ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

བྲག་འགོ་དཀོན་མཆོག་དར་རྒྱས།


བྲག་དཀོན།

08.02.2013 02:47:58

རྩོམ་པ་པོ་ཚེ་རིང་རྒྱལ་མཚན་གྱིས་བོད་ཀྱི་མཁས་པ་ཆེན་པོ་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་བརྩམས་པའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་གྱི་ལོ་རྒྱུས་དེའི་ནང་གི་ཚིག་དོན་གཉིས་ཀ་ལ་དགག་སྒྲུབ་གང་མང་མཛད་འདུག

  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 2309  

06.12.2012 11:22:44

ཐལ་རྡུལ་དང་དུད་སྨུག་གིས་མཁའ་དབུས་འཚངས་བའི་དྷི་ལི་རྙིང་པ།
ཚོན་མདོག་སྣ་ཚོགས་ཅན་གྱི་རས་གོས་གྱོན་ཞིང་སེམས་ཁམས་ཆོས་ལུགས་དང་སྲོལ་རྒྱུན་གྱིས་བཅིངས་པའི་དྷི་ལི་བ།
རྨོངས་དད་དང་སྒེར་གཤིས་ལ་བློ་མིག་བཅོལ་བའི་དྷི་ལི་བ།
ཁ་དོག་ནག་ལ་འཚོ་བའི་གནས་བབ་ཧ་ཅང་ཞན་པའི་མི་ཚོགས་སྟོང་ཕྲག་རེ་ཁྲོད་དུ་གདོང་མདོག་ལེགས་པའི་ཕོ་མོ་རེ་གཉིས་ལས་མཐོང་རྒྱུ་མེད་པའི་དྷི་ལི་བ།
  
བསམ་ཚུལ། 2 བཀླཌ་ཐེངས།: 1472  

25.11.2012 03:29:11

དགེ་བཅུའི་ཁྲིམས་ལ་བརྩི་སྲུང་མི་བྱེད་པ་རྣམས་ནི་ཆོས་པ་ཡིན་ཡང་སྡིག་རྒན་དང་། བོད་མི་ཡིན་ཡང་ལྟ་ལོག་པའི་གྲལ་དུ་འགྲོ་བ་ཙམ་དུ་མ་ཟད། དགེ་བཅུའི་ཁྲིམས་འདི་དེངས་སང་གསར་དུ་བཟོས་པ་ཞིག་མ་རེད་ལ། འདི་ནི་ཆོས་རྒྱལ་ཚོའི་སྐུ་དུས་སུ་མེས་པོ་བཀའ་དྲིན་ཅན་རྣམས་ཀྱིས་ང་ཚོར་གནང་བའི་ཕྱག་རྗེས་ཡིན་པས། དེ་ལ་མི་དགའ་མཁན་མགོ་མཁྲེགས་ཀླད་རྒྱ་ཆུང་ཆུང་ཅན་རེ་གཉིས་ཡོད་ཀྱང་རྒྱུ་མཚན་ ཅི་ཡང་མེད་ཚུལ་གཤམ་དུ་གསལ་བཤད་བྱས་འདུག་གཟིགས་པར་ཞུ།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1820  

23.11.2012 10:54:42

སྤྱིར་འགྲོ་བ་མི་ལ་ཚེ་སྲོག་རེ་རེ་ཡོད་པ་ནང་བཞིན་བོད་མི་རྣམས་ལ་ཚེ་སྲོག་རེ་རེ་ཡོད་པ་ནི་རྩོད་མེད་ཅིག་ཡིན་ནོ། ཡིན་ན་ཡང་། སྤྱི་བཏང་ཀྱི་ཆ་ནས་འཛམ་བུ་གླིང་གི་མི་རིགས་གཞན་དང་འདྲ་བར་རང་རེ་བོད་མི་སྤྱི་ལ་དབང་བའི་ཚེ་སྲོག་གཅིག་མ་གཏོགས་མེད། དེ་ནི་བོད་ཀྱི་སྐད་ཡིག་གཅིག་པུ་དེ་ཡིན། བོད་ཀྱི་སྤྱི་སྐད་བོད་ཡིག་ཡིན་ལ་དེ་དང་མཐུན་པའི་སྐད་ཆ་རྣམས་ཀྱང་བོད་པའི་སྤྱི་སྐད་ཡིན།
  གངས་དཀར་སེམས།
བསམ་ཚུལ། 2 བཀླཌ་ཐེངས།: 1415  

