ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཅོ་རི་ཉི་མ།



28.08.2015 04:22:41

ཤམ་བྷ་ལའི་དྲ་གྲོགས་རྣམས་པ་ལ་འཚམས་འདྲི་ཡོད། དུས་ཡུན་རིང་པོ་ཤམ་བྷ་ལའི་དྲ་ཐོག་ཏུ་ཟིན་བྲིས་སྤེལ་གྱི་མ་བྱུང་་། རྩོམ་ཡིག་ཡག་པོ་འདྲ་ཅང་བྲིས་ཐུབ་མ་སོང་། གཞན་དྲ་བ་འདིའི་ཐོག་ཏུ་དགག་ཚིག་འཕེན་དགོས་ས་ཅང་མེད་དུས་ཟིན་བྲིས་སྤེལ་མེད། ལོ་ལྔ་ཡི་གོང་དུ་མདོ་སྟོད་སྤྱི་འཐུས་ཀྱི་སྐོར་དུ་དྲ་གྲོགས་མང་པོས་ངའི་ཟིན་བྲིས་ནང་དུ་བགྲོ་གླེང་བྱས་པ་རེད། དྲ་གྲོགས་ཚང་མས་འདོད་བབ་ལྟར་འོས་མི་ཡག་ཉེས་གདམ་ཀ་བྱས་པ་རེད། གྲུབ་འབྲས་ཀྱང་ཡག་པོ་བྱུང་སོང་བསམས་པ་བྱུང་།

  
བསམ་ཚུལ། 1 བཀླཌ་ཐེངས།: 1689  

14.05.2013 07:05:14

རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲོས་མོལ་ཞིག་བྱས་ཏེ་ལོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་སྐབས་རེས་གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་སྲིད་འཛིན་མའ་དབྱིན་ཅུའུ་ཡིས་རྒྱ་ནག་གཅིག་ཟེར་བའི་སྲིད་ཇུས་ལ་བརྩི་སྲུང་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་ཐོན་འདུག


  
བསམ་ཚུལ། 0 བཀླཌ་ཐེངས།: 1446  

14.05.2013 05:46:45

༧གོང་ས་མཆོག་གིས་བོད་རང་བཙན་སྐོར་ལ་གསུངས་དོན། ང་ཚོར་རང་བཙན་དགོས་ཀྱི་ཡོད་ཅེས་སྐད་འབོད་བྱེད་མཁན་མང་པོ་ཡོད། རང་བཙན་ང་ཚོར་ཐོབ་ཐང་ཡོད་པ་རེད། དཔེར་ན་ངོས་ཀྱིས་སྔོན་དུ་བརྗོད་པ་ལྟར་དུས་རབས་བདུན་པ། བརྒྱད་པ། དགུ་པ། དེ་དག་བརྩོད་མེད་ཡོངས་གྲགས་རེད།


  
བསམ་ཚུལ། 14 བཀླཌ་ཐེངས།: 1758  

04.04.2013 07:12:43

དགེ་ཆོས་ཀར་ཆོས་གཉིས་ཀྱིས་ཆང་ཞིག་འཐུངས།
མགོ་ནག་བོད་མི་ཚང་མར་ར་ཞིག་བཟི།
ཁ་ཕྱོགས་ག་འཁོར་མ་ཤེས་བྲོ་ཞིག་འཁྲབ།
གནད་དོན་ཅི་ཡིན་མ་ཤེས་གླུ་ཞིག་ལེན།


  
བསམ་ཚུལ། 3 བཀླཌ་ཐེངས།: 1472  

16.02.2013 15:03:54

ད་ང་རང་ཚོས་ག་རེ་བྱ་དགོས་སམ།
ད་ང་རང་ཚོས་ག་རེ་བྱ་དགོས་སམ་ཞེས་པའི་དྲི་བ་འདི་ལ་ལན་ཞིག་དགོས་པ་རེད། དེ་མེད་ན་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་ཕུགས་བསམ་མེད་པ་རེད། བོད་དོན་འཐབ་རྩོད་པ་ཞིག་ཡིན་ན་ངེས་པ་ཏུ་དྲི་བ་འདི་ལ་ལེན་དགོས་ངེས་རེད།

