ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

བསྟན་འཛིན་འཕགས་པ།



03.01.2013 09:50:07

དེ་རིང་ཐེངས་དང་པོའི་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་༢༠༡༣་་༡་་༣་་་ཉིན་ངྷ་ཤོད་བོད་ཁྱིམ་དུ་ཚོགས་སོང་ལ། ཉིན་གསུམ་རིང་ཚོགས་འདུའི་ཐོག་ཕྱོགས་ཡོངས་དགེ་རྒན་རྣམས་ཀྱིས། ཤེས་ཡོན་དང་སློབ་མའི་ཀུན་སྤྱོད་སློབ་གསོ། སྒྲིག་ལམ་བཅ་ཡར་རྒྱས་གཏོང་ཐབས་ལ་བསམ་ཚུལ་བརྗེ་ལེན་གནང་རྒྱུ་རེད།


  
བསམ་ཚུལ། 2 བཀླཌ་ཐེངས།: 989  

29.12.2012 08:14:32

སྙིང་ནས་བརྩེ་བའི་ཤམ་བྷ་ལའི་དག་ཞིང་ན་བཞུགས་ཡོད་པའི་དྲ་གྲོགས་ཡོངས་དེ་རིང་སླར་ཡང་མཇལ་རྒྱུ་བྱུང་བ་དགའ་བསུ་ཞུ། གུས་པ་ལས་དོན་གྱིས་རྐྱེན་པས་རེ་ཞིག་མཉམ་བཞུགས་གནང་ཐུབ་ཀྱི་མི་འདུག་རྗེས་སུ་ཡང་ཡང་མཇལ་ཡོང་བཀྲ་ཤིས་བདེ་ལེགས།
  
བསམ་ཚུལ། 3 བཀླཌ་ཐེངས།: 1016  

06.04.2012 06:39:34

ས་ཆེན་པོ་འཛམ་གླིང་མཐོ་སྒང་སྟེངས།།
ལས་རྒྱུ་འབྲས་མི་བསམ་སྤྲུལ་སྐུ་འགས།།
མི་ཤི་གསོན་གཉིས་ཀའི་འབུལ་བ་བཞེས།།
འདི་ཕྱི་མ་མི་བསམ་འཁོར་བ་ཁྱམ།།

  
བསམ་ཚུལ། 1 བཀླཌ་ཐེངས།: 1142  

23.02.2012 04:08:55

བློན་ཆེན་ཐོན་མི་སམྦྷོ་ཊ་མཆོག་གི་འཁྲུངས་ཡུལ་དང་མཚན་སོགས་ལ་བཞེད་ཚུལ་མི་མཐུན་པ་མང་དུ་ཡོད་པས་དྲ་གྲོགས་ཚོའི་དཔྱད་གླེང་གནང་རོགས།་་་རྣམ་དཔྱོད་ཅན་གྱི་སྤུན་ཟླ་སུ་འདྲ་ཞིག་ཕེབས་པ་འཚམས་འདྲི་ཞུ།

  
བསམ་ཚུལ། 10 བཀླཌ་ཐེངས།: 1948  

19.02.2012 09:55:17

བཙལ་བྱོལ་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་ཤེས་ཡོན་མི་སྣ་བཅས་ཀྱི་ཛ་དྲག་གི་གཉན་འཕྲང་འདི་ལ་གཞིས་བཞུགས་སྤུན་ཟླ་ཚོ་རྒྱབ་སྐྱོར་མཚོན་ཆེད་དུ་ད་ལོའི་ལོ་སར་མ་བཏང་རོགས་ཟེར་བའི་སྐད་ངན་འདི་ས་གྲགས་གནམ་གྲགས་རྒྱབ་སོང་བ་ནི་གུས་པས་དེ་ཙམ་གྱི་དགོས་པ་མ་མཐོང་།

