ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

བེ་རི་འཇིགས་མེད་དབང་རྒྱལ།



20.01.2010 22:35:17

མདང་གི་མཚན་མོར་ཧྥ་རན་སི་ནས་ཐོན།།
མེ་འཁོར་མྱུར་ཚོད་ནམ་མཁའི་གློག་ལྟར་འཁྱུགས།།
ཐུན་གསུམ་མཚན་མོར་མེ་འཁོར་འབབ་ཚུགས་ནས།།
མོ་ཊའི་ནང་དུ་ཡོན་ཏན་གླིང་ལ་འབྱོར།།
  
བསམ་ཚུལ། 0 བཀླཌ་ཐེངས།: 7619  

20.01.2010 05:43:32

ཞོགས་པའི་མཛད་རིམ་རྨི་ལམ་ཇི་བཞིན་བསྡུས།།
ཉིན་གུང་གསོལ་ཚིགས་ཟ་ཁང་ནང་དུ་ཟོས།།
ངལ་གསོ་མེད་པའི་མཛད་རིམ་དོགས་པོའི་སྣེར།།
རིག་པ་ཆོས་ཚོགས་ཁང་དུ་སླར་ཡང་བཅར།།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 2 བཀླཌ་ཐེངས།: 7626  

20.01.2010 05:39:17

པ་རེ་སི་ཡི་གྲོང་ཁྱེར་ཧ་ཅང་ཆེ། །
ཁོམ་མེར་སེ་ཡི་མགྲོན་ཁང་ཤིན་ཏུ་མཐོ།
ཉིན་གསུམ་རིང་ལ་མཛད་རིམ་ཤིན་དུ་མང༌།
ལུས་སེམས་བྲེལ་བའི་ཨ་ཐང་ཧ་ཅང་ཆད།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0 བཀླཌ་ཐེངས།: 7216  

20.01.2010 05:37:15

སྨུག་པའི་ཡོལ་བ་དལ་གྱིས་དལ་གྱིས་ཕྱེས།
སྤྲིན་པའི་་འོག་ནས་ཉི་འོད་ཅུང་ཟད་འཚེར།
གུང་ཚིགས་ལངས་ཟོས་བྱས་རྗེས་ཟ་ཁང་ནས།
པ་རེ་སི་ཡི་གྲོང་ཁྱེར་སླར་ཡང་གཤགས།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0 བཀླཌ་ཐེངས།: 6762  

20.01.2010 05:35:48

ཞོགས་པའི་ཉིན་གཞོན་སྤྲིན་པའི་རུམ་དུ་བསྟིམས།
སྨུག་ཞགས་སྟུག་པོས་བར་སྣང་ཁད་ཀྱིས་གཡོགས།
མོ་ཊའི་འགྲོ་འདུག་རྩེན་པའི་འདུ་ལོངས་ཁྲོད།
རྒྱལ་མཚམས་མེད་པའི་གསར་འགོད་ཁང་སུ་སླེབས།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0 བཀླཌ་ཐེངས།: 6973  

20.01.2010 05:29:03

གྲོང་ཁྱེར་སྲང་ལམ་རྐང་པའི་འགྲོས་ཀྱིས་གཤགས།།
སྲོད་དུས་གློག་སྒྲོན་མཆེད་པའི་འོད་སྣང་ཁྲོད།།
མི་ཚོགས་ཁྲི་མ་འབུམ་གྱི་ཁྲོམ་གསེབ་ནས།།
ལྕགས་ཀྱི་ཀ་བ་རིང་མོའི་ལྗིད་ཉམས་མཐོང༌།།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 1 བཀླཌ་ཐེངས།: 6859  

20.01.2010 05:25:08

གཟུགས་མེད་རྟོག་པའི་ཀློང་ནས་འཁྲུངས་པ་ཡི།
ནུབ་ཕྱོགས་ཨོ་རྒྱན་ཞིང་ཁམས་ལས་འགངས་པའི།
རྒྱལ་ས་པཱ་རི་སི་ཡི་དཀྱིལ་ཟུར་ན།
བརྒྱ་སྦྱིན་ལྷ་ཡི་ཁང་བཟང་འདྲ་བ་མཐོང༌།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0 བཀླཌ་ཐེངས།: 7455  

