ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཁྱུང་པོ་ཨོ་རིག


ཚ་རླུང་དང་བྱེ་རྡུལ་ངོ་གདོང་ལ་གཟས་ཀྱིན། ང་འདི་ལྟར་འཕགས་ཡུལ་དུ་འཁྱར།

གངས་ཆུ་དང་བསིལ་རླུང་དྲན་སེམས་ན་འཕྱོ་བཞིན། ང་འདི་ལྟར་མི་ཡུལ་དུ་འཚོ།

ཁེར་རྐྱང་གི་སེམས་པ་ཕྲ་མོས་ཁེར་རྐྱང་དུ།  སྐྱ་མདོག་གི་སྙན་ངག་འདི་ལྟར་འབྲི།

 



06.01.2011 05:10:16

༼ཕ་ཡུལ་ཕྱོགས་བསྒྲིགས་༽དེབ་ཕྲེང་༢༢པའི་ནང་དུ་སོག་པོ་སྟག་ཁྲིད་ཀྱི་སྐོར་ལ་འགྲེལ་བཤད་ཤིག་བྲིས་འདུག་སྟེ།
རི་མོའི་བྱུང་རིམ་གྱི་ལོ་རྒྱུས་གང་ཡང་མེད་ཐོག་རྨོངས་སྒྲུང་ལྟ་བུའི་རྒྱུ་མཚན་འདི་འདྲ་ཞིག་བཀོད་འདུག
བསམ་ཚུལ། 7 བཀླཌ་ཐེངས།: 4680  

08.11.2010 12:16:37

བཀའ་དང་དབང་གི་ཚུ༵ལ་ལུགས་ཙམ་མིན་པར།།
རང་བཞིན་སྲོང་པོས་ཁྲི༵མས་ལ་བག་ཡོད་ཅིང་།།
སྣ་ཚོགས་ཚིག་གི་རྒྱ་ལས་གྲོལ་བའི་བློ༵ས།།
གནས་ལུགས་གྲོ༵ས་ཀྱིས་གླེང་འདི་ངོ་མཚར་རྨད།།
བསམ་ཚུལ། 18 བཀླཌ་ཐེངས།: 3911  

01.11.2010 02:33:58

ཀྱེ། རི་བོའི་ནི་ཕར་ནང་ན།།
ཡུལ་གྱི་ནི་མྱིང་བཏགས་པ།།
པུར་རྒྱལ་ནི་བོད་ཀྱི་ཡུལ།།
ཡར་བལྟས་ནི་ཡར་གྱི་ནི།།
གངས་རི་ནི་མཐོ་ཡེར་ཡེར།།

  
བསམ་ཚུལ། 11 བཀླཌ་ཐེངས།: 2477  

27.10.2010 13:38:11

ང་དང་གཏམ་ཉོག་མའི་ལོ་རྒྱུས།
ཆེས་ཐོག་མར་ང་ཆུང་ཆུང་ལག་རྒྱབ་སག་རིའི་སྦལ་ཀོ་གྱོན་དུས་ནས།
འཆལ་གཏམ་མས་གཡོན་མའི་ཟུར་མིག་ཅིག་ཁྱེར་ཏེ་ང་རྩེ་རྭར་བྲིད་དེ།
ནོར་ལུག་རི་མགོར་ལུས་གྲངས་དང་ཨ་མས་བརྡུངས་གྲངས་ཉུང་ཉུང་ཁྱོན་ནས་མིན།
གང་ལྟར་ཀྱང་དུས་དེ་ནས་བཟུང་གཏམ་ཉོག་མས་ངའི་ནམ་ཟླ་བརྐུས།

  
བསམ་ཚུལ། 21 བཀླཌ་ཐེངས།: 2820  

11.10.2010 03:22:00

མི་ཚོ་སྐྱེ་གཟུགས་ལ་དུང་གི།
ང་ནི་གཤིས་བཟང་ལ་སྨོན་གྱི།།
ང་དང་ཁོང་ཚོ་གཉིས་བརྩད་དེ།།
ཕམ་ཁ་ང་རང་ལ་སྤྲད་སོང་།།