23.01.2012 12:32:52

བོད་མདོ་ཁམས་བྲག་མགོ་རྫོང་ཐོག་ཏུ་ཕྱི་ལོ་༢༠༡༢་པའི་་་ཟླ་་༠༡་པོའི་་ཚེས་་༢༣་་ཉིན་གྱི་ཞོགས་པ་བོད་མི་མང་པོ་གློ་བུར་དུ་ལྷན་དུ་འཛོམས་ནས་རྒྱ་ནག་གཞུང་ལ་ཞི་བའི་སྐད་འབོད་བྱས་འདུག་པ་དང་། འབོད་ཚིག་ནི་བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་ལ་གདན་ཞུ་དགོས་སོགས་ཀྱིས་སྐད་འབོད་བྱས་འདུག དེ་ལྟར་གཞིས་ལུས་སྤུན་ཟླ་རྣམས་གྱེན་ལངས་དགོས་དོན་གཙོ་བོ་ནི།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 1 བཀླཌ་ཐེངས།: 1607  

19.01.2012 10:22:50

ཚ་བ་མདའ་སྨྱུག་ཞེས་བརྗོད་དུས་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་ནམ་བོད་ཡིག་ཤེས་མཁན་མང་ཆེ་བའི་གླེང་གཞི་རུ་གྲུབ་ཚར་བའི་མི་ཞིག་རེད། མདའ་སྨྱུག་དང་བདག་གི་འབྲེལ་བ་ནི་ཐུན་མིན་ཞིག་མིན་ལ་མཐུན་མོང་ཡང་མིན། འདོར་ན་འབྲེལ་བ་ཅི་ཡང་མེད་ཟེར་ཆོག ང་རང་དྲ་ཐོག་ཏུ་འཁྱམ་ཉུལ་བྱེད་མཁན་ཞིག་གི་ཆ་ནས་མདའ་སྨྱུག་དང་ཁོས་རྩོམ་ཡིག་གིས་བདག་ལ་ཟུག་གཟེར་དྲག་པོ་ཤིག་བླང་མྱོང་།

  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
བསམ་ཚུལ། 36 བཀླཌ་ཐེངས།: 3974  

14.01.2012 10:09:57

སྒྱུ་འཕྲུལ་ལྷ་ཁང་ཆེན་མོ་ནི་བླ་རུང་སྒར་གྱི་ནུབ་རྒྱུད་ཕྱོགས་སུ་ཡོད་ཅིང་༧ཆོས་རྗེ་མཆོག་གིས་ཕྱག་བཏབས་མཛད་པ་ཞིག་ཡིན། ལྷ་ཁང་འདིའི་ཆེ་ཚད་ནི་རྒྱུན་ལྡན་གྱི་འདུ་ཁང་དག་གི་ཁང་རྩེག་མཐོ་དམའ་རེ་རེ་དང་འདྲ་བ་དྲུག་ཙམ་གྱིས་མཐོ་བ་ཡོད་ལ། སྒྱུ་འཕྲུལ་ལྷ་ཁང་ཆེན་མོའི་མཐའ་འཁོར་དུ་༧་ཆོས་རྗེ་མཆོག་གིས་ཐུགས་རེ་བཞིན་བོད་རྒྱུད་ནང་བསྟན་རིག་པའི་ཆོས་རྒྱུད་ས་དགེ་བཀའ་རྙིང་སོགས་ཀྱི་ཆོས་རྒྱུད་ཆེན་མོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ལྷ་ཁང་རེ་རེ་བཞེངས་ཡོད་ལ། དེ་མིན་རྫོང་ཁག་ཁ་ཤས་ཀྱིས་དམིགས་གསལ་གྱིས་ལྷ་ཁང་དང་བཅས་པའི་ལྷ་ཁང་རྟེན་གསུམ་རྩ་ཆེན་པོ་ཤིན་ཏུ་མང་ལ། ཐོག་རྩེག་འོག་མ་ཧ་ཅང་རྒྱ་ཆེ་ཙམ་ཡོད་ཅིང་མཐའ་འཁོར་དུ་མ་ཎི་འཁོར་ལོའི་སྐོར་ནས་ཡོད། གནས་འདིར་བོད་ཡུལ་སྟོད་སྨད་བར་གསུམ་ནས་གནས་མཇལ་བ་རྒྱལ་ས་ལྷ་སའི་རྗེས་སུ་ཆོས་སྒར་འདི་ཉིད་རྩ་ཆེན་དུ་རྩིས་ནས་ཉི་མ་རེ་རེ་བཞིན་དད་ལྡན་རྒྱ་ཕྲག་མང་པོ་རྟེན་འདི་དང་ཆོས་གྲྭ་ཆེན་མོའི་མཚན་སྙན་ལ་དད་གུས་མོས་གསུམ་གྱིས་ཡོང་གི་ཡོད།


