ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

སྨར་ཁམས་ཀུན་དགའ།



14.12.2012 05:07:44

སྐུ་ཉིད་མཇལ་བ་དང་བྲལ་བ།
ཞི་བདེའི་ལྷ་བྱ་དཀར་པོ་ལགས།
ཁྱེད་རང་ཕེབས་པའི་སྔ་ནུབ་དེ་ནས།
ང་ཚོ་ནི་དགའ་བཞིན་སྤྲོ་བཞིན་འཛུམ་མདངས་ཀྱི་མེ་ཏོག་བཞད།
  གངས་དཀར་སེམས།
བསམ་ཚུལ། 1 བཀླཌ་ཐེངས།: 1411  

13.12.2012 10:08:26

བགྲོད་ལམ་ཀྱག་ཀྱོག་དེད་དེ།།
མེ་འཁོར་སྦྲུལ་བཞིན་བཞུགས་ནས།།
གློག་འོད་སྐར་ཚོགས་བཀྲམ་པའི།།
རྒྱལ་ས་ལྡི་ལིར་འབྱོར་སོང་།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1519  

13.12.2012 09:58:38

གང་གཱའིཀླུང་གི་བྱེ་མ་སྙེད་བཞིན་སེམས་ཅན་གྲངས་མེད་ཚད་མེད་ལ།།
བལྟ་བས་མི་བཟོད་སྡུག་བསྔལ་གསུམ་གྱིས་རབ་ཏུ་མནར་བར་གཟིགས་ནས་ནི།།
མགོན་སྐྱབས་སླད་དུ་གངས་ཅན་ལྗོངས་འདིར་སྤྲུལ་པ་མང་པོས་དོན་བྱས་པའི།།
གང་ལ་གང་མཐུན་དེ་ལ་དེ་སྟེར་ཤཱཀྱའི་དགེ་སློང་སྤྱི་བོར་བླངས།།

  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 1489  

26.11.2012 02:56:16

མཛའ་ཤིང་བརྩེ་བའི་ཤམ་བྷ་ལའི་དྲྭ་གྲོགས་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུས། ད་ཐེངས་ཤམ་བྷ་ལའི་དྲྭ་ཚིག་འདི་སྒོ་ཕྱེད་ཐུབ་པར་དགའ་པོ་བྱུང་ལ་ཁྱེད་རྣམ་པ་དང་སླར་ཡང་མཇལ་རྒྱུ་བྱུང་བར་དེ་བས་ཀྱང་དགའ།མཚམས་དེ་ན་གུས་པའི་དུས་ཚོད་ཀྱིས་རྐྱེན་པས་འབྲི་མ་ཁོམ་བར་དགོངས་དག་ཞུ་རྒྱུ་དང་མ་འོང་པར་གང་མང་འབྲི་ཐུབ་པར་བྱ་ཆོག
  
བསམ་ཚུལ། 2 བཀླཌ་ཐེངས།: 1291  

09.03.2012 09:45:56

གསུམ་བཅུ་དུས་དྲན་དེ་འཆར་ལ་ཉེ་བས།
སྐྱོ་གདུང་གི་རྨ་ཁ་དེ་བཤིག་ནས་སོང།
ཁོ་བོས་སང་ཉིན་ཡིད་ལ་འཁོར་དུས།
བརྗོད་མི་ཤེས་པའི་གཏམ་ཚོགས་ཤིག་གིས་འཚང་སྟེ།

  
བསམ་ཚུལ། 3 བཀླཌ་ཐེངས།: 1303  

03.03.2012 22:45:53

ཉོན་མོངས་དུག་གསུམ་རབ་ཏུ་སྒྲིབ་པའི་ཐ་ཤལ་ང་ཡི་མིག་ལམ་དུ།།
སྣང་བ་མ་དག་བཤེས་གཉེན་དམ་པ་སོ་སྐྱེ་རང་འགའ་བར་སྣང་ཡང༌།།
འདུ་ཤིས་བཙན་པོས་སངས་རྒྱས་དངོས་ལ་དད་པའི་མདའ་མོ་འཕངས་བཞིན་དུ།།
ལུས་ངག་ཡིད་གསུམ་ཀུན་ནས་བླངས་ཏེ་བླ་མའི་ཞབས་ལ་གུས་ཕྱག་འཚལ།།

  
བསམ་ཚུལ། 7 བཀླཌ་ཐེངས།: 1450  

18.02.2012 03:42:08

རྩ་ཐང་གི་མེ་ཏོག
ཁོ་བོས་ཕྱིར་དྲན་ཐེངས་ཤིག་གིས།
ཁྱེད་ལ་འཚམས་འདྲིས་བྱས་ཤིང་།
དྲན་འཛིན་གྱི་མེ་ལོང་ངོགས་སུ་བསྲུས།
ཁོ་བོའི་བྱིས་པའི་ལོ་ཟླའི་ནང་།
ཁྱེད་དང་མཉམ་དུ་རྩེད་དགའ་ལ་སྤྲོ།

