ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

སྲིན་བྲག་ཕོ་ཉ།



08.12.2012 10:02:56

གཅིག་སེམས་གཅིག་ལ་གཏད་ཡོད། །
གཉིས་སེམས་སྒོ་ལྕགས་བརྒྱགས་ཡོད། །
ལྡེ་མིག་མི་ལ་མ་སྟེར། །
སེམས་པ་ཁ་ཁ་ཆགས་འགྲོ །

  
བསམ་ཚུལ། 6 བཀླཌ་ཐེངས།: 1807  

30.11.2012 09:48:13

ཀ་དག་གནས་ལུགས་རྟོགས་པའི་དམ་ཆོས་ཤིག །
ཁ་ཙམ་མིན་པ་སྙིང་ནས་སྒྲུབ་འདོད་ཀྱང་། །
ག་ས་ག་ནས་བར་ཆད་མང་དྲགས་བས། །
ང་ལ་ལྷ་ཆོས་སྒྲུབ་པའི་གོ་སྐབས་ཕྲ། །

  
བསམ་ཚུལ། 8 བཀླཌ་ཐེངས།: 1094  

23.11.2012 09:56:36

ཤམ་བྷ་ལའི་དྲ་རྒྱ་སླར་ཡང་སྒོ་ཕྱེ་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུ། དེ་རིང་ལི་ཐང་བློ་བརྟན་གྱི་ངོ་དེབ་ནང་དུ་གསལ་བསྒྲགས་བྱེད་འདུག་པ་མ་གཏོགས་ཁྱོན་ནས་ཧ་གོ་མ་སོང་། ང་ལ་ཞུ་འདོད་པའི་ཚོར་སྣང་མང་པོ་ཞིག་ཡོད་མོད། དེའི་རིང་འདིར་འགོད་རྒྱུ་ནི་རང་ཉིད་ཀྱི་གནས་སྟངས་དེ་ཡིན།

  
བསམ་ཚུལ། 1 བཀླཌ་ཐེངས།: 1754  

10.05.2011 23:41:32

ཉེ་བའི་ཆ་ལ་སྤྱི་ཁྱབ་དབུ་འཛིན་ཞིག་དགོས་ལུགས་ཀྱིས་གྲོས་ཆོད་བཞག་པ།  ཚགས་པར་དང་ཟིན་བྲིས་སུ་བཀོད་པ་ཞིག་མཐོང་བྱུང་། དེ་ནི་བཀའ་བློན་ཁྲི་པའི་སྒང་དུ་སྤྱི་ཁྱབ་དབུ་འཛིན་ཟེར་བའི་སྟངས་འཛིན་བྱེད་མཁན་ཞིག་དགོས་ཚུལ་ཡིན་པ་འདྲ། དགོངས་ཚུལ་དེ་བོད་སྤྱི་པ་ལ་བསམ་བློ་བཏང་ནས་བཏོན་པ་ཞིག་རེད་དམ་སྐབས་འཚོལ་རིགས་ལུགས་ཀྱི་སྲོལ་འཛིན་པ་ཞིག་རེད་འདུག་ང་ཚོས་ངེས་པར་དུ་བརྟག་པ་བྱ་བ་ཉིད་ཡིན།


  
བསམ་ཚུལ། 17 བཀླཌ་ཐེངས།: 3005  

09.05.2011 02:57:36

དེ་རིང་ནི་རྒྱལ་སྤྱི་ཨ་མའི་ཉིན་མོ་ཞིག་ཡིན། འོན་ཀྱང་ངའི་ཨ་མ་ད་ལྟ་ག་པར་བཞུགས་ཡོད་དམ། ངའི་ཨ་མ་ནི་རྒྱ་ནག་གི་དབང་སྒྱུར་དང་ལྟ་རྟོག་འོག་ཏུ་ཚུད་ཡོད་ལ། ང་དང་སྐད་ཆ་ཤོད་རྒྱུ་རང་དབང་ཡང་མེད། ཁོ་མོ་ནི་རྒྱ་ནག་གི་ཆོས་སྲིད་གཉིས་ཀྱི་གནོད་ཤུགས་འོག་གི་འཆི་གསོན་གྱི་མཚམས་སུ་གནས་ཡོད།

