ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མྱི་རྡོ།



05.05.2011 09:49:02

བཅའ་ཁྲིམས་བསྐྱར་བཅོས
དེང་སང་བཙན་བྱོལ་གཞུང་གིས་བཅའ་ཁྲིམས་བསྐྱར་བཅོས་བྱས་པའི་ནང་གི་འཕོ་འགྱུར་ཆེ་ཤོས་ཁག་གཅིག་ནི།
༡༽སླད་ཕྱིན་བཙན་བྱོལ་བོད་མིའི་གཞུང་གི་ཁྱབ་ཁོངས་སུ། ལས་ཐམ་དང་ལས་རྟགས་སུ་གངས་སེང་ཁ་སྤྲོད་ཡིན་པ་
གང་ཞིག་ལ་《དགའ་ལྡན་ཕོ་བྲང་》ཞེས་པའི་ཚབ་ཏུ་《བདེན་པ་ཉིད་རྒྱལ་རྒྱུར་ཅིག 》ཅེས་འགོད་རྒྱུའི་རྒྱབ་གཉེར་བྱུང་འདུག


  མངའ་འབངས་ཀྱི་འགན་བབ།
བསམ་ཚུལ། 19 བཀླཌ་ཐེངས།: 4780  

01.05.2011 05:56:29

༄༅། འཕྲིན་ཡིག་འདི་ནི་ཕྱི་ལོ་༡༩༩༥་བོད་ཆབ་མདོ་གྲོང་བརྡལ་དུ་ཞོར་ལས་གཉེར་བའི་ཁོ་བོའི་སྲིང་མོ་སྒྲོལ་མ་གར་སོང་ཆ་མེད་དུ་གྱུར་ཏེ་ད་བར་མ་རྙེད།འདི་ལོ་སྟེ་༢༠༡༠། ཟླ་བ་དང་པོའི་ནང་སྟབས་ལེགས་ལྟས་དབང་གིས་རྒྱ་ནག་ཁྲིན་ཏུ་གྲོང་གསེབ་གཅིག་གི་ནང་དུ་བཙོང་ཡོད་པ་ཤེས་རྟོགས་བྱུང་པར་འཕྲལ་དུ་བརྩད་བཅད་དེ་ནང་མི་ལྷན་འཛོམས་ཀྱི་སྐལ་བཟང་ཐོབ།

  འཕྲིན་ཡིག
བསམ་ཚུལ། 19 བཀླཌ་ཐེངས།: 4129  

24.04.2011 02:02:25

དཀོན་མཆོག་ལགས་གང་ཞིག་ཏུ་བཞུགས་ཡོད།
ང་ཚོ་ཁྱེད་ཀྱི་སྒོ་འགྲམ་ན་ཡོད།
ཁྱེད་ཀྱིས་སྒོ་མི་འབྱེད་དོན་གང་ཡིན།
བོད་མིའི་སྡུག་བསྔལ་བསལ་རོགས་གྱིས་་་་་་སྐུ་མཁྱེན།

  
བསམ་ཚུལ། 23 བཀླཌ་ཐེངས།: 3601  

18.04.2011 00:19:22

ཨ་ཕའི་ཁ་ཕོར་གཙང་ཞེན་ཆེ་གྱུར་ཀྱང་།།
ཉི་ཤར་སྦར་མོས་འགེབས་པ་ངལ་བའི་རྒྱུ།།
རྟོག་བཏགས་ལྷ་སྒྲུང་སྙན་མོའི་མངར་ཁ་འདིས།།
ཁྱེད་ཅག་ཡོངས་སུ་ངོམས་ན་དགྱེས་པར་མཛོད།།
  
བསམ་ཚུལ། 13 བཀླཌ་ཐེངས།: 2901  

10.04.2011 02:37:08

དྲོད་ཁོལ་མེད་པའི་ཉི་འོད་མོག་པོ་མགོ་ཐོག་ན་འབབ་ཀྱིན།
སྐོར་རླུང་གིས་དེད་པའི་ཐལ་རྡུལ་སྐྱ་མོས་ངོ་གདོང་ལ་བྲབ་ཀྱིན།
བསིལ་ལྷམ་གྱི་ཤིང་རྟ་འདྲེན་པའི་རྐང་པའི་གླང་ངུ་དོར་གཅིག་པོ།
ཅི་འདྲའི་ངལ་ཞིང་དུབ།་་་ ཅི་འདྲའི་འགོར་ཞིང་དལ།