  འཇིག་རྟེན་སྣང་བའི་འདྲེན་ཤུགས།
བསམ་ཚུལ། 0 བཀླཌ་ཐེངས།: 4339  

04.01.2012 11:12:42

ཟིན་བྲིས་བསྡུས་མ་གཉིས་དུས་གཅིག་ལ་གཏོང་དོན་ཅིའི་ཕྱིར་ཡིན་ཞེ་ན། ཤམ་བྷ་ལའི་དྲྭ་ངོས་སུ་ཟིན་བྲིས་ཚན་པ་མང་པོ་ཞིག་བཏངས་བསྡད་ན་ཡག་པོ་རང་མི་འདུག། ང་ནི་ཟིན་བྲིས་པ་ཚད་ལྡན་ཞིག་མིན་པ་དང་། ཟིན་བྲིས་པ་མཁས་དབང་རྣམས་ཀྱིས་ས་མིག་དང་སྒོ་བཀག་འདོད་མི་འདུག་པས་ཡིན། དེ་ནས་སྐུ་ཉིད་ཀྱིས་ངའི་ཟིན་ཚོམ་གཉིས་ལ་བལྟ་འདོད་ན་གཤམ་ལ་ཕེབས་ཤོག།Surprised


  ཡ་མཚན་ཅན་གྱི་གནས་ཚུལ།
བསམ་ཚུལ། 1 བཀླཌ་ཐེངས།: 1946  

29.12.2011 11:39:48

ཡི་གེ་འདི་བོད་མི་ཙམ་པོ་བ་ལ་རྒྱ་རྫུན་མ་ཁ་ལ་ཁྱེར་མཁན་འདྲེ་དེ་ལ་ཡིན། རྩོམ་པ་པོ་རྣམས་ནི་གཤིབ་བསྡུར་གྱིས་དྲང་ཚུགས་ཅན་དང་འཇིག་རྟེན་ན་གནས་ལུགས་དངོས་བརྗོད་མཁན་གཅིག་པུ་དེ་ཡིན་པས། སྨྱུག་གུ་ལག་ཏུ་ཐོག་མཁན་རྒྱ་ཆེའི་རྩོམ་པ་པོ་ཡོང་ལ་གུས་འདུད་དང་རྗེས་སུ་ཡིད་རངས་ཡོད། ཡིན་ན་ཡང་བཙན་བྱོལ་ནང་གི་དྲྭ་ཚུགས་ག་གེ་མོའི་ནང་དུ་སེམས་པ་བདུད་ཀྱིས་རླན་ཟིན་པས་སྨྱུ་གུ་ཅན་ཁ་ཤས་ཡོད་པ་རྣམས་ནི་སྔར་ཡང་བདུད་དང་ད་དུང་ཡང་བདུད་དང་འདྲེ་རང་ཡིན།