  
བསམ་ཚུལ། 2 བཀླཌ་ཐེངས།: 3114  

09.05.2011 01:45:26

༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོད་ཚད་མི་མང་གིས་འདེམས་བསྐོས་བྱས་པའི་བཀའ་བློན་ཁྲི་པ་ལ་གནང་རྒྱུ་ཐག་གཅོད་གནང་བ་ནས་བཟུང་། མི་མང་པོ་ཞིག་གིས་ད་ནས་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་བཅོས་སྒྱུར་བྱེད་དགོས་ལུགས་སོགས་དགོངས་ཚུལ་འདྲ་མིན་ཞིག་སླེབས་ཡོད་འདུག་ལ་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་དེ་ཡང་མཇུག་བསྒྲིལ་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག


  བསམ་ཚུལ།
བསམ་ཚུལ། 10 བཀླཌ་ཐེངས།: 3778  

24.04.2011 23:01:23

འདི་ཤམ་བྷ་ལའི་དྲ་རྒྱའི་ཐོག་ལྷ་མེད་སྨྲ་བའི་དྲ་གྲོགས་གྲྭ་པ་དང་གཞོན་སྐྱེས་འགའ་ཞིག་སླེབས་ཡོད་པ་དེ་དག་དགག་པ་རིགས་པའི་མདའ་མོ།
གནས་གཙང་གངས་ལྗོངས་ལྷ་ཡི་ཞིང་ཁམས་དེ། །
ཆོས་མེད་སྨྲ་བའི་ཀླ་ཀློའི་དཔུང་གིས་བཟུང་། །
སླར་ཡང་ཤམ་བྷ་ལ་ཡི་ཞིང་ཁམས་སུ། །
ལྷ་མེད་སྨྲ་བའི་ཀླ་ཀློ་འགའ་ཞིག་སླེབས། །
བསམ་ཚུལ། 20 བཀླཌ་ཐེངས།: 3488  

22.04.2011 04:27:28

རང་གི་རྩོམ་དེ་རང་ཉིད་གཅིག་པུས་ཀློག །
གཞན་གྱིས་ཟེར་ཚད་རྣ་རྒྱབ་ལྷགས་པ་བྱས། །
སུ་ཡང་གཉེན་དུ་མི་འཛིན་དགྲར་མི་འཛིན། །
སྤུན་གྲོགས་གངས་དགའ་བསེ་རུ་རྭ་གཅིག་འདྲ། །
བསམ་ཚུལ། 11 བཀླཌ་ཐེངས།: 3277  

22.04.2011 01:36:22

མཁན་པོ་འཆི་མེད་ཚེ་རིང་བློན་པོ་ཉིན་གསུམ་བྱས་ནས་དགོངས་པ་ཞུས་འདུག ངས་ཁ་སང་ནས་ཞུས་པ་བཞིན་ཡོལ་མོ་མཁན་པོ་འཆི་མེད་ཚེ་རིང་ལགས་ཚེས་༡༨ ཉིན་དཔལ་འབྱོར་བློན་པོར་བསྐོ་བཞག་བྱས་རྗེས་ཕྱོགས་གང་ས་ནས་གནོད་ཤུགས་སླེབས་སྟབས། ཚེས་༢༡་ཉིན་རང་འགུལ་གྱི་དགོངས་ཞུའི་སྙན་ཞུ་བཏང་དགོས་བྱུང་ཡོད་འདུག

  བལ་ཡུལ་གནས་ཚུལ།
བསམ་ཚུལ། 2 བཀླཌ་ཐེངས།: 2274  

21.04.2011 23:42:46

བལ་ཡུལ་དུ་བོད་ཡིག་སློབ་དེབ་གསར་བཟོ་ལ་བོད་པས་རྣམ་རྟོག་གཞན་ཞིག་འཁོར་འདུག བལ་ཡུལ་ནང་པའི་ཚོགས་ཆེན་ཞེས་པའི་ཚོགས་པ་ཞིག་ཡོད། དེ་དབུ་བརྙེས་ནས་ལོ་ཤས་ལས་སོང་མེད་ཀྱང་ཆོས་དང་རིག་གཞུང་ཐོག་བྱས་རྗེས་ཆེན་པོ་འཇོག་པའི་ཚོགས་པའི་ཞིག་རེད། ཚོགས་པའི་འདིའི་ཕྱག་ལས་གལ་ཆེན་པོ་ཞིག་ནི་བལ་ཡུལ་གྱི་ནང་པའི་དགོན་སྡེ་ཁག་གི་ནང་དུ་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱི་སློབ་དེབ་གསར་བཟོ་བྱེད་རྒྱུ་དེ་རེད།


