ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཉི་མ་དབང་ཕྱུག



12.12.2016 00:31:55

ཕྲ་རྡུལ་དང་གསལ་རིག་གི་ཉེར་ལེན་ལས་གཟུགས་སེམས་གཉིས་ཀྱི་བྱུང་ཚུལ་གླེང་བ།
དགེ་བཤེས་ལྷ་རམས་པ་ཉི་མ་དབང་ཕྱུག་གམ། དྲ་མིང་དུ་གསེར་མདོག་འབོད་པས་སྦྱར་རོ།
ལྐོག་གྱུར་གནས་རྣམས་རྗེན་པར་རྟོགས་པའི་བློ།།
ཚུལ་མཐོང་ང་འདྲའི་རྒྱུད་ལ་མི་སྲིད་མོད།།
འོན་ཀྱང་པན་གྲུབ་རིགས་པའི་རྗེས་ཞུགས་ནས།།
རང་བློའི་ལྕོགས་ཚོད་འབད་པ་འདི་བགྱི་ལགས།།


  གངས་དཀར་སེམས།
བསམ་ཚུལ། 1 བཀླཌ་ཐེངས།: 2336  

30.08.2016 06:03:22

རྟོག་འཆར།
དྲ་ཞུགས་པ་རྣམས་རང་རང་འཚོ་བའི་ཆེད།།
སྐབས་འགར་དྲ་བ་འདི་ལས་ཕྱི་རུ་འཐོན།།
ལ་ལར་གཏན་ནས་ཁ་བྲལ་བྱེད་ངེས་ཀྱང༌།།
བདག་ནི་འཐོན་པ་གནས་སྐབས་ཙམ་ཞིག་མོད།།


  །བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 6099  

26.02.2013 05:59:52

གཟུར་གནས་སྐྱེས་བུའི་རྣམ་དཔྱོད་བློ་གྲོས་ལས།།
བྱུང་བའི་དངོས་ཡོད་ཤེས་བྱའི་གནས་ལུགས་ཀུན།།
ཡང་དག་རིག་པའི་ལམ་ནས་བཞག་པ་འདིར།།
སེམས་ལྡན་མི་ཡིས་དཔྱད་ཀྱང་འོས་པ་ཡིན།།
འགྲོ་བ་མིའི་རིགས་དང་དུད་འགྲོ་སྲོག་ཆགས་ཀྱི་རིགས་བགྲང་ལས་འདས་པ་ཞིག་འཛམ་གླིང་འདིའི་སྟེང་དུ་འཚོ་གནས་བྱེད་ཀྱིན་མོད།


  གངས་དཀར་སེམས།
བསམ་ཚུལ། 5 བཀླཌ་ཐེངས།: 2535  

20.10.2011 00:40:51

བོད་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་རྗེས་དྲན་མིག་ཆུའི་ཐིག་པ།།
ཁྱེད་སྐུའི་ཟུངས་ཁྲག་དམར་པོ།།
མེ་ལྷའི་ཞལ་དུ་ཐིམ་ཀྱང་།།
ལྷག་བསམ་དུང་གི་ཟླ་བ།།
གངས་རིའི་རྒྱན་དུ་མཛེས་སོང་།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 4 བཀླཌ་ཐེངས།: 1681  

13.10.2011 15:48:50

ངས་འདི་འདྲ་ཞིག་བཤད་ཚེ་ཁྱེད་ཚོས་བདེན་པ་བཟུང་མི་སྲིད་པ་ཞིག་རེད་འོན་ཀྱང་ངས་རྫུན་གཅིག་ཀྱང་བཤད་མེད།  ཡ་མཚར་བ་ཞིག་ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོར་འབྲས་སྤུངས་དགོན་པའི་ཉེ་འགྲམ་ན་རྒྱ་གར་ཡུལ་མི་ཞིང་པ་ཞིག་ཡོད་པ་རེད།


