ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ལོག་སྨྲ་ཚར་གཅོད།



02.12.2013 04:09:09

བསྡུས་གྲ་བལྟས་ཏེ་ཕན་མེད་རིགས་སྐམ་རྩ་བ་བཙུགས། །
རིགས་ལམ་སྦྱངས་ནས་བན་ཆུང་སེམས་པ་རྡོ་ལ་སྦྱར། །
བློ་རིགས་བལྟས་ཏེ་ཀླད་པའི་དབང་རྩ་ཤེས་པར་འཛིན། །
རྟགས་རིཌ་སྦྱངས་ཏེ་ཚུལ་གསུམ་དོན་དངོས་དཔོག་བྱེད་འཁྲུལ།

  ལྡོག་འབྲས།
བསམ་ཚུལ། 2 བཀླཌ་ཐེངས།: 1415  

16.10.2013 03:34:26

ནག་པོ་རྒྱ་ཡིས་དྲག་ཤུགས་བཙན་པོས་གཡུལ་གཤོམ་དམག་དཔུང་ཕྱོགས་བཞིར་བཀོད། །
ཁེངས་དྲེགས་ང་རྒྱལ་འཁོར་སྒྱུར་འགྲན་ཞིང་གཡོ་སྒྱུའི་འུར་སྒྲོག་གླིང་བཞིར་ཁྱབ། །
ཉམ་ཆུང་གྲངས་ཉུང་མི་རིགས་ཁག་ལ་བཙན་གནོན་ཉིན་མཚན་དུས་བཞིར་བྱེད། །
སྟོབས་ཤུགས་ཆེ་ཆུང་བཙན་གནོན་འདི་ལ་རྒྱལ་ཚོགས་ད་དུང་གཉིད་ལོག་གམ། །

  ཡིད་ཆད་ཀྱི་འབོད་གཏམ།
བསམ་ཚུལ། 1 བཀླཌ་ཐེངས།: 1248  

10.10.2013 07:01:31

བྱེས་འབྱོར་ནང་དར་དམར་ཡར་བསྒྲེང་རེད། ། གཞིས་བཞུགས་ནང་དར་དམར་མར་གཡུག་རེད། །
ཡར་བསྒྲེང་དང་མར་གཡུག་བར་མཚམས་དེར། ། བན་ཆུང་ངའི་མགོ་བོ་འཁྲུགས་སོང་ཐལ། །
  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 4 བཀླཌ་ཐེངས།: 1403  

20.09.2013 04:44:52

༄། བོད་མི་ཚོ། ངས་ཉིན་ལྟར་གང་ཐུབ་ཐུབ་ཀྱིས་སྡིག་པ་གསོག་བཞིན་ཡོད། ང་ལ་ཆ་མཚོན་ན་ངའི་མི་ཚེ་ནང་བྱ་བཞག་གཙོ་བོ་ནི་སྡིག་པ་གསོག་གང་ཐུབ་བྱེད་རྒྱུ་དེ་རང་ཡིན། གཞིས་སུ་གནས་པའི་བོད་པ་རྣམས་དང་རྒྱ་བལ་འབྲུག་གསུམ་དུ་གནས་པའི་བོད་མི་ཚོ། འབོད་བརྩོན་ཆེན་པོས་སྡིག་པ་ཆེན་པོ་གསོགས་ཤིག