20.01.2010 05:23:44

གཡུང་དྲུང་ལྷ་མི་དམུ་ཐག་མ་རྒྱུད་པར།
རིམ་པ་བཅུ་གསུམ་ལྷ་ཡུལ་མ་བརྒལ་བར།
སུམ་ཅུ་རྩ་གསུམ་ཞིང་དུ་སླེབས་པ་ཡི།
ཚོར་བའི་རླབས་རིས་འབར་བའི་ཞིང་ཁམས་འགྲིམས།
  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 0 བཀླཌ་ཐེངས།: 6815  

18.01.2010 01:57:11

གསེར་གྱི་རྟགས་མའི་གཟེངས་རྟགས་ལ་ཕུལ་བའི་འཚམས་འཕྲིན།
ཞི་བདེའི་ལོ་མ་སྟོན་མཇུག་རླུང་གིས་བདས།།
བས་མཐའི་ལྷིངས་འཇགས་ཇག་ཚོགས་ངུས་པས་བཀྲོགས།།
རི་ཀླུང་མཛེས་སྡུག་འཕྲུལ་ཆས་རྔམས་ཀྱིས་བཅོམ།།
མཚོ་བཞི་གླིང་ལྔ་དུར་སར་འགྱུར་ཉེ་སྐབས།།


  མ་འོངས་པའི་དབུ་ཁྲིད།
བསམ་ཚུལ། 1 བཀླཌ་ཐེངས།: 7075  

18.01.2010 01:09:51

སྤྱིར་བཏང་ནི་མི་ཟེར་བ་འདིས་ཁ་ཁོམ་སོང་ན་ག་རེ་ཡིན་ཡང་བཤད་ཀྱི་ཡོད་ངེས་རེད་ལ། བཀག་རྒྱ་དང་སྐྲག་སྣང་མེད་ས་ནས་དེ་བས་ཀྱང་མི་འདི་དག་གི་ཁ་ལ་རང་ཚོད་ཅིག་མེད་པ་ལྟར་ང་རང་གིས་ཀྱང་རང་གི་གང་བསམ་དང་རང་ཉིད་བོད་པ་ཞིག་ཡིན་པ་དང་བོད་སེམས་ཤིག་ཡོད་པ། བོད་ལུས་ཤིག་ལངས་ཡོད་པ་བོད་ཞེན་ཞིག་ཡོད་པ་འདི་དག་ལ་བརྟེན་ནས་ངས་ཀྱང་རང་གི་སྐད་ཡིག་གི་ཤེས་ཚད་སྐྱོ་བོ་ཡིན་མིན་ལ་མ་བལྟས་པར་རང་ཉིད་ཤི་མ་ཐུབ་པའི་སྔ་རོལ་བོད་ལ་བཅིངས་བས་སྐད་ཆ།


  
བསམ་ཚུལ། 0 བཀླཌ་ཐེངས།: 6431  

18.01.2010 01:03:26

ང་ལ་རེ་བ་ཞིག་ཡོད། དེ་ནི་བོད་ཟེར་བ་ནི་གཅིག་ལས་གཉིས་མེད་པ་དེ་ཤེས་དགོས། དེ་ནི་ང་དང་བཅས་པས་བོད་པ་ཡོངས་ཀྱི་འགན་ཞིག་ཡིན་པ་ལས་མི་རེ་ཟུང་གི་འགན་ཞིག་ གཏན་ནས་ཆགས་མེད་སྟབས། ཆོལ་ཁ་ཟེར་བ་དེ་ནི་བོད་པས་མིང་ཚིགས་མ་རེད། དེ་དང་དེའི་མཚོན་པས་བོད་ཀྱི་སྐད་ཡིག་ནང་དུ་གཞན་གྱི་སྐད་ཡིག་བཙན་འཛུལ་ཟིན་པ་དེ་དག་ཕྱིར་འཕུད་དང་གསར་དུ་སླེབས་སྲིད་པ་དག་ལ་སྔོན་འགོག་བྱེད་དགོས་ཀྱི་ཡོད།
  