  གངས་དཀར་སེམས།
བསམ་ཚུལ། 1 བཀླཌ་ཐེངས།: 1684  

02.12.2011 02:29:36

རང་རེ་རྣམས་བོད་མི་ཞིག་གི་ལས་སྐལ་ཐོབ་པ་ནས་མི་རིགས་འདིའི་བདེ་དོན་ལ་སེམས་ཁུར་ཡོད་པ་ཚང་མ་གཅིག་མཚུངས་ཡིན་སྟབས་ཡག་ཉེས་ཕྲན་བུའི་འགྱུར་འགྲོས་ལ་ཕྱོགས་ལྷུང་གིས་གཏམ་བརྗོད་ཙམ་མིན་པར། ང་བོད་མི་ཞིག་ཡིན་ཟེར་བའི་མཚོན་དོན་གཅིག་ནི་བོད་མིའི་བདེ་སྡུག་རིང་མོའི་དཀྱོག་མཚམས་སུ་སེམས་ཚོར་དང་སྙིང་གཏམ་སོགས་ཉན་མཁན་མི་གཅིག་ལས་མེད་ཀྱང་། ཤེས་འཇོན་ཡོད་མེད་གཅིག་པུ་ལ་ཁ་གཡར་ནས་མི་འདུག་པར་གྲོས་རེ་འདེབས་ཀྱི་ནི་བོད་མི་རང་རང་སོ་སོའི་འགན་ཁྲི་ཡིན་པར་བསམ་སྟེ་ལྷག་བསམ་རྣམ་དག་གིས་འདི་ལྟར་བཤད་འདོད་བྱུང་།

 


  བོད་ཀྱི་དཔའ་རྒོད།
བསམ་ཚུལ། 4 བཀླཌ་ཐེངས།: 2185  

28.11.2011 06:01:30

སྣེ་ལེན་ཁང་གི་དོགས་གཞི་དེས་ཨ་མ་རྒན་མོ་ལ་ངུ་ཁ་བགོད་ཁ་གཉིས་ཀ་སློང་འདུག ཁྱིམ་མཚེས་ཚང་གི་ཨ་མ་རྒན་མོས་ཉི་མ་གསུམ་གྱིས་སྔོན་ཙམ་དུ་ངོ་འཛུམ་ཆུང་དང་བཅས་ངེད་ཚང་གི་སྤུན་མཆེད་ཞིག་དང་གྲོང་སྡེ་གཅིག་པ་ཡིན་པ་བྱིས་པ་ཁ་ཤས་ཤིག་བོད་ནས་གསར་དུ་བལ་ཡུལ་བོད་ཀྱི་སྣེ་ལེན་ཁང་དུ་སླེབས་འདུག་ཟེར་ནས་དགའ་ཐག་ཆོད་འདུག་ལ།

 

 


  གངས་དཀར་སེམས།
བསམ་ཚུལ། 7 བཀླཌ་ཐེངས།: 2193  

23.11.2011 04:40:31

སྟོང་ལོ་གསར་བའི་ལོ་ནག་འདིའི་ནང་།།

ས་ཡ་དྲུག་གི་བདེན་དོན་མ་འགྲུབ།།

ངེས་མེད་ཡུལ་དུ་འཚོ་བ་གཅོང་པོས།།

ལུས་སེམས་གཉིས་ཀ་སྡུག་གིས་གཟིར་སོང་།།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 4 བཀླཌ་ཐེངས།: 3374  