  
བསམ་ཚུལ། 1 བཀླཌ་ཐེངས།: 1376  

21.08.2013 21:54:45

༄། སྐུ་ངོ་བློ་སེང་མཆོག་གིས་སྲིད་སྐྱོང་གི་མཛད་འགན་བཞེས་ནས་ལོ་ངོ་གཉིས་ཙམ་འགྲོ་བཞིན་ཡོད་ཀྱང་བོད་དོན་ཐོག་ཆེ་མཐོང་ལྡན་པ་དང་དོན་ཕན་ལྡན་པའི་ལས་དོན་ཆེ་བ་སྣེ་གཅིག་སྤེལ་ཐུབ་མེད་པ་ཚང་མས་མཐོང་ཆོས་སུ་གྱུར་ཡོད། ཁོང་གིས་ལོ་གཉིས་ནང་གནང་བའི་ལས་དོན་གཙོ་བོ་ནི་གཞུང་ཞབས་ཚོ་དང་མཉམ་དུ་ཚོགས་འཚོགས་ཡ་དང་སྨོན་ལམ་རྒྱག་རྒྱུ་དེ་རེད།
  སྲིད་སྐྱོང་དང་ལྷིང་འཇགས་ཀྱི་གྲུབ་འབ
བསམ་ཚུལ། 2 བཀླཌ་ཐེངས།: 1337  

20.07.2013 02:27:45

༄། དེ་རིང་ནི་མི་ཚོགས་དང་འཕྲུལ་འཁོར་གྱིས་ཡོངས་སུ་ཁེངས་ཤིང་ཐལ་རྡུལ་དང་འབག་བཙོག་གིས་གཡོག་པའི་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་ནས་འཕྲུལ་བྱ་དཀར་པོ་ཆུང་ཆུང་ཞིག་ལ་བཞོན་ཏེ་བྱང་ཕྱོགས་བྷོ་ཊའི་ཡུལ་གྱི་ཉེ་སའི་ཉེ་ས་ཞིག་ཏུ་སོང་བ་ན།

  འཇིག་རྟེན་སྣང་བའི་འདྲེན་ཤུགས།
བསམ་ཚུལ། 1 བཀླཌ་ཐེངས།: 1200  

14.07.2013 06:30:22

༄། བདུན་ཕྲག་འདིའི་གཟའ་པ་སངས་ཉིན་ཝོ་སི་ཨ་མི་རི་ཀའི་ཀུན་གླེང་གི་ལས་རིམ་གཙོ་སྐྱོང་བ་པདྨ་རྡོ་རྗེས་བཤད་དོན། བོད་ནང་ཁམས་རྟའུ་ལ་རྒྱ་དམག་གིས་མེ་མདའ་རྒྱབ་སྐབས་མེ་མདའི་མདེའུ་རྣམས་འགྱིག་རེད་ཟེར་བ་དང་གཅིག

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1258  

13.07.2013 07:53:33

༄། རི་བོ་ཇོ་མོ་གླང་མའི་ཉེ་འདབས་སུ།།
འདུ་འཛི་ཅ་ཅོ་དབེན་པའི་ནགས་ཀླུང་ན།།
བདག་མེད་ཁྱི་ལྟར་ཉུལ་བའི་སྤྲང་འཁྱམ་ང༌།།
གནས་མལ་བསོད་སྙོམས་ཆོག་ཤེས་བསྟེན་པར་ཤོག


  སྨོན་ཚིག།
བསམ་ཚུལ། 0 བཀླཌ་ཐེངས།: 1216  

09.07.2013 03:25:11

༄། ལྷ་མོ་དོན་འགྲུབ།

ལྷ་མོ་དོན་འགྲུབ། ཁྱེད་ནི་ལྷ་མོའི་བླ་མཚོ་ནང་འཆར་བའི་ཨ་ཀ་མ་ཡིན་ལ། ལྷ་མོས་བསྐོས་པའི་གངས་ཅན་པའི་རྒྱལ་པོ་མཐའ་མ་དེའང་ཡིན། ཁྱེད་ནི་བཙན་པོའི་གདུང་རྒྱུད་ཀྱི་ཤུལ་འཛིན་པ་ངོ་མ་དེ་ཡིན་ལ་གདོང་དམར་བའི་ལོ་རྒྱུས་ཀྱི་དཔང་པོ་ཡང་ཡིན། 