  
བསམ་ཚུལ། 10 བཀླཌ་ཐེངས།: 1568  

10.02.2013 07:46:50

བོད་རྒྱལ་ལོ་ ༢༡༤༠ ཕྱི་ལོ་ ༢༠༡༣ ཟླ ༢ ཚེས ༡༡ རབ་གནས་ཆུ་སྦྲུལ་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་མོར་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་འཕགས་པ་དགེ་ལེགས་རྣམ་རྒྱལ་དང་ཀྲུའུ་རན་པདྨ་འཕྲིན་ལས། མི་དམངས་སྲིད་གཞུང་གི་ཀྲུའུ་ཞིའི་བློ་བཟང་རྒྱལ་མཚན། མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་ཟླ། དྲུང་ཆེན་བྱམས་ཕུན་ཚོགས་བཅས་བློ་མཐུན་རྣམས་པས་གྲོས་བསྡུར་བྱེད་དོན། ད་ལོའི་བོད་ཀྱི་ལོ་གསར་གྱི་སྐབས་དང་བརྟེན་ནས་རླབས་ཆེན་གཙོ་མཛད་གུན་ཁྲན་ཏང་གི་དབུ་འཁྲིད་གསར་པ་ཞྭིས་ཅེན་ཕེན་མཆོག་ལ་འཚམས་འདྲི་ཞུ་དགོས་པས་ཇི་ལྟར་ཞུ་ན་དགའ་འམ་ཞེས་གྲོས་འགོ་འཛུགས་པ་རེད།
  
བསམ་ཚུལ། 6 བཀླཌ་ཐེངས།: 1797  

18.12.2012 14:05:08

ཤམ་བྷ་ལའི་སྤུན་གྲོགས་རྣམས་ལ་འཚམས་འདྲི་ཞུ་རྒྱུ་དང་། ཤམ་བྷ་ལའི་དྲ་རྒྱ་འགག་ནས་དུས་ཡུན་རིང་པོར་བེད་སྤྱོད་མ་ཐུབ་པའི་རིང་རྣམས་པ་ལྷན་རྒྱས་སྐུ་གཟུགས་བདེ་ཐང་ཡིན་ཆ་ལགས། དེ་རིང་ཤམ་བྷ་ལའི་དྲ་ཐོག་ཏུ་དྲ་གྲོགས་ཚོ་དང་དྲ་བདག་ཚང་མ་ལ་ཐུག་ཙམ་བསླེབས་པ་ཡིན། མ་གཏོགས་སྙིང་གི་རྨ་ཁ་འདིའི་ན་ཟུག་གིས་འབྲི་འདོད་ཀྱི་འདུན་པ་འགག་བསྡད་པས་དགོངས་འགལ་མེད་ཞུ་རྒྱུ་ཡིན། སྙིང་གི་རྨ་ཁ་གསོས་སོང་ན་མུ་མཐུད་ནས་སྐྱིད་སྡུག་གླེང་མཁན་ཡོང་གི་ཡིན།

  
བསམ་ཚུལ། 6 བཀླཌ་ཐེངས།: 1374  

09.04.2012 13:31:10

དེ་རིང་མི་གཏོང་མཁན་སྐོར་ལ་ཟུར་ཙམ་བཤད་འདོད་སྐྱེས། དང་པོར། མི་གཏོང་མཁན་ལ་དབྱེ་བ་ཕྱེས་ན་གཉིས་ཡོད།  རྒྱ་གར་དང་བལ་བོའི་ཡུལ་ནས་ཡུང་རོབ་དང་ཨ་རི་སོགས་ལ་མི་གཏོང་མཁན་དང་། གཉིས་པ། བདེ་བ་ཅན་གྱི་ཞིང་ཁམས་ལ་མི་གཏོང་མཁན་གཉིས་ཡོད།