  གངས་དཀར་སེམས།
བསམ་ཚུལ། 6 བཀླཌ་ཐེངས།: 2724  

10.10.2011 11:49:08

སྲིད་དབང་སྐྱོང་ཚུལ་ལ་བསྔགས་པ།།
བསིལ་ལྡན་གངས་ཀྱི་ཁོར་ཡུག་མཛེས་པའི་མཐོ་སྒང་གངས་རིའི་འཇིཊ་རྟེན་ན།།
ངུར་སྨྲིག་གོས་ཀྱི་གྱོན་པའི་འོག་ནས་སྟག་ཤར་གཞོན་ནུས་ལང་ཚོ་རྒྱས།།
མི་ལོ་སྟོང་གི་ལོ་རྒྱུས་ལྡན་པའི་བྱང་ཕྱོགས་གང་རིའི་རྒྱལ་ཁམས་འདིར།།
འཛམ་གླིང་སྐྱེ་བོ་ཀུན་གྱི་མདུན་ན་སེམས་པ་ཁྱེད་ཀྱི་མངོན་པར་བྱས།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 2461  

22.08.2011 12:24:34

ཚེ་སྲོག་མེ་ཕུང་འབར་བའི་དཀྱིལ་འཁོར་ན།།
ང་ཡི་བླ་མ་ང་ཡི་མི་རིགས་ཞེས།།
འབོད་སྒྲས་འཛམ་གླིང་གཡོ་དང་ལྷན་ཅིག་དུ།།
ས་ཡ་དྲུག་གི་སེམས་པའི་དབུས་སུ་ཐིམ།།
བསམ་ཚུལ། 4 བཀླཌ་ཐེངས།: 2818  

26.01.2011 06:12:12

ང་ཚོའི་སྤྱི་ཚོགས་ནང་དུ་གོམས་གཤིས་ཞིག་ཡོད་པ་ནི་རང་གི་འདོད་བློ་དང་མ་མཐུན་ན་མི་དེ་ནག་པོ་ནག་རྐྱང་བཟོ་ཐབས་བྱེད་ཀྱི་ཡོད་དེ་ནི་སྤྱི་ཚོགས་ལ་སེམས་ཁུར་མེད་པ་དང་བློ་རྒྱ་ཆུང་བའི་ལན་པ་ཡིན། སླེབས་ལ་ཉེ་བའི་བཀའ་བློན་ཁྲི་བའི་སྐོར་ལ་གླེང་སློང་སྣ་ཚོགས་ཞིག་ཡོང་གི་ཡོད་མོད།


  
བསམ་ཚུལ། 3 བཀླཌ་ཐེངས།: 2961  

12.11.2010 01:41:38

གྲོགས་པོ་ཚོ་མགྱོགས་པོ་གཟིགས་དང་།  ཤམ་བྷ་ལའི་དྲ་རྒྱའི་ནང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གསལ་བསྒྲགས། ཞིབ་ཅིང་ཕྲ་བ། ཚ་པོ་ཚ་རྐྱང་། བཀོད་འདུག
  
བསམ་ཚུལ། 7 བཀླཌ་ཐེངས།: 2593  

08.11.2010 04:50:31

ས་ལ་སེམས་འཁུར་ཆེ་བའི་ཕྱི་རབས་པའི།།
ས་འདིའི་ལོ་རྒྱུས་ཞིབ་མོ་བློ་ཡིས་དཔྱད།།
ས་སྐྱོང་དར་མས་བཟོས་པའི་ཆག་སྒོ་དེ།།
ས་སྟེང་འདི་ན་ནག་ཉེས་ཆེན་པོ་མཐོང་།།
  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 11 བཀླཌ་ཐེངས།: 2735  

05.11.2010 06:50:48

ས་བདག་མེས་དབོན་གོང་མའི་སྟོབས་ཤུཊ་ཀྱིས།།
ས་ལ་ཆོས་སྲིད་ནོར་གྱི་རྒྱལ་ཁམས་བསྐྲུན།།
ས་ལའི་སྨན་ལྗོངས་ཁ་བའི་འཇིཊ་རྟེན་ཞེས།།
ས་སྟེང་སྐྱེས་བུའི་སེམས་ཀྱི་ཉི་མ་བཞིན།།
  