  
བསམ་ཚུལ། 6 བཀླཌ་ཐེངས།: 1332  

08.02.2012 00:31:00

འདི་ ཕྱི་གཉིས་ཀྱི་སྐྱབས་གནས་འཛམ་གླིང་ཞི་བདེ་ཆེན་པོ་༸གོང་ས་སྐྱབས་མགོན་མཆོག་གི་ ཡང་སྲིང་སྐོར་སེམས་འཁུར་བ་ཚོ་ཐུགས་ཁྲེལ་གནང་མི་དགོས།སྔོན་གྱི་ཚོགས་ཆེན་ སྐབས་༸གོང་ས་མཆོག་གི་འདི་ལྟར་གསུངས་ཡོད་རང་ཉིད་ལས་སྨོན་གྱི་དབང་གིས་སྐྱེ་བ་ལན་དགོས་ཚེ་གནས་གང་དུ་སྐྱེ་མིན་དང་ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་དགོས་པ་བཅས་ནི་གང་ཟག་རང་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས་གཞན་སུས་ཀྱང་དབང་དང་གནོན་ཤུགས་སོགས་རང་སྣང་གང་བྱུང་བྱེད་ཆོག་པའི་ཐོབ་ཐང་སུ་ལ་ཡང་མེད་གསུངས།


  
བསམ་ཚུལ། 4 བཀླཌ་ཐེངས།: 1343  

06.02.2012 09:01:49

ཡོན་ཏན་མེད་ན་སྐྱེ་བོ་ཀུན།།
དབང་དང་སྟོབས་ཀྱིས་ག་ལ་འདུ།།
བླུན་པོའི་ཚོགས་ནི་འཁོར་ན་ཡང་།།
གདུལ་བྱ་བློ་ལྡན་ཡོང་མི་སྲིད།།

  
བསམ་ཚུལ། 2 བཀླཌ་ཐེངས།: 1191  

29.01.2012 10:23:53

སྙིང་ནས་བརྩེ་བའི་གུས་པས་དྲ་གྲོགས་སྤུན་ཟླ་ཡོངས་ལ་གནས་སྐབས་མ་མཇལ་ཡོན་ཙམ་སོང་བའི་རིང་ལ་ཁྱེད་རྣམས་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་སོགས་སྔར་བཞིན་ཡོད་པའི་སྨོན་འདུན་ཞུ།
  
བསམ་ཚུལ། 2 བཀླཌ་ཐེངས།: 1162  

01.11.2011 05:49:16

ཨ་རོགས་སྤུན་གྲོགས་ཚོ་ང་ཚོའི་བཙལ་བྱོལ་བོད་གཞུང་སྒྲིགས་འཛུགས་འདི་ནི་དྲང་བདེན་དང་འཚེ་མེད་ཡང་དག་གི་དམངས་གཙོ་བཅས་ལ་གཞི་བཅོལ་བའི་སྒྲིགས་འཛུགས་ཚད་བདེན་ཞིག་ཡིན་པས་སེར་སྐྱ་རྒན་གཞོན་ཚང་མས་ཤེས་གལ་ཆེ་བ་མཐོང་།གུས་པས་འདི་བཀོད་དོན་ནི་ང་དང་ང་འདྲའི་གང་ཟ་ཚོ་ཕན་ཐོག་ཅུང་ཙམ་ཡོངས་བའི་ཆེད་དུ་ཡིན།


  
བསམ་ཚུལ། 8 བཀླཌ་ཐེངས།: 3197  

23.10.2011 00:46:27

རང་ཅག་བོད་གངས་ཅན་ལ་ཤིན་དུ་བཀའ་དྲིན་ཆེ་བའི་མཛམས་མི་བདུན་གྱི་བཞི་པ་མཁས་དབང་སློབ་དཔོན་ཆེན་པོ་ཐོན་མི་སམ་བྷོ་ཏྲ་མཆོག་གིས་སྤྱི་ལོ་༦༥༣་ལོར་བརྩམས་པའི་བསྟན་བཅོས་བརྡ་སྤྲོད་སུམ་བཅུ་པའི་ཕྲད་རྣམ་དབྱེ་སྐོར་མཁས་པ་སོ་སོའི་བཞད་ཚུལ་མི་མཐུན་པ་གང་ཡོད་བགྲོ་གླེང་གནང་ས་ཕེབས་དང་། དཔེར་ན་མཁས་དབང་སི་ཏུ་པན་ཆེན་དང་། པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་གཉིས་ཀྱིས་དཀུན་མཆོག་ལ་ཕྱག་འཚལ་ལྟར་བུ་རྣམ་དབྱེ་གཉིས་བཞིའི་རྩོད་པ་དང་།