  
བསམ་ཚུལ། 34 བཀླཌ་ཐེངས།: 1968  

08.04.2012 13:57:48

ལའན་ཞང་མིན་ཟེར་བ་ཞིག་གི་མིང་ཐོག་ཏུ་ཡོད་པའི་རྩོམ་ཡིག་དེའི་འགོ་བརྗོད་ཏུ་༼བོད་ཀྱི་བདག་པོ་ནི་བོད་མི་དམངས་ཡིན་པ་ལས་ཏྭ་ལས་སྐུ་ཕྲེང་བཅུ་བཞི་པ་མིན༽ཞེས་བཞག་འདུག་པ་འདི་ནི་ཡ་མཚན་དགོས་པ་འདྲ་ཞིག་རེད་འདུག

  
བསམ་ཚུལ། 0 བཀླཌ་ཐེངས།: 1470  

08.04.2012 13:02:54

བོད་ཀྱི་བདག་པོ་ནི་བོད་མི་དམངས་ཡིན་པ་ལས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བ་མིན། 2012.03.29 11:24:58 སྤེལ་དུས། 2012-03-28   ཡོང་ཁུངས། མི་དམངས་དྲ་བ། རྩོམ་སྒྲིག་པ།  ལའན་ཞང་མིན། ལོ་ངོ་༥༣གོང་ལ། བོད་ཀྱི་སྤྱི་ཚོགས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ལོ་རྒྱུས་དུས་འགྱུར་བྱུང༌།

  
བསམ་ཚུལ། 4 བཀླཌ་ཐེངས།: 1662  

07.04.2012 13:58:05

ཨོ་ཡ་་་དེ་རིང་འདི་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་ང་སྒོ་ཁྱི་ཅོ་རི་གཉིས་ཀྱི་རྩོད་གཞི་ངོ་སྤྲོད་དང་ལྟ་གྲུབ་གསལ་བཤད་བྱེད་ཀྱི་ཡིན་པས་མཁན་ཆེན་མཆོག་གིས་མ་གོ་མ་ཐོས་མེད་པར་གནང་རོགས་བྱོས། ཁྱེད་ལྟ་བུ་མཁན་ཆེན་ཞིག་ཤམ་བྷ་ལའི་དྲ་རྒྱ་ཁུག་ཁུག་འདིའི་ནང་དུ་ཡོང་གི་ཡོད་ཀྱི་མ་རེད། ཡིན་ནའང་ཁྱེད་དང་འབྲེལ་བའི་དགེ་ཕྲུག་ཡིན་ནའང་འདྲ། ངོ་ཤེས་ཡིན་ནའང་འདྲ། དད་ལྡན་མི་སེར་སུ་ཡིན་ནའང་མཁན་ཆེན་མཆོག་ལ་ང་སྒོ་ཁྱིས་ལན་ཞིག་འདུག་ཅེས་ཞུ་རོགས་བྱོས།


  
བསམ་ཚུལ། 27 བཀླཌ་ཐེངས།: 2435  

22.03.2012 10:37:20

རང་ལུས་མེར་སྲེག་གྱི་ལས་འགན་འདིར་གནས་སྐབས་རིང་མཚམས་འཇོག་གནང་རོགས། བོད་མི་རིགས་ཀྱིས་རང་ལུས་མེར་སྲེག་གི་ངོ་རྒོལ་གྱི་ལས་འགན་དང་མི་དམངས་ཀྱིས་ཞི་རྒོལ་གྱི་ལས་འགན་འདིའི་མཇུག་འབྲས་སུ་བསམ་བློ་བཏང་དུས་སུ་བཟང་ཕྱོགས་དང་ངན་ཕྱོགས་གཉིས་འདུག་པས་དབྱེ་བ་ཕྱེས་ནས་ཞུ་རྒྱུར་ཡིན།


  
བསམ་ཚུལ། 0 བཀླཌ་ཐེངས།: 1657  

20.03.2012 07:06:49

ཤམ་བྷ་ལའི་སྤུན་གྲོགས་ཚོ་ལ་བསམ་ཚུལ་ཆུང་ཆུང་ཞིག་ཞུ་འདོད་པ་ནི་ཡིག་ནོར་བཟོ་བཅོས་རྒྱབ་ཕྱོགས་ཀྱི་སྐོར་ཡིན། ང་དང་ང་འདྲ་བའི་བོད་ཡིག་ཡག་པོ་མི་ཤེས་མཁན་གྱི་ཟིན་བྲིས་པ་ཚོས་ཡིག་ནོར་དང་བཏགས་ནོར་གྱི་ཁེངས་བའི་ཟིན་བྲིས་གང་མང་སྦེལ་གྱི་ཡོད། ང་རང་ཚོས་མ་ཤེས་ནས་ཡིག་ནོར་བྲིས་པ་རེད། ཤེས་མཁན་ཚོས་བཅོས་རོགས་བྱེད་ན་དགའ་བསུ་ཞུ་རྒྱུ་ལས་ཁོང་ཁྲོ་ལང་དགོས་དོན་རྩ་བ་ནས་མེད།