  
བསམ་ཚུལ། 21 བཀླཌ་ཐེངས།: 3464  

02.10.2010 01:07:41

དྲྭ་ནང་གི་གྲོགས་པོ་ཁག་ཅིག་གིས་མུན་པའི་ཕག་ནས་མདའ་རྩེ་གཟས་ཀྱིན་པའི་སྣང་ཚུལ་ཞིག་ལས་འཕྲོས་པའི་བསམ་གཞིག་ཅུང་བྱེད་འདོད། དང་པོ་ང་རང་ཉིད་ཀྱི་གཤིས་སྤྱོད་ནས་འགོ་བཙུགས་ནས་བཤད་ན་ང་ཡང་ཚོད་ཚོད་གཅིག་ལས་མེད།དཔེ་མཚོན་ཙམ་ཞུས་ན་སྔོན་མ་བོད་དུ་ཆོས་དད་རང་མོས་འགོ་བཙུགས་རྗེས་དགོན་པ་བཤིག་ཤུལ་གྱི་ས་རྡོ་བསལ་སྐབས་ངའི་སྤུན་ཆུང་གིས་གཟི་ཆག་ཞིག་རྙེད་སོང་།


  
བསམ་ཚུལ། 6 བཀླཌ་ཐེངས།: 3897  

28.09.2010 07:16:05

དྲང་གཏམ་མདའ་མོ།
ཕར་ལ་རྐུན་ཁག་གཅིག་བཙུགས་དུས།།
ཚུར་ལ་རྐུན་ཁུངས་གཅིག་སྟོན་འོང་།།
གཉིས་ཀ་སྤྱི་ཚོགས་འདིའི་ནང་དུ།།
ནག་པོ་ཕར་བཟོས་ཏེ་ཚུར་བསྐུས།།
འདི་ཡང་ཆབ་སྲིད་གཅིག་ཡིན་ནམ།།

  
བསམ་ཚུལ། 10 བཀླཌ་ཐེངས།: 3644  

25.09.2010 03:56:28

མཐའ་མེད་གཉིད་ཀྱི་ཞིང་ལས་སྐད་ཅིག་གིས།།
དྲིལ་བརྡ་གཟན་མོ་རྣ་བའི་གཏིང་དུ་ལྷུང༌།།
མི་འདོད་སུན་སྣང་ཞིག་གིས་དབང་མེད་དུ།།
མགོ་བོ་གོས་ཀྱིས་བཏུམས་ཏེ་ཉལ་འདོད་ཀྱང༌།།

  
བསམ་ཚུལ། 4 བཀླཌ་ཐེངས།: 2606  

17.09.2010 04:15:01

ཁེ་མཚར་རེད། དེ་སྔོན་ངས་འཁྲུག་རྩོད་ཡིན་ན་ཐ་ཆད་དང་བརྙས་སྨོད་ཀྱི་བྱ་བ་འབའ་ཞིག་ཏུ་འདོད་ཀྱི་ཡོད་ཀྱང་དེའི་གསང་བ་དེ་ངས་རྟོགས་མི་འདུག  ཡར་མཐོ་ཕྱོགས་ཆོས་ནས་བཤད་སོང་ན་སྟོན་པས་མུ་སྟེགས་ཀྱི་སྟོན་པ་སྡེ་དྲུག་དང་བརྩད་འདུག་ལ་དེའི་སྐབས་རྒྱ་གར་ན་གྲགས་ཆེ་བའི་སྟོན་ཡང་སྡེ་དྲུག་ལས་ལྷག་པ་དཀོན་པོ་རེད། དེ་བྱེད་དུས་མཐོན་པོས་མཐོན་པོ་ལ་རྩོད་ཀྱི་འདུག་པ་ལས་ཉམ་ཆུང་ཞིག་རྩོད་ཟླ་རུ་ཁས་མི་ལེན་པ་མངོན་གསལ་རེད།


