི་རི་བོ་གྲུབ་མཛད་རེད།
    བོད་སྐྱི་འགྲོ་ཡོངས་ཀྱི་མགོན་དང་སྐྱབས།
    རྗེསཕྱག་ན་པད་མོའི་གདན་ས་ཡིན།
    སྐུ་སེར་མདོག་འཛམ་གླིང་ཉི་མའདྲ།
    གསུང་འཕྲིན་ལས་འགྲོ་བ་ཀུན་ལ་སྙོམ།
    ཐུགས་བརྩེ་བ་སྙིང་རྗེ་བདག་ཉིད་ཅན།
    བོད་མི་རིགས་འདི་ཕྱི་མགོན་དང་སྐྱབས།


    བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས།

    བཀླཌ་ཐེངས།: 4926 | དེ་ལས་མང༌།...


 
གངས་ལྗོངས་་ངའི་ཕ་ཡུལ།
23.07.2011 02:01:05
གངས་ཆུ་འཐུང་ནས་འཚར་ལོང་བྱུང་ཞིང་།  གངས་དཀར་རི་ལ་རྐང་རྗེས་བཞག་ཡོད་། གངས་རིའི་ཨ་མའི་བསླབ་བྱ་ཉན་མྱོང་།  གངས་ལྗོངས་ཡུལ་ལ་བརྩེ་སེམས་བཅངས་ཡོད། རེད་ཡ་ཕ་ཡུལ་གངས་ལྗོངས་ལགས།  ཁྱེད་ལ་བཅངས་པའི་བརྩེ་སེམས་དང་ཞེན་ཆགས་ད་དུང་ཁྱོད་ཀྱིས་གནང་བའི་ཟུངས་ཁྲག་བཅས་ནི་ངས་ནམ་ཡང་འགྱུར་བ་བཏང་ག་ལ་ནུས། འོན་ཀྱང་ཁྱོད་དང་བྲལ་བའི་སྐྱོར་སྡུག་གི་ཁུར་པོ་འདི་བསུས་བསྐྲུན་བ་ཡིན་ནམ་འདི་ནི་དངོས་གནས་སྐྱོ་སྡུག་གི་ལས་དབང་ཞིག་རེད་རེད་ཡ་ང་ཁྱེད་དང་བྲལ་བ་ག་ལ་འདོད།  ཁྱོད་ངས་ཕ་ཡུལ་ཡིན་པ་ག་ལ་བརྗེད།


བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས།

བཀླཌ་ཐེངས།: 5085 | དེ་ལས་མང༌།...


 
གངས་རིའི་ཕོ་རྒོད་ཀྱི་ཞབས་རྗེས།
15.07.2011 01:44:47

ཨེ་མ་། གངས་རིའི་མུ་ཁྱུད་ཀྱི་འཕྲེང་བས་ཡོངས་སུ་བསྐོར་བའི་གདོང་དམར་ང་ཚོའི་ཕ་ས། ཞི་བདེ་དང་རང་དབང་གི་བདེ་བ་བྲལ་ཞིང་འཇིགས་སྣང་དང་སྡུག་བསྔལ་གྱི་རྒྱ་མཚོ་འཁྱིལ་ལ། འཕྱ་སྨོད་དང་མཐོང་ཆུང་གི་རྦ་རླབས་གཡོ། གཡོ་རྒྱུ་དང་བསླུ་བྲིད་ཀྱི་རྫུན་ལྤགས་གྱོན། བདེ་མདོག་དང་སྐྱིད་མདོག་གི་གླུ་གར་འཁྲབ། རེད་ཡ།

བརྗོད་གཞིའི་རིགས་བཀར་བ།: བོད་མིའི་སྐྱིད་སྡུག་མཉམ་མྱོང་།

བསམ་ཚུལ་ཁག 3 | བཀླཌ་ཐེངས།: 4933 | དེ་ལས་མང༌།...


 
བླ་སློབ་ཀྱི་དམ་ཚིག།
11.07.2011 02:44:40

༄༅། །སྤྱི་ཚོགས་ཀྱི་འཕོ་འགྱུར་དང་།  དུས་ཀྱི་འགྱུར་ལྡོག མི་རྣམས་ཀྱི་སེམས་ཁམས་ལ་འགྱུར་ལྡོག་གི་རླུང་བུའི་ཉིན་རེ་བཞིན་དུ་འཁྲུག་ཆ་དོད་ན་ཡང་། བོད་མི་རྣམས་ཀྱི་༧གོངས་ས་མཆོག་ལ་ལྷན་མེད་ཀྱི་དད་པ་ནི་འགྱུར་མེད་ཀྱི་རི་རྒྱལ་ལྷུན་པོ་ལྟར་བརྟེན་ཅིང་། ད་དུང་ཁོང་ནི་ཡངས་པའི་འཇིག་རྟེན་ཁྱོན་འདིར་བདེ་འགྲོ་སྐྱེ་བུ་ཡོངས་ཀྱི་ཁོག་པའི་སྙིང་དང་། ལྟ་བའི་མིག་ལྟ་བུའི་བླ་སློབ་ཀྱི་དམ་ཚིག་འོ་ཆུ་SmileSmileགཅིག་ཏུ་འདྲེས་འདུག



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 4876 | དེ་ལས་མང༌།...


 
ལྷོ་མཐའི་མཛེས་ལྗོངས།
01.07.2011 10:34:40

སྔོ་ཞིང་དངས་བའི་ནམ་མཁའ་ཡི་མཛེས་སྡུག་ཡོས་སུ་སྒྲིབ་ཞིང་ནགས་ཀློངས་ཀྱི་ཆུ་འཛིན་དབུས་ནས་ཆད་མེད་ཀྱི་ཆར་རྒྱུན་ཤག་ཤག་ཏུ་འབབ་ཞིང་བལྟ་ན་སྡུག་པའི་ལྷོ་མཐའི་ཡུལ་ལྗོངས་ནི་ས་གཞི་ཡོངས་སུ་གཡུ་ལོ་འཁྱིལ་ཞིང་ཞིང་པ་རྣམས་ཀྱི་སོར་ནམས་ཀྱི་ལས་ལ་འཇུག ་གྲ་བཙུན་རྣམས་རྒྱུགས་སྤྲོད་ཀྱི་བྱ་བ་སླེབས་ལ་ཉེར་ཞིང་ས་གཞི་ཡོངས་ལ་ལངས་ཚོར་གྱི་མཛེས་སྡུག་ཇི་ཙམ་བཀྲ་ཡང་ལོངས་སུ་སྤྱོད་པའི་སྐྱེ་བོ་ནི་ཉི་མའི་ཁྲོད་ཀྱི་སྐར་མ་བཞིན།



བརྗོད་གཞིའི་རིགས་བཀར་བ།: གངས་དཀར་སེམས།

བསམ་ཚུལ་ཁག 2 | བཀླཌ་ཐེངས།: 5084 | དེ་ལས་མང༌།...


  ཤོག་ངོས། 3 ནས། 4
| -