བསམ་ཚུལ། 0 བཀླཌ་ཐེངས།: 7118  

18.01.2010 00:58:34

སྤྱིར་ན་རྩོམ་ཡིག་གི་བཟང་ངན་ཟེར་ནས་གླེང་མཁན་དག་གིས་ཀྱང་རྩོམ་ཡིག་ལ་རྒྱུས་མངའ་མེད་ཁོ་ཐག་རེད། གལ་ཏེ་རྩོམ་ཡིག་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན། རྩོམ་ཡིག་ནི་རང་འགར་གྱི་དམའ་འབེབས་བྱེད་ས་ཞིག་ཆགས་མེད་པ་རེད། ལྷག་པར་དུ་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་སུ་ཞིག་གིས་རྩོམ་ཡིག་གང་ཞིག་སྤེལ་ཀྱང་ཕྱོགས་རིས་དང་ཕྲག་དོག་འགྲན་སེམས་མེད་པའི་སྒོ་ནས་བརྩམ་ཆོས་དེ་དག་གི་རིགས་གང་ཡིན་ཡང་དྲ་ཚིགས་གང་སར་བཀྲམ་ཐུབ་ན་ཡག་པོ་འདུག

  
བསམ་ཚུལ། 0 བཀླཌ་ཐེངས།: 7319  

18.01.2010 00:52:00

གཞིས་སུ་བསྟན་སྲིད་ཉམས་རྒུད་སོང་བ་དང་སྟབས་བསྟུན་བཙན་བྱོལ་སྤྱི་ཚོགས་ནང་ྋགོང་ས་སྐྱབས་མགོན་ཆེན་པོས་སྔ་ཕྱི་བཀའ་ནན་གཞིར་བཟུང་གིས་ནང་ཆོས་རིག་པའི་ལྗགས་རྩོམ་གནང་མཁན་ཡང་མི་ཉུང་བ་ཞིག་བྱུང་འདུག་པའི་ནང་ནས། ཧ་ལམ་ཐོག་དང་པོ་ནི་ྋགོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་༼ལེགས་བཤད་བློ་གསར་མིག་འབྱེད༽ཞེས་བསླབ་པ་གསུམ་གྱི་སྐོར་ལས་རྩོམ་པའི་ལེགས་བཤད་ད་ལྟའི་ཆར་གཞི་རིམ་སློབ་གྲྭ་ཁག་གི་སློབ་དེབ་ཏུ་བདམས་པ་དེ་ཉིད་ཡིན་རྒྱུ་རེད་སྙམ།


  
བསམ་ཚུལ། 0 བཀླཌ་ཐེངས།: 7062  

18.01.2010 00:43:31

བཙན་བྱོལ་སྤྱི་ཚོགས་འདིར་ལོ་རྒྱུས་རིག་པའི་དེབ་ཐེར་གྱི་དཔེ་དེབ་དང་པོ་རྩོམ་སྒྲིག་པར་བསྐྲུན་འགྲེམ་སྤེལ་བྱས་པ་དེ་ནི། བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་བྱས་པ་ཅན་གྱི་མི་ངོ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ཉིད་ཡིན་ཞིང༌། ཁོང་གིས་ལྗགས་རྩོམ་གནང་བའི་༼བོད་ཀྱི་སྲིད་དོན་རྒྱལ་རབས་༽ནི། ས་ཕག་དུས་འགྱུར་མ་བྱུང་སྔོན་ནས་འབྱུང་འགྱུར་ཚོད་དཔག་གིས་འཕགས་ཡུལ་ཀ་སྦུག་ ཏུ་བཞུགས་ཏེ། ཕྱོགས་གཅིག་ནས་ཨ་རིའི་གསང་བའི་ལས་ཁུངས་དང་སྲིད་ཀྱི་འབྲེལ་བ་གནང༌།