  འཇིག་རྟེན་གྱི་སྒྲོན་མེ།
བསམ་ཚུལ། 2 བཀླཌ་ཐེངས།: 1141  

29.06.2013 03:04:56

ཚན་རྩལ་ལས་བྱུང་ཀུ་ཤུ་རྟགས་ཅན་དྲན་གདུང་འཕྲིན་གྱི་ཕོ་ཉར་བསྐོས།།
དེ་ཡི་ངོས་ཀྱི་མེ་ལོང་རེ་ལ་གཉེན་ཉེ་ཀུན་གྱི་གཟུགས་རིས་ཕབ།།
དྲ་བའི་རླབས་ཕྲེང་གཡོ་ཐེངས་རེ་ལ་སྐྱོ་བ་སངས་པའི་གདོང་གྲོགས་གྱུར།།
གཉེན་ཉེ་དྲན་པའི་སྐྱོ་གདུང་རིང་མོ་དེ་རིང་འདི་ནས་མཇུག་བསྡུས་སམ།།

  རྫུ་ཕྲུལ་གྱི་རྐང་པ།
བསམ་ཚུལ། 0 བཀླཌ་ཐེངས།: 1617  

28.06.2013 07:05:13

༄། བོད་ནང་རྒྱལ་བའི་སྐུ་པར་བཤམས་ཆོག་པའི་རང་དབང་ནི་གནས་སྐབས་སུ་གཡོ་སྒྱུའི་སྲིད་བྱུས་ཤིག་རེད་འདུག དེ་ཡང་རྒྱ་ནག་དབུས་གཞུང་གི་བོད་ལ་འཛིན་པའི་མཁྲེག་འཛིན་གྱི་སྲིད་བྱུས་དེ་ད་རེས་གུ་ཡངས་སམ་ལྷུག་ཏུ་སོང་བ་ཞིག་མིན་པ་དེ་སྔོན་རྒྱ་གཞུང་གིས་ཁ་བྲལ་བ་སིམ་འཛུལ་ངན་སྐུལ་གྱིས་བོད་ནང་གློ་བུར་གློ་བུར་དུ་དོན་རྐྱེན་འདྲ་ལྷག་པ་ཙམ་ལས་ནམ་རྒྱུན་དུ་བོད་ནང་ཞི་བདེ་ལྷིང་འཇག་ཡིན་པའི་ཁྱབ་བསྒྲགས་མང་དག་ཅིག་བྱས་པ་རེད།

  གསང་གཏམ།
བསམ་ཚུལ། 4 བཀླཌ་ཐེངས།: 1384  

29.12.2012 23:20:22

ལོ་ངོ་སྟོང་གི་ཡར་སྔོན་དེ་ན་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས་སུ།།
རྣམ་དཔྱོད་མཁའ་ལ་གློག་ལྟར་འཁྱུག་པའི་ཕྱོགས་གླང་ཆོས་ཀྱི་གྲགས་པ་ཡིས།།
ཚད་མའི་གནད་ལ་རྟོག་གེ་བ་ཡི་མ་རྟོགས་ལོག་རྟོག་ཐེ་ཚོམས་སོགས།།
རིགས་ལམ་སྟོང་གིས་ཚིག་དོན་བརྒྱད་ཀྱིས་ཚར་བཅད་ནང་བསྟན་སྤེལ་ཡོད་ཟེར།།

  རྟོག་སད་ཀྱི་གཏམ།
བསམ་ཚུལ། 0 བཀླཌ་ཐེངས།: 1245  

13.12.2012 04:00:30

བོད་ཀྱི་དཔའ་བོ་དཔའ་མོ་ བརྒྱ་ཕྲག་ལ་ཉེ་བ་ཞིག་གིས་ཆེས་རླབས་ཆེན་གྱི་ལས་འགུལ་ཚད་མཐོ་ཤོས་རང་སྲེག་གིས་ རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་ཀྱང་དེ་ལ་རྒྱལ་སྤྱིའི་སྟེང་ནས་དེ་ལ་དཔག་ པའི་དོ་སྣང་ཆུང་སྐྱོན་གང་ལ་ཐུག་ཡོད་པའི་སྐོར་གུས་པས་གནད་བསྡུས་འགའ་བཤད་ཁུལ་ བྱས་ན་འདི་ལ་དོན་ཚན་ལྔ་སྟེ།
  བོད་ཀྱི་གནད་དོན་སྐོར་གླེང་བ།
བསམ་ཚུལ། 0 བཀླཌ་ཐེངས།: 1478  