  ཆོས་དང་རིག་གཞུང་དར་སྤེལ།
བསམ་ཚུལ། 1 བཀླཌ་ཐེངས།: 3109  

20.04.2011 04:47:31

ཉེ་ཆར་ཚེས་༡༨ཉིན་མཁན་པོ་འཆི་མེད་ཚེ་རིང་ལགས་བལ་གཞུང་གི་དཔལ་འབྱོར་བློན་ཆེན་གཞོན་པ་ཆགས་ནས་བཟུང་བལ་ཡུལ་གྱི་ཚགས་པར་ཁག་དང་གྲོས་ཚོགས་ནང་བཅས་ཕྱོགས་གང་སར་འུག་པ་ཉིན་མོར་ཐོན་པ་བཞིན་ཁ་བརྡུངས་དང་ཚིག་ངན། སྐྱོན་འཛུགས། དམའ་འབེབས་བྱེད་མཁན་བཅས་ནི་ཉུང་ཉུང་མ་རེད།


  
བསམ་ཚུལ། 6 བཀླཌ་ཐེངས།: 4239  

19.04.2011 02:42:10

བལ་ཡུལ་དུ་ས་གནས་གཞོན་ནུ་ཚོགས་པས་དབུ་ཁྲིད་ནས་ཁ་སང་ཞོགས་པ་ནས་དེ་རིང་ཞོགས་པ་བར་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་ཟས་གཅོད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་མོད། དེ་ལ་མཉམ་ཞུགས་བྱེད་མཁན་བོད་མི་༢༧ལས་བྱུང་མི་འདུག ཚང་མས་ཤེས་གསལ་ལྟར་དེང་བལ་ཡུལ་དུ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ན་ཕྱོགས་གང་ཅི་ནས་གནོད་ཤུགས་སྤྲོད་མཁན་མང་པོ་ཡོད་མོད།


  
བསམ་ཚུལ། 26 བཀླཌ་ཐེངས།: 8598  

22.01.2011 09:54:34

དེ་རིང་ཕྱི་དྲོ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་གྱི་ཇ་ཁང་ཞིག་གི་ནང་ཇ་མངར་མོ་བཏུང་ཞོར་རོགས་པ་འགའ་དང་ལྷན་དུ་ལོ་རྒྱུས་སོགས་སྐད་ཆ་འདྲ་མིན་ཤོད་བཞིན་པའི་སྐབས་དེར། ཕ་དྲུག་ཉི་མ་རྒྱལ་པོ་ལགས་དེར་ཕེབས་སོང་།

 


  
བསམ་ཚུལ། 24 བཀླཌ་ཐེངས།: 6257  

18.01.2011 11:29:48

ལྷ་བཤད་ལེའུ་དང་པོ།
ལྷ་ཞེས་པའི་ཚིག་དེ་དོན་ཆེན་ཡིན། །
ལྷ་དཀོན་མཆོག་ཡིད་ཆེས་ཡོད་ཙ་ན། །
ལྷ་ཆོས་སྐྱོང་སྲུང་མ་གྲོགས་ལ་འཁོར། །
ལྷ་བླ་མའི་བྱིན་རླབས་བདུད་རྩི་འབྱུང་། །