  
བསམ་ཚུལ། 4 བཀླཌ་ཐེངས།: 1524  

13.02.2012 09:20:20

ཕ་ཞིང་ཕ་ཁྱིམ་བཙོང་སྟེ།། ཕྱི་རྒྱལ་ཡུལ་དུ་འཕུར་སོང༌།། བུ་ཕྲུག་ཚ་ཕྲུག་བརྒྱུད་དེ།། གཞན་ལ་འཚོང་འདོད་ཨེ་ཡོད།། ལག་འཁྱེར་རྫུན་བཟོས་བྱས་ཏེ།། ཕྱི་རྒྱལ་ཡུལ་དུ་འཕུར་སོང༌།། རང་རྒྱུད་གངས་ཅན་གཤིས་བཟང༌།། རྫུན་བཟོ་བྱ་འདོད་ཨེ་ཡོད།། གངས་ལྗོངས་དམྱལ་ཁམས་བལྟས་ཏེ།། ཕྱི་རྒྱལ་ཡུལ་དུ་འཕུར་སོང༌།། འཆི་མེད་ཚེ་ཡི་རིལ་བུ།། སྒོར་མོར་འགྱུར་རྒྱུ་ཨེ་འདུག།

  
བསམ་ཚུལ། 0 བཀླཌ་ཐེངས།: 1427  

24.11.2011 23:42:53

རློམ་པའི་ལག་འཁྱེར་མཐོན་པོར་ངོམས་པའི་གྲུ་ཟུར་ན།།
གནས་ལུགས་རྒྱུ་མཚན་ལམ་བུ་དབེན་པའི་གཞི་མདོ་ན།།
ཉམ་ཆུང་བུང་བ་ཤི་མེད་གསོན་གྱི་གནས་ལུགས་འདི།།
ལས་དབང་བཙན་པོས་ཕོ་ཉ་གཏང་བའི་སྔོན་རྟགས་སམ།།

  
བསམ་ཚུལ། 0 བཀླཌ་ཐེངས།: 1651  

29.10.2011 06:04:43

༢༠༡༡ ཟླ་ ༡༠ ཚེས་ ༡༩་དང་ ༢༠ དེ་བཞིན་༢༡བཅས་ཉིན་གསུམ་རིང་གི་ཉིན་ཐོ། ཟླ་འདིའི་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་སྐྱ་རེངས་གསར་པས་སྔོན་བརྡ་བཏང་བ་དང་།  ང་དང་ངའི་ཤག་རོགས་གཉིས་གཉིད་ལས་གདང་སྟེ་འབྲས་སྤུངས་བླ་སྤྱིའི་ཕྱོགས་སུ་བཟས་ བཅད་ངོ་རྒོལ་དུ་གོམ་ཁ་བསྒྱུར་ཅིང་།   གྲྭ་མང་དང་མི་མང་བཅས་རྟ་དམག་སྤང་ཐང་དུ་བཞུད་པ་བཞིན་རྨིག་སྒྲ་དང་བཅས་བླ་སྤྱིའི་སྒོ་ཆེན་གྱི་ཕྱོགས་སུ་རྒྱུག་ཡོང་གི་འདུག


  
བསམ་ཚུལ། 2 བཀླཌ་ཐེངས།: 1685  

10.10.2011 05:17:08

ཁྱེད་ཀྱི་ཆེད་དུ་ཚེ་སྲོག་གི་མཆོད་མེ་འབུལ།
ཚེ་སྲོག་དང་ཟུང་ཁྲག་གངས་དཀར་གྱི་སུལ་ནས་ཡོང་།
མགོ་བོ་དང་ལག་ཟུང་གངས་དཀར་གྱི་རྩེ་ལ་བསྒྲེངས།

བསམ་གཞི་དང་ལ་རྒྱ་གངས་དཀར་གྱི་ཕྱོགས་སུ་གཏད།

རེ་བ་དང་འདུན་པ་གངས་དཀར་གྱི་སུལ་ན་སྦས།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 2035  

09.10.2011 05:02:03

མིག་མདུན་ན་སྤོར་བའི་ལུས་སྲོག་གི་མཆོད་མེ།
མིག་མདུན་ན་སྤོར་བའི་ལུས་སྲོག་གི་མཆོད་མེ་རེ་རེ།
བྲེལ་ཟིང་གིས་གཡོ་བའི་ཡུལ་ལུང་ན།
ལྷག་རླུང་དང་འགྲོགས་ཏེ་མེས་པོའི་རྣམ་ཤེས་བསུ་མ་བྱེད།
རེད་ཡ༌༌༌༌༌༌༌༌།