  
བསམ་ཚུལ། 7 བཀླཌ་ཐེངས།: 2229  

18.10.2011 05:56:47

བསྟན་དགྲ་རྒྱག་དམག་ཀླ་ཀློའི་བོད་ས་དབང་བསྒྱུར་བྱས་པ་ནས་བོད་འདི་ས་ཁུལ་དང་རང་སྐྱོང་ས་ཁུལ་ཟེར་ནས་ཁྱད་པ་མང་དག་ཕྱེ།བོད་ཀྱི་ས་ཁུལ་འདི་ཉིད་ག་དུས་ས་ཁུལ་དང་རང་སྐྱོང་སོགས་སོ་སོར་ཕྱེ་བ་རེད་བཅས་ཀྱི་རྩོམ་ཡིག་འདི་སྤུན་གྲོགས་ཚོའི་བཀླགས་རྗེས་འགྲིག་མིན་གྱི་བསམ་ཚུལ་དང་དངོས་བདེན་གྱི་བཀའ་སློབ་རེ་ཡོད་ཚེ་དགའ་བསུ་ཞུ།

  
བསམ་ཚུལ། 0 བཀླཌ་ཐེངས།: 2563  

10.10.2011 04:03:27

ཁ་སང་སྤྱི་ལོ་༢༠༡༡་ཟླ ༡༠ ཚེས་ ༨ ཉིན་དགོང་དྲོ་སྡ་རམ་ས་ལ་དགེ་འདུན་པ་ཁག་གཅིག་གི་གོ་བསྒྲིག་འོག་རང་སྲོག་བློས་བཏང་བའི་སྤུན་ཟླ་ཚོའི་ཆེད་དུ་མ་མེའི་ཁྲམ་བསྐོར་ཞིག་བསྐོང་ཚོགས་གནང་སོང་ན་ ཡང་ཉིན་དེ་སོགས་སྒར་སློབ་གྲཱ་གླུ་གཞས་མཚན་ཚོགས་ཤིག་ཚོགས་ནས་དགེ་འདུན་པ་ཉི་ཤུ་ལྷག་དང་མི་སྐྱ་ལྔ་དྲུག་ཙམ་ལས་མཐོང་རྒྱུ་མི་འདུག་གཞིས་བཞུགས་སྤུན་ཟླ་ཚོ་བཙལ་བྱོལ་བས་ཁྱེད་ཚོ་ལ་རྒྱབ་སྐྱོར་བྱེད་སྟངས་འདི་འདྲ་ཞིག་རེད།


  
བསམ་ཚུལ། 0 བཀླཌ་ཐེངས།: 2192  

30.09.2011 02:44:51

བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས་གཉིས་པའི་གྲོས་ཚོགས་ནང་བཅའ་ཁྲིམས་བཅའ་བཅོས་དང་བགྲོ་གླེང་སོགས་སྤྱིའི་ཆ་ནས་ཧ་ཅང་ལེགས་པོ་བྱུང་སོང་བསམ་པའི་འཚོ་སྣང་ཞིག་བྱུང།ཡིན་ན་བློ་ཕམ་གྱི་གནས་ཚུལ་ཅུང་ཙམ་བྱུང་བ་འདི་གླེང་འདོད་པ་ནི། གྲོས་ཚོགས་ནང་བོད་བསྟན་སྲིད་ཀྱི་རྩ་དོན་དང་གཞིས་བཞུགས་སྤུན་ཟླ་ཚོའི་གནས་སྟངས་སྐོར་གྲོས་ཆོད་གྲོས་ཆ་སོགས་གང་འདྲ་ཞིག་འཁྱེར་ཡོང་ན་བུ་མེད་སྤྱི་འཐུས་ཚོས་གཞན་གྱི་བགྲོ་གླེང་དང་དོག་དྲི་ལ་མགོ་བོར་གཡུག་གཡུག་གནང་ནས་སྡོད་པ་ལས་བསམ་ཚུལ་གྱི་བགྲོ་གླེང་ཡང་དག་ཞིག་གནང་བ་རེ་བཟུང་ཙམ་ལས་མ་མཐོང་།


  
བསམ་ཚུལ། 10 བཀླཌ་ཐེངས།: 2242  

21.09.2011 10:28:03

གཞན་ཕན་ལྷག་བསམ་མི་དགའ་ཞིང་།།
ནོར་དང་དངོས་རིགས་མི་བསྒྲུབ་པར།།
ལྟོ་བ་ཙམ་གྱི་མགོ་འཁོར་བ།།
ཁང་ཆུང་འོག་གི་སྤྲང་པོ་ཡིན།།