  
བསམ་ཚུལ། 21 བཀླཌ་ཐེངས།: 1731  

18.03.2012 06:33:02

ང་ཅོ་རིའི་ཡིག་ནོར་གྱི་ཁེངས་བའི་ཟིན་བྲིས་རྣམས་དྲ་ཐོག་ནས་འཇར་ལྟར་ཡལ་འགྲོ་དུས་སུ་རང་གིས་རང་ལ་ཡ་མཚན་ཞིག་སྐྱེས་ཡོང་གི་འདུག དུས་བབ་དྲ་ཐོག་ཏུ་ལོ་གསུམ་ལ་བྲིས་པའི་ཟིན་བྲིས་ཚང་མ་ནག་བསུབས་བཏང་སོང་། དེ་འདྲ་ཡོང་དགོས་པའི་རྒྱུ་མཚན་ཡང་བོད་རང་བཙན་ལེན་སྟངས་སྐོར་ལ་འཆར་སྣང་ཞིག་བྲིས་པས་རྐྱེན་གྱིས་བྱུང་བ་རེད།


  
བསམ་ཚུལ། 2 བཀླཌ་ཐེངས།: 1411  

10.03.2012 14:49:43

དེ་རིང་སུམ་ཅུའི་དུས་དྲན་ཉིན་གྱི་ལས་འགན་དང་འབྲེལ་བའི་སྐོར་ལ་ཏོག་ཙམ་ཞུ་རྒྱུ་ཡོད། དེ་རིང་སྔ་མོར་ཡར་ལངས་ནས་སུམ་བཅུ་དུས་དྲན་སྲུང་བརྩི་ཞུ་མཁན་ཕྱིན་པ་ཡིན། སྔོ་དྲོ་ཆུ་ཚོད་དགུ་པའི་ཐོག་ཏུ་རང་གི་སྡོད་ཁྱིམ་ནས་འགྲོ་དགོས་པའི་གྲལ་སྒྲིག་བྱས། བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་སྐུ་ལུས་མེར་སྲོག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་འདྲ་པར་ཆེན་པོ་ཞིག་ལ་ཐག་པའི་ལོང་ཐག་ཡོད་པ་དེ་སྐེ་ལ་གོན། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་བརྗོད་ཚིག་འདི་ཚིག་འབྲུ་ཆེ་ཐག་ཞིག་ཤོག་སྒོམ་ཐོག་ཏུ་སྦྱར་ནས་ལོང་ཐག་ཡོད་པ་ཞིག་༢༠༠༩་ལོར་བཟོས་པ་དེ་རྒྱབ་ཏུ་ཁུར། འདི་གསུམ་ནི་ངའི་ངོ་རྒོལ་འགྲོ་དུས་ཀྱི་ལག་ཆ་ལྟ་བུ་ཡིན།


  
བསམ་ཚུལ། 1 བཀླཌ་ཐེངས།: 1757  

09.02.2012 11:18:48

དེ་རིང་འདིར་བཤད་འདོད་པ་ནི་འཛམ་གླིང་ཐོག་ཏུ་བོད་ཀྱི་སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་སྤོབས་པ་མཐོ་ཙམ་གནང་དགོས་ཀྱི་འདུག་ཞེས་ཞུ་འདོད་པ་ཡིན།  དེ་ཡང་གུན་ཁྲན་ཏང་དབུས་འཐབ་ཕྱོགས་གཅིག་འགྱུར་ཁང་གི་བློན་ཆེན་གཞོན་ཀྲུང་ཝན་ཆོན་ལགས་ཀྱིས་བཙན་བོད་གཞུང་དང་དབུ་ཁྲིད་བློ་བཟང་སེང་གེ་མཆོག་གཉིས་ཁྲིམས་འགལ་མ་གཏོགས་ཁྲིམས་མཐུན་གྱི་གཞུང་དང་དབུ་ཁྲིད་ཁས་ལེན་མེད་པ་རྒྱལ་སྤྱིའི་ཐོག་ཏུ་བསྒྲགས་ཀྱི་འདུག