11.12.2012 04:53:30

མེར་སྲེག་གི་དོན་རྐྱེན་ གྱི་འབྱུང་རྩ་ནི་བོད་མི་རིགས་རིག་གནས་དང་བཅས་པ་རྩ་མེད་དུ་གཏོང་བའི་རྒྱ་དམར་ གུང་ཁྲན་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ངན་པ་དེ་དང་དེས་ཀུན་ནས་བསླངས་ཏེ་མི་རིགས་དབྱེ་འབྱེད་དང་བོད་པས་ཐོབ་ཐང་རྩོད་ལེན་བྱས་ན་དེ་མ་ཐག་འཇུ་གཟུང་དཀག་ཉར་གྱིས་ཡུན་རིང་མནར་གཅོད་འོག་མཐར་རང་སྲོག་འདོར་དགོས་པ་དང་དེའི་ཐད་མི་མང་གིས་རོགས་སྐྱོར་བྱེད་ན་དྲག་གནོན་ཚད་ལས་བརྒལ་བ་བྱས་པས་བོད་མི་རྣམས་ཀྱིས་འུར་ཐུག་གིས་བྱ་ཐབས་གཞན་མེད་པའི་ལམ་བུ་དེ་རང་བདམས་པའི་མཐའ་འབྲས་ཤིག་ལོས་ཡིན།

  གནད་དོན་ངོ་སྤྲོད།
བསམ་ཚུལ། 0 བཀླཌ་ཐེངས།: 1255  

09.12.2012 01:37:10

ཡ་གངས་ཅན་པ་ཚོ། ད་མེར་སྲེག་གི་གྲངས་ཀ་བགྲང་བཞིན་སྨོན་ལམ་འདྲ་དང་མར་མེ་ཁྲོམ་སྐོར་རེ་བྱས་ནས་ གྱི་ནར་འདུག་བཟོད་ཡོད་ཨེ་ཐལ། བདེན་པའི་མེ་ལྕེ་སྐོར་བསྐྱོད་དེས་ཀྱང་འཛམ་གླིང་གི་གཞུང་དང་མི་དམངས་ལ་ཚོར་བ་ དྲག་པོ་ཞིག་སྤྲོད་དེ་བོད་སྐྱོབ་ཀྱི་ལས་དོན་ལ་སྐུལ་མ་ལེགས་པོ་ཞིག་བྱེད་ཐུབ་ ཀྱི་མེད་པ་གསལ་པོར་ཆགས་ཟིན་པ་རེད།
  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 15 བཀླཌ་ཐེངས།: 1421  

25.11.2012 08:43:54

ཁྱེད་ཚོས་ཉོན་དང་གངས་ཅན་པ་ཡི་དགོས་འདུན་འབོད་སྒྲ་ཅི་ཞིག་རེད།།
ཁྱེད་ཚོས་ལྟོས་དང་གདོང་དམར་བ་ཡི་མེར་སྲེག་རྣམ་པ་ཅི་འདྲ་རེད།།
ཁྱེད་ཚོས་མྱོངས་དང་ཁ་བ་ཅན་པས་ལུས་སེམས་ན་ཟུག་ཇི་འདྲ་རེད།།
ཀྱེ་མ་གསུངས་དང་ངང་ཚུལ་འདི་ནི་སྐྱེ་བོ་སུ་ཡིས་བཟོད་ལགས་སམ།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 1287  