  ལོ་རྒྱུས་ཀྱི་བང་རིམ།
བསམ་ཚུལ། 0 བཀླཌ་ཐེངས།: 6063  

14.01.2011 12:11:34

འདི་ནི་ངས་བཟོས་པའི་ཁ་བྱང་ཞིག་མ་ཡིན་ལ། འདི་བལ་ཡུལ་གྱི་བརྙན་འཕྲིན་དང་ཚགས་པར་ཐོག་ཐོན་པའི་དྲི་བ་ཞིག་ཡིན། དེར་ལ་ལས་བལ་ཡུལ་གྱི་དགོན་པ་དག་ནི་ཚོང་ར་ཞིག་ལས་སློབ་གཉེར་གྱི་ར་བ་མིན་ཚུལ་དང་། ལ་ལས་དེ་སློབ་གཉེར་གྱི་ར་བ་ཞིག་ལ་ཁེ་ཡོད་ཀྱི་ཚོགས་པ་མིན་རབས་སོགས་འདོད་ཚུལ་ཅི་རིགས་ཡོད།
  དྲང་གཏམ་ཚངས་ཐིག
བསམ་ཚུལ། 4 བཀླཌ་ཐེངས།: 12763  

12.01.2011 10:19:15

ཕོ་རྒོད་པོ་ཅོ་རི་ཉི་མ་མཆོག །
སྐྱེས་སྟོབས་ཀྱི་རིག་པ་རྣོ་བའི་ཁར། །
རང་བཞིན་གྱི་གཤིས་རྒྱུད་དྲང་བ་དེ། །
ཕོ་རྒོད་པོའི་མཚན་ཉིད་ཡོངས་སུ་ཚང་། །

  
བསམ་ཚུལ། 21 བཀླཌ་ཐེངས།: 7798  

10.01.2011 03:02:20

བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་མདུན་དུ་ལྷ་མོ་བཀའ་གཉན་ཅན་ཞིག་གི་སྐུ་བརྙན་ཞིག་ཡོད་པ་དེ་ལ་བོད་མི་ཆེ་ཆུང་མེད་པས་མ་བྱ་རྫི་མའི་སྐུ་བརྙན་ཟེར་གྱི་ཡོད།


  
བསམ་ཚུལ། 6 བཀླཌ་ཐེངས།: 6115  

09.01.2011 03:01:10

ཉེ་ཆར་གྲོགས་པོ་ཞིག་དང་ལྷན་དུ་ཨཱ་ག་ར་ལ་ཏཱ་ཇེ་མ་ཧལ་བང་སོ་ལ་ལྟ་བར་ཕྱིན་པ་ཡིན། དེ་ནི་དེང་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ཡར་མཚན་གྱི་གནའ་ཤུལ་བདུན་བརྩིས་པའི་ནང་གི་གཅིག་ནི་བཙུན་མོ་མུམ་ཏཱ་ཛི་མ་ཧལ་གྱི་བང་སོ་ཁང་དེ་ཉིད་ཡིན།


  རང་གི་མཐོང་ཐོས།
བསམ་ཚུལ། 27 བཀླཌ་ཐེངས།: 10958  

21.10.2010 01:22:57

ཀ་ཐ་མན་གྲུ་ལྡི་ལི་རྡ་ས་དང་། །
ཁ་བའི་རི་པའི་ཡུལ་མི་གང་བཞུགས་སར། །
ག་ལེ་སོང་སྟེ་ང་ནི་ལྷ་རམས་ཞེས། །
ང་རྒྱལ་མ་ཆག་བར་དུ་ངལ་ངལ་སྒྲོགས། །


  
བསམ་ཚུལ། 6 བཀླཌ་ཐེངས།: 6859  

20.10.2010 05:43:00

དེ་རིང་ཞོགས་པར་མཚོ་སྔོན་རེབ་ཀོང་དུ་སློབ་མ་སྟོང་ཚོ་མང་པོས་ཡར་ལངས་སྐད་འབོད་བྱས་པ་དེ་ནི། བོད་མི་རིགས་རྩ་མེད་བྱེད་འདོད་པའི་རྒྱ་ནག་དམར་གཞུང་གི་སྲིད་ཇུས་གདུག་རྩུབ་ཅན་གྱི་གཉའ་ནོན་འོག་ཏུ་སྡོད་བཟོད་མེད་པའི་ཉམ་ཐག་སློབ་མའི་གདུང་འབོད་ཞིག་ཡིན།


  
བསམ་ཚུལ། 18 བཀླཌ་ཐེངས།: 7064  

ཤོག་ངོས། 1 ནས། 2
| -