ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཤི་ལུས་གསོན་པོ་།



13.06.2010 04:09:35

༼ངའི་ཕ་ཡུལ་སྐྱེ་རྒུ་མདོ་ལ་ཕུལ་བའི་མྱ་ངན་རྩོམ་ཡིག༽ ས་བདག་གི་གོད་ཆག་ཐེབ་བའི།  བོད་རིགས་སྤུན་ཟླ་ཚོ། །
ཆག་སྒོ་ཡིས་ཚེ་འདས་ཟིན་པའི། གངས་ཅན་སྤུན་ཟླ་ཚོ། འཆི་གསོན་གྱི་ཁ་ཐོར་བཏང་བའི།  ཁ་བའི་སྤུན་ཟླ་ཚོ། །
ངས་ཁྱེད་ཚོ་ཚོར་གྱི་ཚེ་སྲོག་ནས་བྲལ་བའི་བར་མདོ་རུ།  མགོ་ནག་སྤུན་ཟླ་ཚོ། །
ཁྱེད་ཚོས་ང་ཚོ་་ཚོར་གྱི་ཡ་ང་བའི་སྡུག་བསྔལ་སྐྱུར་མོ།   གངས་ལྗོངས་སྤུན་ཟླ་ཚོ། །


  
བསམ་ཚུལ། 2 བཀླཌ་ཐེངས།: 3809  

12.06.2010 23:40:58

མཛེས་སྡུག་ཡིད་དབང་འཕྲོག་པའི་ཕ་ཡུལ་དེ་བཞག་ནས།།
ལྷོ་ཕྱོགས་ཚ་དྲོད་ལྡན་པའི་མི་ཡུལ་འདི་འགྲིམས་དུས།།
དཀའ་བ་སྟོང་གིས་མནར་བའི་ལས་དབང་གི་ཨ་མ།།
ད་ལྟ་བདེ་བ་བཞུགས་པའི་སྨོན་འདུན་ཞིག་བཅོལ་འདོད།།

  
བསམ་ཚུལ། 0 བཀླཌ་ཐེངས།: 4332  

12.06.2010 01:35:31

ཡངས་པའི་སྤང་ལྗོངས་འཁོར་ཡུག་གངས་རི་རང་བྱུང་སྐྱེད་ཚལ་ལྟ་ན་སྡུག་པའི་དྭངས་གཙང་ཆུ། །
རོང་པའི་འབྲུ་རིགས་འབྲོག་པའི་འོ་ཞོ་ཐོན་བསྐྱེད་ཕུན་ཚོགས་རི་སྐྱེས་རྣམས་ནི་བག་ཡངས་རྒྱུ། །
འཛད་མེད་ནོར་ལྡན་རང་འདོད་ལྷུར་ལེན་རང་དབང་དང་བྲལ་ལག་པ་སྟོང་པ་འགའ་ཡང་མེད། །
མཐུན་པ་ལ་གནས་བཟང་པོའི་སྤྱི་ཚོགས་མེས་པོ་དམ་པའི་ལང་ཚོ་དང་ནི་ལྷན་ཅིག་ཟད། །

  
བསམ་ཚུལ། 1 བཀླཌ་ཐེངས།: 4214  

09.06.2010 05:08:50

དུས་རབས་ཉེར་གཅིག་འཇིག་རྟེན་ལྟ་བ་མུན་ནག་སྐྱ་རེངས་མཁའ་རུ་གསལ། །
ཉི་མའི་དཀྱིལ་འཁོར་རླབས་ཆེན་འོད་ཟེར་དྲོད་མོར་བཞད་ཁ་འཇིག་རྟེན་ཁྲོད། །
འགྲོ་བའི་ཁམས་འདི་ལས་དབང་མཆོག་ཀྱང་དཔལ་འབྱོར་འགྲན་རྩོད་ཁོག་འཛིན་གྱིས། །
རང་དོན་ཁོ་ན་རྒྱུགས་པར་མ་གཏོགས་གཞན་དོན་སྒྲུབ་ཆེད་གཡུག་དག་སྟེ། །

  
བསམ་ཚུལ། 3 བཀླཌ་ཐེངས།: 3284  

09.06.2010 01:20:59

དྲ་གྲོས་ཡོངས་ལ་གུས་པས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ་་་་དུས་དེ་རིང་ནས་བཟུང་ང་ཚོའི་ཕན་ཚུན་གྱི་ཟིན་བྲིས་འདིའི་གོ་ས་བརྒྱུད་ནས་ཉིན་ཆོད་སྟོང་ཟད་ཙམ་མ་ཡིན་པ་རྒྱུ་མཚན་གྱི་ཁུང་ལོངས་སྡན་པའི་ཐོག་ནས་སློབ་སྦྱོང་གསར་པ་དང་བསམ་བློ་གོ་རྟོགས་ཡོང་ཆེད་བསམ་ཚུལ་འདྲ་མིན་ཐོག་ཏུ་གཏམ་གླེང་དང་བགྲོ་གླེང་བྱེད་འདོོད་མོས་ ་་་་་་་་་འོན་ཀྱང་ཁོ་བོ་ནི་དྲ་གནས་འདི་ལ་གསར་འབྱོར་བ་ཞིག་ཡིན་་་་་དེ་ལྟར་ཁྱེད་རྣམས་པས་ངའི་ཟིན་བྲིས་ལ་ནོར་འཁྲུལ་མཁྱེན་ན་ཐད་ཀ་གསུངས་རོགས་གནང་།
  
བསམ་ཚུལ། 1 བཀླཌ་ཐེངས།: 2960  


| -