  
བསམ་ཚུལ། 3 བཀླཌ་ཐེངས།: 1932  

15.09.2011 07:47:48

སྐྱིད་པའི་ཕ་ཡུལ་གངས་ལྗོངས་སུ།།
ཆོལ་གསུམ་རྡོག་རྩ་གཅིག་དུ་སྒྲིལ།།
ཀླ་ཀློའི་མ་རབས་སྤྱོད་ངན་གྱིས།།
ཆིལ་སྒྲིལ་ནུས་པ་ཡོངས་སུ་གཏོར།།

  
བསམ་ཚུལ། 0 བཀླཌ་ཐེངས།: 2281  

08.09.2011 11:31:48

བཀའ་ཁྲི་མཆོག་གིས་གཞུག་ཞབས་ལས་བྱེད་རྣམས་ལ་གསུང་བཤད་ཐོག་མ་གནང་བ་ཕྱི་ལོ་༢༠༡༡་སྤྱི་ཟླ་༨་ཚེས་༢༩་ཉིན་དགོང་གྲོའི་ཆུ་ཚོད་༤་པའི་ཐོག་གངས་ཅན་སྐྱིད་གཤོང་ཀྱི་ལས་བྱེད་གསོལ་ཐབ་ཁང་ཡང་སྟེང་ཚོགས་ཁང་དུ་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་སྲིད་ཞུ་བའི་ལས་བྱེད་ཡོངས་ལ་གསུང་བཤད་འདི་འདྲ་ཞིག་གནང་ཡོད།


  
བསམ་ཚུལ། 2 བཀླཌ་ཐེངས།: 2572  

23.08.2011 06:34:32

སྡ་སའི་གཞུང་ཞབས་ལས་བྱེད་ཚོའི།།
བཀའ་ཁྲི་གསར་པའི་ལམ་སྟོན་འོག།།
ཕྱོགས་རེས་འཐེན་འཁྱེར་ཡོངས་དོར་ནས་།།
མཐུན་ལམ་རྡོག་རྩ་གཅིག་ཏུ་སྒྲིལ།།

  
བསམ་ཚུལ། 5 བཀླཌ་ཐེངས།: 2342  

06.08.2011 06:37:59

གྲུབ་མཐའི་ཕྱོགས་ཞེན་ཆེ་བའི་གྲྭ་བཙུན་ཚོའི།།
རང་སེམས་གྱོང་པོ་འདུལ་ན་མི་དགའ་འམ།།
དོན་མེད་རྙོག་གླེང་དོར་ནས་ལེགས་པར་བཞུགས།།
ཐམས་ཅད་སྟོན་པ་གཅིག་གི་སློབ་མ་ཡིན།།

  
བསམ་ཚུལ། 6 བཀླཌ་ཐེངས།: 2251  

20.07.2011 01:30:11

ང་འབྲས་དཀར་བསམ་པའི་དོན་གྲུབ་ཡིན།།
ང་འབྲས་ཕྲུག་ཡིད་བཞིན་ནོར་བུ་ཡིན།།
ང་གངས་ཅན་ཕ་ཡུལ་ལི་ཐང་ཡིན།།
ཕོ་རྒོད་པོ་དུ་མས་འཛམས་ས་ཡིན།

  
བསམ་ཚུལ། 4 བཀླཌ་ཐེངས།: 2782  

02.07.2011 07:09:55

གུས་ཤམ་བྷ་ལའི་དག་ཞིང་འདི་མ་མཇལ་ཡོན་རིང་ཙམ་སོང་ན་ཡང་དེ་རིང་ཐེན་གཅིག་མཇལ་དུས་དྲ་གྲོགས་ཚོའི་བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་སོགས་འགན་འཁུར་དོར་ནས་ཆུང་ས་ཁྱེད་ཁ་དང་ངའི་སྣ་ཟེར་ནས་ཕྱོགས་རེས་ཀྱི་རྩོད་པ་མང་དག་བགྲོ་གླེང་གནང་ནས་སྡོད་ཡོད་པའི་རྣམ་པ་ཅུང་ཙམ་མཐོང་སོང་བས་ཧ་ཅང་བློ་ཕམ་ཆེན་པོ་བྱུང་།

  
བསམ་ཚུལ། 1 བཀླཌ་ཐེངས།: 2275  

ཤོག་ངོས། 1 ནས། 3
| -