16.11.2011 20:36:30

གཏམ་དེའི་རིགས་སླེབས་སྟངས་འདྲ་མིན་ཡོད་པ་ལས། གཅིག་གིས་བྱུང་རབས་ཕྲན་ཙམ་བཤད་ན། ངའི་གྲོགས་པོ་ཞིག་གིས་རྒྱའི་སྐད་ཡིག་དང་དབྱིན་ཡིག་གཉིས་ཀ་སྦྱོང་བཞིན་ཡོད། ཁོང་ནི་ང་དང་ལུང་ཚན་གཅིག་པའི་འབྲོག་མི་ཞིག་ཡིན་ལ་རྒྱུན་དུ་གླེང་མོལ་བྱེད་དུ་འགྲོ་གི་ཡོད། གླེང་མོལ་བ་རྣམས་ཀྱིས་སྤྱི་སྟངས་གཞན་གྱི་སྐད་ཡིག་ཡར་རྒྱས་ཆེད་དུ་ཡིན་པ་དང་ངའི་གྲོགས་པོ་ཡང་རྒྱུན་དུ་གླེང་མོལ་འགྲོ་རྒྱུ་དགའ།

  རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 4 བཀླཌ་ཐེངས།: 2133  

12.11.2011 23:38:40

གནས་སྟངས་དེ་ཛ་དྲག་ཞིག་ཡིན་པའི་དབང་དུ་བཏངས་ན་དེ་ནི་ཕྱི་དགྲ་བོའི་བཟོས་པ་མ་ཡིན་པར་རང་མིས་རང་རིགས་བསླགས་བཞིན་པའི་གནས་ཚུལ་རྫབ་ཆེན་ཞིག་ལ་ངོས་འཛིན་ཞུ་མི་ཆོག་གམ་སྙམ་་་་་་་་་་་་དྷ་སའི་ཁོར་ཡུག་ཆུང་ཆུང་འདིར་མི་ཚོགས་ཧ་ཅང་མང་པོ་ཟང་ཟིང་ངང་འདུ་གནས་ཤིག་ཏུ་གྱུར་ཡོད། སྔ་དུས་སྟེ་བོད་མིས་ཡུལ་དང་ལུང་པ་མ་ཤོར་བའི་ཡར་སྔོན་ཙམ་དང་ད་ལྟའི་ང་ཚོ་འུ་ཐུག་ཐབས་ཟད་མ་གྱུར་བའི་ཡར་སྔོན་དུ་རི་བོ་འདི་ལྷིང་འཇགས་ཆེ་བར་བཤད།

  
བསམ་ཚུལ། 0 བཀླཌ་ཐེངས།: 2031  

28.07.2011 07:08:35

མཁན་པོ་བསོ་དར་རྒྱས་མཆོག 索达吉堪布 Khenpo Sodargye.མཁན་པོ་བསོད་དར་རྒྱས་མཆོག་ནི། ད་ལྟའི་བྲག་མགོ་རྫོང་གི་ཆར་གཏོགས་ལི་ཁོག་སྨད་མ་ཞེས་པའི་འབྲོག་སྡེ་ཞིག་ནས་སྐུ་འཁྲུངས་ཤིང་། དེ་ནས་རིམ་གྱིས་ཡུལ་དེར་སློབ་ཆུང་དང་སློབ་འབྲིང་མཐར་སོན་པ་དང་། རྗེས་སུ་༧་ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་ཆོས་སྒར་གསེར་རྟ་བླ་རུང་ཆོས་ཀྱི་གྲོང་ཁྱེར་ནས།


  འཇིག་རྟེན་སྣང་བའི་འདྲེན་ཤུགས།
བསམ་ཚུལ། 4 བཀླཌ་ཐེངས།: 10336  

12.07.2011 22:17:27

མདོར་བསྡུས་ན་ང་བོད་དང་བོད་མིར་ཧ་ཅང་དགའ།
1བོད་མི་རྒན་གཞོན་ཧ་ཅང་མང་པོའི་བོད་ཀྱི་བདེ་སྐྱིད་ལ་རེ་ནས།
རྒྱུས་མེད་མི་ཡུལ་འདིར་རུས་པ་འཐོར་བཞིན་པ་ནི།
ཆེས་ཡིད་སྐྱོ་བའི་གནས་སུ་མཐོང་།
བསམ་ཚུལ། 4 བཀླཌ་ཐེངས།: 3255  

