ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

དཔལ་གུང་ཟླ་བ།


ལས་དབང་དང་མིག་ཆུའི་རུམ་ཁ་ཉུལ་ནས་འདིར་འབྱོར་བ་ནི།

ཅི་ཞིག་ལ་དུངས་བས་ཡིན་སྲིད།


01.09.2015 09:23:49

མཐོང་སྣང་ཞིག
ཤར་ཕྱོགས་སྤྲིན་པ་དཀར་པོ།།
རྒྱང་རིང་འབྲུག་ལྟར་ལྡིང་གིས།།
ནུབ་ཕྱོགས་ཤེས་བརྩོན་སློབ་བུ།།
ཁེར་རྐྱང་ས་མཐར་ལྷག་སོང་།།


  
བསམ་ཚུལ། 0 བཀླཌ་ཐེངས།: 1413  

01.09.2015 09:03:50

 

དྲྭ་གྲོགས་རྙིང་པ་མང་པོ་སླར་ཡང་མཇལ་བ་དགའ་བསུ་དང་འཚམས་འདྲི་ཞུ། གུས་པ་འདིར་འབྱོར་ནས་ཟིན་བྲིས་ཤིག་འགོད་གྲབས་བྱས་ཀྱང་། ཟིན་བྲིས་འདིའི་སྒྲོམ་གཞི་ཚང་མ་བརྗེད་འདུག ཡིག་གཟུགས་ཡང་ཆུང་ཆུང་འདྲ་ཞིག་ཆགས་འགྲོ་བཞིན་འདུག གང་ལྟར་ཟིན་བྲིས་འགོད་སྟངས་ཀྱི་སྒྲོམ་གཞི་དེ་ཡག་པོ་ཞིག་ཤེས་མ་སོང་། དེར་བརྟེན་ངས་འདི་ནས་འཚམས་འདྲི་ཙམ་ཞུ་རྒྱུ་དང་འབྲེལ་རྩོམ་ཐུང་ཞིག་བཀོད་ཡོད།།


  
བསམ་ཚུལ། 0 བཀླཌ་ཐེངས།: 1253  

13.10.2014 10:13:09

བཀུར་འོས་དྲྭ་བདག་དང་། དྲྭ་གྲོགས་ཡོངས་ལ་གུས་ངས་ལག་སོར་སྙིང་ཁར་སྦྱར་ནས་མཚམས་འདྲི་ཞུ། ཕྱི་ལོ་ ༢༠༡༢། ཕྱི་ཟླ་ ༡༢། ཚེས་པ་ ༢༡། ནས་ད་བར་དུ་དྲྭ་སྟེང་འདིར་སླེབས་མ་ཐུབ་པས། ཁྱེད་དྲྭ་གྲོགས་རྣམས་བདེ་མོ་ཡིན་ནམ།


  
བསམ་ཚུལ། 2 བཀླཌ་ཐེངས།: 983  

21.12.2012 05:15:14

སྔོན་གླེང་། སྤྱི་ཚོགས་གང་འདྲ་ཞིག་དང་མི་བུ་སུ་འདྲ་ཞིག་ཡིན་ཡང་དེ་ལ་སྐྱོན་ཡོན་གཉིས་ལྡན་གྱི་ཆ་ཡོད་པ་ལས་སྐྱོན་ཆ་ཁོ་ན་དང་ལེགས་ཆ་འབའ་ཞིག་མི་ཡོང་བ་ནི་འཇིག་རྟེན་དངོས་པོའི་གཤིས་ལུགས་སུ་གྲུབ་པ་ཀུན་གྱི་སེམས་ནང་ཝ་ལེར་ཡོད།  མ་ཟད་མི་བུ་སུ་འདྲ་ཞིག་ཡིན་ཡང་ཆོས་འཇིག་རྟེན་གང་གི་ཐོག་ནས་ལེགས་སུ་འདོད་མཁན་ཤ་སྟག་ལས་ཉེས་ལམ་དུ་སྨོན་མཁན་ཞིག་མེད།


  
བསམ་ཚུལ། 7 བཀླཌ་ཐེངས།: 1799  

01.12.2011 03:30:01

གངས་ཅན་མེས་པོའི་ལ་རྒྱ་མཐོན་པོར་ཧི་མ་ལ་ཡི་དཔང་ལས་མཐོ།།
གདོང་དམར་ཚང་གི་ཕུགས་མདུན་རིང་མོར་རྒྱ་མོ་རྔུལ་ཆུའི་ཚད་དང་འཇལ།།
བསིལ་ལྡན་ལྗོངས་ཀྱི་ཤ་ཞེན་ཆུ་བོ་ཁྲི་ཤོར་རྒྱ་མོའི་ཟབས་གླིང་མཚུངས།།
ཀྱེ་མ་བདག་གི་མི་རིགས་འདི་ལ་དགོས་པའི་དོན་དགུ་མཐའ་དག་ཚང་།།