  
བསམ་ཚུལ། 11 བཀླཌ་ཐེངས།: 2323  

09.02.2012 05:05:12

དེ་རིང་བཟའ་ལྷག་པའི་ཉིན་སུད་སི་གྲོར་ཁྱེར་རྫུང་རུག་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ལྔ་བརྒྱ་ལྷག་གིས་ངོ་རྒོལ་སྐད་འབོད་དང་མར་མེར་ཁྲོམ་སྐོར་བྱས་སོང་། སུད་སི་མི་སེར་མགོ་སེར་པོ་ཡང་བཞི་བཅུ་ལྔ་བཅུ་ཙམ་མེད་འགྲོ་བསམ་བསམ་འདུག ཚང་མ་སེམས་ཤུགས་དང་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་ཡག་པོ་འདུག རྫུ་རུག་མེ་འཁོར་བབ་ཚུགས་ནས་གུན་ཁྲན་ཏང་གི་ཡན་ལག་གཞུང་ཚབ་ཀྱི་སྒོ་རྩ་བར་དུ་གོམ་བགྲོད་དང་ངོ་རྒོལ་སྐད་འབོད་ངར་ཤུགས་ལྡན་པ་བྱས་སོང་།
  
བསམ་ཚུལ། 0 བཀླཌ་ཐེངས།: 1963  

06.02.2012 13:49:43

ཁ་བརྡའི་དྲ་ཐོག་ཏུ་ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་བདེ་སྐྱིད་ཆོས་དབྱིགས་ཀྱི་ཁྱི་སྐད་ཅེས་པ་བཀླགས་རྗེས་སུ་ལན་འདེབས་ཀྱི་ཆེད་དུ་འདིར་འབྲི་རྒྱུ་ཡིན། ཁུག་རྟ་ཟེར་བ་འདི་ལྐོག་ཟ་རུལ་སུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཡུང་གླིང་ཟླ་བ་ཚེ་རིང་ལགས་ཀྱི་ཨག་ཕྲུག་ཞིག་རེད། དབུ་མའི་ལམ་ལས་འགན་ཁང་ཟེར་བའི་༧གོང་ས་མཆོག་གི་བཀའ་གསུངས་སུ་ལོག་འགྲེལ་བརྒྱབ་མཁན་གྱི་ཚོགས་པ་དེའི་ཚོགས་མི་རེད།

  
བསམ་ཚུལ། 7 བཀླཌ་ཐེངས།: 2113  

31.01.2012 07:46:19

རྒྱུད་དག་ཡག་རབ་ཅན་གྱི་ཕོ་རྒོད་ཤིག
མདོ་སྟོད་དམངས་ཀྱིས་རེ་ལྟོས་བྱས་ས་ཞིག
ཕྱི་མིན་ནང་མིན་སྐྱ་མིན་སེར་མིན་གྱིས།
ཐུགས་སེམས་སུན་རེ་བཅུག་པ་ཡིད་རེ་སྐྱོ།

  
བསམ་ཚུལ། 1 བཀླཌ་ཐེངས།: 2096  

30.01.2012 06:34:19

རྒྱང་གཟིགས་བྱོས།
ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་ལ་སླུ་འཁྲིད་ཀྱི་མི་སྣ་རེ་རེར།
མི་རིགས་ཀྱི་འཐབ་རྩོད་རེ་ལ་ནང་འཁྲུགས་ཀྱི་སྲིད་ཇུས་རེ་རེར།
མདུན་བསྐྱོད་ཀྱི་གོམ་པ་རེ་ལ་འགོག་རྒོལ་གྱི་ལྕགས་སྒྲོག་རེ་རེར།

  
བསམ་ཚུལ། 2 བཀླཌ་ཐེངས།: 2001  

ཤོག་ངོས། 1 ནས། 6
| -