27.04.2011 11:09:33

བཀའ་ཁྲི་བློ་སེང་མཆོག་ལ།།
བཀྲ་ཤིས་དུས་བཟང་ཉིན་འདིར།།

གྲོ་མ་མར་ཁུའི་མཆོད་བཞིན།།
བསམ་དོན་འགྲུབ་པར་སྨོན་ཡོད།།


  གངས་དཀར་སེམས། | རྡོག་རྩ་ཆིག་སྒྲིལ།
བསམ་ཚུལ། 11 བཀླཌ་ཐེངས།: 6640  

26.04.2011 13:14:31

འདི་ལོའི་ཕྱི་ཟླ་་༠༣་་པའི་ཚེས་་༡༦་་ཉིན་ཨམ་མདོ་རྔ་བ་ཀིརྟི་དགོན་དུ་གྲྭ་ཕུན་ཚོགས་ལགས་ཀྱིས་སླར་ཡང་ཞི་བའི་ངང་བོད་བསྟན་པ་ཆབ་སྲིད་དང་བཅས་ལ། རྒྱ་ནག་གཞུང་གིས་ངེས་པར་དུ་རང་དབང་སྤྲད་དགོས་ཞེས་ཞི་བའི་འབོད་སྒྲ་སྒྲོགས་པ་དང་ཆབ་ཅིག་ཏུ། ཤིན་ཏུ་གཅེས་པའི་ལུས་སྲོག་ཀྱང་མེར་བསྒྲོན་ཏེ་ཧ་ཅང་ཡིད་སྐྱོའི་གནས་ཚུལ་ཐོན་པ་ཡོད་ལ།


  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
བསམ་ཚུལ། 2 བཀླཌ་ཐེངས།: 3171  

22.04.2011 12:43:06

ཕ་ཡུལ་ནས་ང་ཚོ་ལ་འཕྲིན་ཡིག་ཞིག་འབྱོར་འདུག དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེ། ཁྱིམ་ཚང་ཞིག་གི་ཐབ་ཚང་ནས། གཟིམས་མ་མྱོང་བའི་མར་མེ་ཚེ་འབར་ལགས། ད་ཕྲུག་ཁྱུ་ཡིས་རེ་སྒུག་གི་འདུན་མ། བཅངས་བའི་སེམས་ཀྱི་ཡབ་ཆེན་ལགས། ངས་ཁྱེད་ལ་ཞུ་འཕྲིན་སེམས་ཀྱི་མཆོད་པ་ཕུལ།
  ཆོལ་གསུམ་བོད་ཀྱི་ན་གཞོན་དཔུང་སྡེ།
བསམ་ཚུལ། 4 བཀླཌ་ཐེངས།: 7428  

07.04.2011 13:55:14

ཕོ་དབང་རལ་གྲིས་བཅད་ན་ཉེས་པ་དང་། མ་བཅད་ན་དགེ་ཕན་ག་རེ་ཡོད་མེད་ཐད་གར་ཞུ་མི་ཤེས་ཡང་། ད་ལྟའི་བུ་ཆུང་འདིའི་ལས་དབང་ལ་བསམ་ནས་ཚིག་འབྲུ་རེ་གཉིས་མི་བཤད་ཐབས་མེད་རེད། བུ་ཆུང་འདིས་དགོངས་ཚུལ་འདི་ལྟར་མིན་ནམ་སྙམ། ཕོ་དབང་འདི་ལ་བརྟེན་ནས་འཇིག་རྟེན་འདིར་དུས་དང་རྣམ་པ་ཀུན་ཏུ་ཆོས་དང་ཆབ་སྲིད་གཉིས་ཀར་ཆག་སྒོ་གྲངས་ལས་འདས་པ་བསློང་ཟིན་པ་མ་ཟད། དཔེར་ན་ཆོས་ཕྱོགས་ནས་བསམ་ན། བདག་ཅག་གི་བསྟོན་པས། སྲོག་བཅད་ལས་གཞན་སྡུག་པ་ཡོད་མ་ཡིན།

  
བསམ་ཚུལ། 12 བཀླཌ་ཐེངས།: 8013  

ཤོག་ངོས། 1 ནས། 5
| -