  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 1973  

22.08.2011 05:31:26

སྡུག་བསྔལ་རྣལ་མ་བསྐྱེད་པའི་གཡུལ་སའི་ངོགས།།
ལྟ་གྲུབ་བསམ་པ་མི་མཐུན་འཁྲུག་ཆའི་ཁྲོད།།
འགྲོ་བའི་བདེ་སྡུག་རྣམ་པ་འབྱེད་པའི་ཆེད།།
རང་སྲོག་བློས་བཏང་དཔའ་རྒོད་རྣམས་ལ་དུད།།

  གངས་དཀར་སེམས།
བསམ་ཚུལ། 4 བཀླཌ་ཐེངས།: 2299  

19.08.2011 22:11:07

གསོལ་འདེབས།།

  གངས་དཀར་སེམས།
བསམ་ཚུལ། 4 བཀླཌ་ཐེངས།: 2379  

20.06.2011 05:08:21

དྲྭ་གྲོགས་རྨྱི་རྡོ་ལགས། དགེ་བསྐྱེད་ལགས་ཀྱི་ཟིན་བྲིས་འོག་བཀོད་པའི་དྲི་བ་ཁག་ལ་ལན་འདེབས་ཞུས་ཡོད་པས་གཟིགས་གནང་ཡོང་བ་ཞུ།།


  
བསམ་ཚུལ། 1 བཀླཌ་ཐེངས།: 2307  

04.06.2011 05:32:40

ངའི་བླ་སྲོག་ཡ༌༌༌༌༌།        སྐད་ཡིག
མཐུན་སྒྲིལ་གྱི་ལམ་སྣ་འཁྲིད།
མི་རིགས་ཀྱི་གཞི་འཛིན་བྱེད།
བདེ་སྐྱིད་ཀྱི་ལམ་ལ་སྦྱར།
བདེ་སྐྱིད་ཀྱི་ཚོར་བ་སྟེར།
ནམ་ཡང་ཁྱོད་ལ་གཅིས་སྤྲས་བྱེད།

  གངས་དཀར་སེམས།
བསམ་ཚུལ། 3 བཀླཌ་ཐེངས།: 2519  

15.05.2011 22:55:22

གཞས་མ་དབྱངས་ཅན་ལྷ་མཛེས་ལགས་ཀྱིས་བཏང་པའི་༼ངའི་མི་རིགས་༽ཞེས་པའི་གཞས་ཉན་པའི་མྱོང་ཚོར་སྙན་ངག་ཆུན་པོ།

  གངས་དཀར་སེམས།
བསམ་ཚུལ། 5 བཀླཌ་ཐེངས།: 3617  

09.05.2011 11:12:26

སྡུག་བསྔལ་མིག་ཆུ་ཡིས་བསྐྲུན་པའི་ལྷོ་མཐར།


  གངས་དཀར་སེམས།
བསམ་ཚུལ། 5 བཀླཌ་ཐེངས།: 3586  

22.04.2011 22:28:57

ཁེར་རྐྱང་གི་སེམས་པ།
བརྗོད་ཀྱང་སྡུག་བསྔལ་མི་སེལ་སྐྱོ་གདུང་གི་སེམས་པ།

དྲན་འཛིན་གྱི་མེ་ལོང་མདུན་དུ་བསུ་སྟེ།
འདས་དུས་ཀྱི་རྨ་ཁར་ཞོབ་ལྟ་བྱེད།


  གངས་དཀར་སེམས།
བསམ་ཚུལ། 1 བཀླཌ་ཐེངས།: 2822  

11.04.2011 10:13:42

གཅུང་མོ་རྙེད་པ།
མ་བསམ་ཁེའུ་ཁེའུ་རྒྱུད་ནས་ཐུག་པའི་སྒྲོལ་མ་ལགས།།
མ་གྲོས་གཅིག་མཐུན་གཅེན་གཅུང་བརྩི་བའི་སྒྲོལ་མ་ལགས།།
མ་གྲོལ་བརྩེ་བའི་མདུད་པ་བརྩེགས་པའི་སྒོལ་མ་ལགས།།
མ་སྙན་སྙན་ངག་འཕྲིན་ཐུང་འབུལ་ཡོད་གཟིཊ་རོགས་ལགས།།

  གཅེན་པོའི་སེམས་ཀྱི་ཕོ་ཉ།
བསམ་ཚུལ། 4 བཀླཌ་ཐེངས།: 3304  

ཤོག་ངོས། 1 ནས། 2
| -