བསམ་ཚུལ། 28 བཀླཌ་ཐེངས།: 3815  

21.10.2010 06:27:10

ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོ་གང་ཞིག་ཡིན་པ་འཚོལ་དགོས། ང་ཚོའི་སྤྱི་ཚོགས་འདིའི་ནང་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུག་ཕན་ཐོགས་ཡོད་མེད་དཔྱད་འདོད་ན་དང་པོ་༧གོང་ས་མཆོག་གི་དགོང་གཞི་ཆོས་སྲིད་ཟུང་འབྲེལ་ལ་གོ་བ་གཏིང་ཟབ་ཞིག་ཆགས་དགོས།  གཉིས་པ་བོད་ནང་གི་མཁས་པས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མི་འགྲིག་པ་གསུང་བའི་དགོང་པ་གང་ཡིན་འཚོལ་དགོས།

  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 16 བཀླཌ་ཐེངས།: 3667  

18.10.2010 03:11:13

ཕ་རོལ་དགྲ་ཡིས་དྲག་ཆར་བཞིན་དུ་མདའ་དང་མདུང་རྩེ་ཁྱོད་ལ་གཏད།།
ནང་རུལ་པ་ཡི་ངན་སྔགས་བཞིན་དུ་ཐལ་རྡུལ་མཆི་མ་ཁྱོད་ལ་འཕངས།།
ཕྱི་ནང་ཟུང་གི་བརྙས་བཅོལ་འོག་ན་གངས་ལྗོངས་ལྷོ་ཡི་ཞིང་ཁམས་སུ།།
དཔའ་རྟགས་རྒྱལ་དར་ལག་ཟུང་འཆིངས་བའི་གྲུ་གུ་ཐང་གི་ཁེ་རྐྱང་ཁྱོད།།

  
བསམ་ཚུལ། 6 བཀླཌ་ཐེངས།: 4065  

24.09.2010 23:33:42

མཐོ་རིམ་མི་དྲག་རྐུབ་སྟེགས་སྟེང་ན་འགྱིངས།།
ཉམ་ཐག་ཁ་ཟས་དབྱིན་ཇེའི་རྐུབ་ན་འཚོལ།།
བོད་མིའི་འཐབ་རྩོད་རང་རང་འཚོ་བའི་ཆེད།།
མེས་པོའི་དམིགས་ཡུལ་འགྲུབ་པའི་རེ་བ་ཕྲ།།
བསམ་ཚུལ། 23 བཀླཌ་ཐེངས།: 4489  

17.09.2010 07:03:44

ནང་ཆོས་དང་ཚན་རིག་གཉིས་ཀྱི་ཚེ་སྲོག་གི་ངོས་འཛིན། ནང་ཆོས་དང་ཚན་རིག་པ་གཉིས་ཀའི་སྲོག་ཅེས་ཐ་སྙད་འདོགས་པ་འདྲ་ཡང་ངོས་འཛིན་བྱེད་སྟངས་མི་འདྲ་བ་ཡིན། ཚན་རིག་པའི་སྲོག་ཅེས་པ་དེ་སེམས་ཡོད། སེམས་མེད་གཉིས་ལ་ཐུན་མོང་དུ་ཡོད་པར་འདོད། སེམས་ཅན་དུ་མ་ཟད་སེམས་མེད་སྐྱེས་དངོས་ཀུན་ལ་སྲོག་ཡོད་པར་འདོད། སྲོག་ཅེས་པ་རང་ཉིད་འཚོལ་བྱེད་ཀྱི་ནུས་པ་ཞིག་ལ་འདོད། དཔེར་ན་ཤིང་སྡོང་ལྟ་བུ་རང་ཉིད་སྐྱེས་བའི་ངོ་བོ་ལ་གནས་བྱེད་ཀྱི་ནུས་པ་དེ་སྲོག་ཡིན་པར་འདོད།

  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 6 བཀླཌ་ཐེངས།: 4874  

15.09.2010 02:04:24

༼འཆར་ལོའི་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་མི།༽ རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་འགན་འཛིན་སྐུ་ཞབས་ཡེ་ཤེས་ཆོས་བཟང་ལགས་ནི་ཕྱི་ལོ་༡༩༧༤ལོར་ཁམས་ལི་ཐང་ཉག་ཆུ་འགོ་ལོག་སྟོད་དུ་འཁྲུངས་ཤིང་དགུང་ལོ་ཕྲ་བའི་སྐབས་ནས་ཕ་ཡུལ་དུ་གཞི་རིམ་སློབ་གྲྭ་བསྐྱོད་དེ་བོད་ཡིག་འབྲི་ཀློག་དང་ནང་ཆོས་བཅས་ལ་སློབ་གཉེར་གནང༌།