  
བསམ་ཚུལ། 0 བཀླཌ་ཐེངས།: 2976  

31.01.2011 02:06:32

དེང་སང་བོད་པ་ཚོས་༸གོང་ལ་མཆོག་ལ་ཞི་བའི་ངོ་རྒོལ་ཞུ་བཞིན་པ་ཨེ་རེད།   ངས་འདི་བཤད་ན་ཀློག་པ་པོ་ཧང་སང་སྲིད་ཀྱང་ངས་གསལ་བཤད་བྱ་དང་དྲག་རྒྱུ་རེད།   དེང་སང་གོ་ཐོས་ལྟར་ན་རྒྱ་གར་ནས་བཀའ་སྤྱི་གཉིས་དང་སུད་སུ་སོགས་ནས་བོད་པ་མང་དག་ཞིག་གིས་༸གོང་ས་མཆོག་ལ་ལས་གནས་ནས་རྒས་ཡོལ་དུ་ཕེབས་མི་འོས་པའི་ཐ་ཚིག་ཉག་གཅིག་སྟེ།


  
བསམ་ཚུལ། 6 བཀླཌ་ཐེངས།: 3198  

01.01.2011 13:18:50

འདོད་འབྱུང་ནོར་བུའི་ལྷ་སྒྲུང་ཞིག་བཙལ་བས།།
རྒྱ་མཚོའི་དེད་དཔོན་ཆུ་སྲིན་གྱིས་མིད་སོང་།།
ཤ་བའི་གླིད་བུ་གསེར་ཕྱེ་ཡིས་བཀང་དུས།།
པཎ་གྲུབ་ཕེབས་ལམ་བོད་ཡུལ་དུ་ཟུག་འདུག།

  
བསམ་ཚུལ། 5 བཀླཌ་ཐེངས།: 2760  

23.10.2010 23:59:43

ཕྲག་སྟེང་ཕབ་པའི་ལྕང་ལོ་རླུང་དང་རྩེ།།
མཉེན་ལྕུག་ལུས་ཀྱི་གོམ་སྟབས་སྒེག་ཅིང་ལྡེམ།།
ཁྱེད་ཀྱི་རྒྱབ་གཟུགས་རྒྱང་ནས་བལྟས་བའི་ཚེ།།
དར་གྱི་ཆུན་འཕྱང་སེར་བུས་སྐྱོད་པ་བཞིན།།
ནན་གྱིས་བལྟས་ན་གཞན་གྱིས་མཐོང་དོགས་ཏེ།།
བསམ་ཚུལ། 7 བཀླཌ་ཐེངས།: 3104  

21.10.2010 04:52:15

བྱང་ཤམྦྷ་ལའི་དྲྭ་བདག་དང་དྲྭ་གྲོགས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། མ་གཞི་དེང་སང་ཤམ་བྷ་ལར་གསར་འབྱོར་བའི་འཚང་ཀ་ཆེ་སྒང་འདིར་ངས་ཀྱང་འཚང་ཀ་ཞིག་རྒྱབ་སོང་ན་ལད་ཟློས་བྱས་པ་ལྟ་བུར་སྣང་ཡང་། རང་ཉིད་ཀྱི་འཆི་ལ་ཁད་པའི་བོད་ཡིག་འདི་ཅུང་ཟད་དྲག་སྐྱེད་ཡོང་ཆེད་འདིར་ཡོང་དགོས་ཁེལ་སོང་བས་དགོངས་འགལ་མེད་པ་ཞིག་གནང་རོགས།  དེས་ན་ང་ལ་བཀྲ་ཤིས་བདེ་ལེགས་དང་ཁ་དྲོ་ཞེས་པའི་བསུ་མ་མ་བྱུང་ཡང་ཆོག་མོད།  ཡོ་བསྲང་གི་སློབ་སྟོན་ཅིས་ཀྱང་གནང་བར་ཞུ།


  
བསམ་ཚུལ། 7 བཀླཌ་ཐེངས།: 3053  

ཤོག་ངོས། 2 ནས། 2
| -