  
བསམ་ཚུལ། 0 བཀླཌ་ཐེངས།: 7280  

18.01.2010 00:35:04

ས་ཕག་དུས་འགྱུར་བྱུང་བ་དང་ྋགོང་ས་མཆོག་གིས་བཀའ་ནན་ཕེབས་པ་དང་བརྒྱུད་ནས་འབྲེལ་ཏེ། ཡུལ་གྱར་དུ་སླེབས་པའི་བོད་ཀྱི་མཁས་གྲུབ་བླ་སྤྲུལ་དུ་མས་བོད་ཀྱི་ནང་ཆོས་རིག་པའི་བྱུང་བ་བརྗོད་པ་སྤྱི་དང༌། ཆོས་ལུགས་རང་ཁོངས་ཀྱི་བྱུང་བ་བརྗོད་པའི་རྩོམ་ཡིག་སྣ་མང་སྤེལ་བའི་ནང་ནས། ཆེས་ཐོག་མ་ནི་སྔ་འགྱུར་རྙིང་མ་པའི་བསྟན་པའི་སྲོལ་འཛིན་ཆེན་པོ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད་པའི༼སྔ་འགྱུར་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲའམ་ཡོངས་གྲགས་སུ་བདུད་འཇོམས་ཆོས་འབྱུང་༽དུ་གྲགས་པ་དེ་ཡིན་སྲིད་སྙམ།

  
བསམ་ཚུལ། 0 བཀླཌ་ཐེངས།: 9333  

18.01.2010 00:19:50

ས་ཕག་དུས་འགྱུར་བྱུང་ནས་མི་རིང་བར་རྒྱ་གར་དུ་སྐྱབས་བཅོལ་སླེབས་པའི་རྒྱུད་རིམ་ཁྲོད། གསུམ་ཅུའི་དུས་དྲན་ནམ་བོད་རང་དབང་སྒེར་ལངས་ཀྱི་དུས་དྲན་དང་པོ་དེ། སྤྱི་ལོ་ ༡༩༦༠ ཟླ ༣ ཚེས ༡༠ ཉིན་རྒྱ་གར་ཌལ་ཧོར་དུ་གནང་འདུག་པ་དེའི་ཐོག་ྋགོང་ས་མཆོག་གི་ཡོངས་ཁྱབ་གསུང་བཤད་བཀའ་སློབ་ཅིག་གནང་འདུག་པ་དེ་ཉིད་བྱེས་འབྱོར་ཁྲོད་ཆབ་སྲིད་དང་འབྲེལ་བའི་རྩོམ་རིག་དཔེ་འགྲེམ་གནང་བ་ཐེངས་དང་པོ་དེ་ཡིན་རྒྱུ་རེད།


  
བསམ་ཚུལ། 0 བཀླཌ་ཐེངས།: 7254  

18.01.2010 00:12:52

སྤྱི་ལོ་༡༩༦༤ཡན་མན་ནས་རྡོར་གླིང་ཆུ་བཞི་སྒང་དྲུག་གི་ལས་ཁུངས་དང་ཨ་རིའི་གསང་བའི་ལས་ཁུངས་དང་འབྲེལ་བ་བྱས་ནས་༼ཆུ་ཨ་གསར་འགྱུར་༽ཞེས་པའི་གསར་ཤོག་འདོན་ཐེངས་ཁ་ཤས་བཏོན་འདུག་པ་དེ་ནི་བཙན་བྱོལ་ནང་བོད་པ་རང་གིས་བཏོན་པའི་གསར་ཤོག་དང་པོ་དེ་རེད། དེ་རྗེས་གསར་ཤོག་དེ་ཉིད་དགག་དགོས་ལ་བརྟེན་ནས་༼བོད་མིའི་རང་དབང་༽ཞེས་པར་མིང་ བསྒྱུར་གྱིས་འདོན་སྤེལ་གནང་འདུག
  
བསམ་ཚུལ། 0 བཀླཌ་ཐེངས།: 7838  

17.01.2010 23:43:28

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༡༡ཉིན་སྤེལ། འཇུ་སྐལ་བཟང་གི་ལྷུག་རྩོམ་《སྦྲ་ནག་གི་གྱེས་འབོད་》བཀླགས་པའི་མྱོང་ཚོར་ཐོར་བུ། འཛམ་གླིང་དཔལ་འབྱོར་གཅིག་གྱུར་ཅན་དུ་འགྱུར་བའི་གོམ་སྟབས་ཉིན་རེ་བཞིན་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། ང་ཚོའི་མིག་སྔར་གནད་དོན་མང་བོ་ཞིག་ཀྱང་ལྷགས་ཡོང་ལ།
  
བསམ་ཚུལ། 0 བཀླཌ་ཐེངས།: 6490  

ཤོག་ངོས། 2 ནས། 2
| -