  
བསམ་ཚུལ། 2 བཀླཌ་ཐེངས།: 3378  

08.09.2010 00:36:00

དེང་རབས་གསར་པའི་དཔལ་ཡོན་འདི་བཞད་དུས།།
རིག་གཞུང་རྙིང་པའི་རྫུན་འབག་དེ་བུད་སོང་།།
ཨ་གསར་གཞོན་ནུས་ཧོལ་རྒྱུག་ཅིག་བྱས་ཏེ།།
ཕ་མྱེས་ཤུལ་གཞག་ཐལ་དོང་དུ་བསྐྱུར་སོང་།།

  
བསམ་ཚུལ། 2 བཀླཌ་ཐེངས།: 3401  

20.08.2010 10:58:42

བོང་བུ་ཚང་། གོ་ཐོས་ཤིག་ལ་དེང་སང་།  ལ་ཚུར་ནང་བོང་བུ་ཚང་གིས་ཟབ་མདོ་དགུ་བཟློག་གི་རིམ་གྲོ་ཞིག་འཚོགས་ནས་ས་ཁོལ་འདུག་ཟེར།  འཚོག་དོན་ལོ་རྗེས་མའི་དཔྱིད་ཀར་རྭ་ཅན་གྱི་གཡག་ལུག་དང་རྨིག་ཅན་གྱི་རྟ་དྲེལ་ལ་གོད་ཆག་ཆེན་པོ་ཞིག་ཡོང་གི་ཡོད་ཚུལ་ལྷ་བླ་མའི་ལུང་དུ་བབས་པ་ཡིན་ཚོད་འདུག


  
བསམ་ཚུལ། 2 བཀླཌ་ཐེངས།: 3733  

18.08.2010 05:11:10

ཁ་སང་སྟེ་ ཕྱི་ལོ་༢༠༡༠། ༨། ༡༧ཉིནམོ་༧གོང་ས་མཆོག་ཀུ་ལུའི་ཡུལ་ཕྱོགས་སུ་ཆིབས་བརྒྱུར་གནང་སྐབས་ང་ཚོ་འདིར་ཡོད་ཀྱི་བོད་པའི་སློབ་གྲྭ་དང་དགོན་སྡེ། རྒྱ་གར་འཁྱམ་པ་ཚུན་ཆད་ཀྱིས་ཕེབས་བསུའི་སྒོ་ཆེན་བཙུགས་པ་སོགས་གོ་སྒྲིག་མི་དམན་པ་རེ་ཞུས་འདུག


  
བསམ་ཚུལ། 0 བཀླཌ་ཐེངས།: 3603  

16.08.2010 04:48:18

ཁ་བའི་གཟི་ཉམས་ཚ་བས་བཅོམ་དུས་རིགས་ཞེན་དྭངས་མོའི་བླ་སྲོག་འབར།།
སྤྲེལ་ཕྲུག་གདོང་དམར་གཟིམས་དུ་ཡོར་དུས་ལྷག་བསམ་དཀར་པོའི་དུང་ཞིག་བུས།།
ལོ་ངོ་སྟོང་གི་རུལ་སུངས་བསྔོགས་དུས་བརྙས་སྨོད་ལྕི་མོའི་ཁུར་ཞིག་བཏེགས།།
ཀྱེ་ཀྱེ་ཁྱོད་ཉིད་བརྩོན་དུ་བཞུགས་ཀྱང་སྙིང་གི་སྤོབས་པའི་འཕར་རྩ་རྒོད།།


  
བསམ་ཚུལ། 1 བཀླཌ་ཐེངས།: 2795  

15.08.2010 14:03:01

ཚ་རླུང་དང་བྱེ་རྡུལ་ངོ་གདོང་ལ་གཟས་ཀྱིན། ང་འདི་ལྟར་འཕགས་ཡུལ་དུ་འཁྱར།
གངས་ཆུ་དང་བསིལ་རླུང་དྲན་སེམས་ན་འཕྱོ་བཞིན། ང་འདི་ལྟར་མི་ཡུལ་དུ་འཚོ།
ཁེར་རྐྱང་གི་སེམས་པ་ཕྲ་མོས་ཁེར་རྐྱང་དུ།  སྐྱ་མདོག་གི་སྙན་ངག་འདི་ལྟར་འབྲི།


  
བསམ་ཚུལ། 2 བཀླཌ་ཐེངས།: 3128  


| -