23.11.2012 09:24:22

ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༡༠།༠༠ ཡས་མས་སུ་བོད་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་ངེས་ཞང་གི་ཁོང་གཏོགས། ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་དཔལ་སྒུར་ནགས་རི་ཚོ་བའི་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་དཔའ་བོ་རྟ་མགྲིན་སྐྱབས་ལགས་ཀྱིས། ཀླུ་ཆུ་རྫོང་དང་ཐག་ཉེ་བའི་ཀླུ་ཆུའི་འགྲམ་ངོགས་སུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག
  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1303  

08.04.2012 03:23:36

རང་རེའི་བོད་ཀྱི་ཆོས་དང་སྐད་ཡིག་རིག་གནས་གོམ་སྲོལ་དང་བཅས་པ་ཧི་མ་ལ་ཡ་སྤྱིའི་རིག་གཞུང་ཡིན་གྱི་བོད་པའི་མ་རེད་ཅེས་བཤད་པ་འདི་ཆེས་གནད་དོན་ནང་ནས་གནད་དོན་ཞིག་ཏུ་བརྩི་ཆོག་སྟེ། མི་ལོ་ལྔ་བཅུ་ལྷག་གི་ཡར་སྔོན་ལ་བོད་ཀྱི་མངའ་རིས་བདག་དབང་གི་ཆ་ནས་བོད་ཀྱི་ས་ཆ་ལས་བརྒལ་མ་ཐུབ་ཀྱང་ནང་བསྟན་རིག་གནས་སྐད་ཡིག་གོམ་སྲོལ་སོགས་ནི་ཧི་མ་ལ་ཡའི་ཡུལ་ལུང་ཀུན་ལ་ཁྱབ་སོང་བ་ནི་མངོན་སུམ་ཚད་གྲུབ་ཡིན་པས་སུས་ཀྱང་མངོན་སུམ་ལ་སྨྱོན་དུ་མི་རུང་ཞིང་དེ་དག་གི་འབྱུང་ཁུངས་བོད་ཡིན་པ་ལའང་རྩོད་པ་མེད་པ་ཞིག་རེད།


  བོད་ཀྱི་གནད་དོན་སྐོར་གླེང་བ།
བསམ་ཚུལ། 6 བཀླཌ་ཐེངས།: 1418  

06.04.2012 23:18:18

དེ་རིང་འདིར་བཤད་འདོད་པ་ཞིག་ནི་ཟིན་བྲིས་པ་ཚང་མས་བོད་ཀྱི་སྐད་ཡིག་རིག་གནས་ལ་མཐོང་ཆེན་གནང་མཁན་ཤ་སྟག་ལ་སོང་ངས་དཔྱོད་གཞི་ཞིག་ཁྱེད་ཚོར་འབུལ་ན་འདོད།  དེ་ཡང་དེང་གི་ཆར་ཧི་མ་ལའི་རི་རྒྱུད་ཀྱི་མི་མང་པོས་ང་ཚོས་སྤྱོད་བཞིན་པའི་ཀ་མད་སུམ་བཅུ་དང་དབྱངས་བཞི་ལས་སྦྱོར་བའི་ཡི་གེ་འདི་དང་དེ་ལ་བརྟེན་པའི་སྐད་བརྡ།

  རིག་གནས་བདག་སྐྱོང་།
བསམ་ཚུལ། 9 བཀླཌ་ཐེངས།: 1643  

26.03.2012 04:32:40

ཀྲུང་གོའི་སློབ་གསོ།

དར་ཆ་གསལ་པོས་ཏཱ་ལའི་ཁ་བྲལ་ལ་ངོ་རྒོལ། བློ་བརྟན་འགྱུར་མེད་ཀྱིས་བཅར་རྡུང་དྲག་པོ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་དར་སྤེལ། བརྟན་བརླིང་སྲུང་སྐྱོབ་དང་། ཡུན་རིང་བདེ་འགོད་ཡོང་བར་བྱེད་དགོས་ཟེར།


  ཡེ་རྡོ་ལ་དགག་ཡིག
བསམ་ཚུལ། 4 བཀླཌ་ཐེངས།: 1722  

ཤོག་ངོས། 1 ནས། 5
| -