  
བསམ་ཚུལ། 2 བཀླཌ་ཐེངས།: 3930  

04.09.2010 09:34:57

སྤྱིར་འདི་སྔོན་ནས་ཆོས་རྒྱུད་སྤྱི་འཐུས་དགོས་མི་དགོས་ཀྱི་གླེང་རྙོག་དུ་མ་ཞིག་བྱུང་སོང་། ད་བར་དེའི་སྐོར་མུར་བཞག་བྱས་པ་ཡིན། སྒོས་སུ་ང་སེར་མོ་བ་ཞིག་ཡིན་པས་ངོས་ནས་ཆོས་ལུགས་སྤྱི་འཐུས་དགོས་ཞེས་ཕྱོགས་འཛིན་བྱས་ན་ག་ནས་འགྲིག ང་ཚོ་བཙན་བྱོལ་སྤྱི་ཚོགས་འདིའི་ཁོར་ཡུག་དང་གནས་བབ་ལ་བསྟུན་ནས་ཆོས་ལུགས་སྤྱི་འཐུས་ཀྱི་དགོས་མཁོ་དང་ཕན་ནུས་གང་ཡོད་ལ་ཐུགས་བཞེས་གནང་དགོས།

  ཆོས་རྒྱུད་སྤྱི་འཐུས།
བསམ་ཚུལ། 2 བཀླཌ་ཐེངས།: 3225  

24.08.2010 06:13:16

ཚན་རིག་པའི་རྣམ་ཤེས་དང་འདུ་ཤེས་གཉིས་ལ་ཁྱད་པར་མི་འབྱེད་པ་མ་ཟད། གཟུགས་ཅན་ཀླད་པ་ལས་ལོགས་སུ་རྣམ་ཤེས་ཞེས་གསལ་རིག་གི་ཆ་ཞིག་ཡོད་པ་མི་འདོད། དཔེར་ན། བཀྲ་ཤིས་ཞེས་པའི་མི་ཞིག་གི་རང་གིས་ཨ་མ་རྟོགས་པ་ན།


  
བསམ་ཚུལ། 6 བཀླཌ་ཐེངས།: 8294  

17.08.2010 11:12:22

རྒྱང་རིང་བྱང་ན་བཞུགས་པའི།།
མཚུངས་མེད་སྙིང་གི་མ་ལོ།།
མཛེས་ལྗོངས་ཁོར་ཡུག་དབུས་ན།།
ཁྱེད་ཉིད་བདེ་བར་ལོས་ཡོད།།


  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 4 བཀླཌ་ཐེངས།: 7491  

15.08.2010 10:14:01

༼ནང་ཆོས་དང་མཚན་རིག་གཉིས་ཀྱིས་བཤད་པའི་རྡུལ་དང་རྣམ་ཤེས་སོགས་ཀྱི་ཁྱད་པར༽
དེང་སང་ནང་ཆོས་དང་མཚན་རིག་པ་གཉིས་ཀྱི་རྡུལ་གྱི་སྐོར་དང། རྣམ་ཤེས་དང་འདུ་ཤེས་སོགས་ཀྱི་ཁྱད་པར་ལ་དཔྱད་ཞིབ་བྱེད་བཞིན་ཡོད། ཡིན་ཡང་དཔྱད་ཞིབ་ཀྱི་ཁ་ཕྱོགས་མི་མཐུན་པ་ཡིན། མཚན་རིག་པས་རྡུལ་ཆེ་ཆུང་ལ་གཙོ་བོར་མི་དཔྱད་པ་རྡུལ་དེ་ལ་བྱེད་ལས་དང། ནུས་པ་གང་ཞིག་ཡོད་མེད་དང་རྡུལ་དེ་རྫས་སྦྱོར་བྱས་ནས་དངོས་པོ་གང་ཞིག་བཟོ་ཐུབ་མིན་གཙོ་བོར་བཟུང་ཡོད།


  
བསམ་ཚུལ། 29 བཀླཌ་ཐེངས།: 7582  

ཤོག་ངོས། 1 ནས། 2
| -