  
བསམ་ཚུལ། 0 བཀླཌ་ཐེངས།: 1844  

30.10.2011 23:54:14

༡༽དྲི་བ། གྲོགས་པོ་ལགས། ཐོག་མར་ཁྱེད་རང་གི་ལོ་རྒྱུས་འདོར་བསྡུས་ཤིག་གསུང་རོགས་གནང་། ལན།  ལགས་་་་་གུས་པའི་མིང་ལ་རྟ་མགྲིན་ཚེ་བརྟན་ཟེར། གུས་སྤྱི་ལོ༡༩༨༨ལོར་བོད་ཀྱི་གྲོང་ཁྱེར་ལྷ་སར་སྐྱེས། རང་ལོ་དྲུག་ནས་དགུ་བར་ལྷ་ས་སློབ་གྲྭར་ཕྱིན། ༡༩༩༧ལོར་རྒྱ་གར་དུ་འབྱོར་ཞིང་སྤྱི་ལོ་༢༠༠༥ལོར་འབྲས་སྒོ་མང་སློབ་གྲྭར་སློབ་མཐར་ཕྱིན།

  
བསམ་ཚུལ། 1 བཀླཌ་ཐེངས།: 1700  

24.10.2011 23:39:52

(1)
སྐར་མ་སྤུན་གསུམ།
མཐོ་སྒང་གི་སྐར་མ་སྤུན་གསུམ།
ཁྱེད་ཅག་ནི་འབྱུང་བཞིས་གནོད་མི་སྲིད་ལ།
སྟོབས་བཞིས་ཀྱང་འཇིགས་མི་ཐུབ་མོད།   འོན་ཀྱང་མདང་དགོང་གི་སྨུག་པ་སྐྱ་བོ་དང་།

  
བསམ་ཚུལ། 4 བཀླཌ་ཐེངས།: 1786  

17.10.2011 11:00:52

གདོང་དམར་ཞིང་པའི་སྔོན་མོ་འབྲུ་དྲུག་པོ་ཏ་ལ་ཡི་ས་ལ་བསྒྲེས།།
གངས་ཅན་འབྲོག་པའི་འོ་ཞོ་ཕབས་སྐྱ་པོ་ཏ་ཡི་རྡོ་ལ་བསྒྱུར།།
མེས་པོས་བསྙལ་བའི་ལོ་ཆང་ཁམ་པའི་ཆང་སྟོན་བོད་ལ་བྱ་རན་པས།།
ཤེས་ལྡན་མི་བུ་ཕྱོགས་བཞི་གར་ཡོད་པོ་ཏ་ལ་རུ་དྲོངས་ལ་ཤོགས།།

  
བསམ་ཚུལ། 1 བཀླཌ་ཐེངས།: 1899  

24.09.2011 02:26:08

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གནས་ཡོད་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བཙན་བྱོལ་བོད་མི་འདུས་སྡོད་གཞིས་ཆགས་གྲངས་ ༥༨་ལྷག་ཙམ་ཡོད་པ་རྣམས་རེ་རེ་ནས་ངོ་སྤྲོད་ཞིབ་གསལ་འདི་རྣམས།བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ལོ་རྒྱུས་དེབ་ཕྲེང་གསུམ་ལས་བསྡུས་འབྲི་བྱས་པ་ཡིན།


  
བསམ་ཚུལ། 4 བཀླཌ་ཐེངས།: 3951  

09.09.2011 10:22:36

ཁྲག་དང་མིག་ཆུའི་ཐིགས་པ་རེ་རེ་ཁ་འབབ་བཞི་ཡི་རྒྱུན་ལ་འདྲེས།།
ཤ་དང་རུས་པའི་གསས་མཁར་དགུ་ཐོག་ཧི་མ་ལ་ཡི་དཔངས་ལས་མཐོ།།
ཤི་གསོན་ཁ་བྲལ་ངུ་འབོད་རེ་རེས་མཁའ་དབྱིངས་འབྲུག་སྐད་ཟིལ་གྱིས་གནན།།
ཉམ་ཐག་མགོན་མེད་དམྱལ་ཁམས་དཀྱིལ་དུ་མིག་ཆུའི་འཕྲིན་གྱིས་ཤོག་བུ་བརླན།།

  
བསམ་ཚུལ། 4 བཀླཌ་ཐེངས།: 2274  

09.09.2011 00:12:37

ནོར་གླིང་གི་དུག་སྦྲང་། ཁ་སང་གུས་རྡ་སའི་ཉེ་འགྲམ་ནོར་གླིང་དུ་ཕྱིན་ནས་དེ་གར་དགོན་པ་ལ་སྐོར་ར་འགའ་ཤས་བརྒྱབས་ནས་འོག་གི་ཇ་ཁང་ཞིག་ནང་ཇ་འཐུང་བཞིན་པའི་སྐབས་ངའི་རྐང་པ་དང་ལག་པ་སོགས་ནས་ན་ཟུག་ཞིག་ལངས་བཞིན་འདུག་མོད། འོན་ཀྱང་ཤིང་སྡོང་གི་ལོ་མ་རྣམས་ནམ་རྒྱུན་དང་མི་འདྲ་བ་ས་སྟེང་དུ་ལྷུང་ལྷུང་ངང་གཅིག་རྗེས་གཉིས་མཐུད་ཀྱིས་འཛགས་བྱུང་།

  
བསམ་ཚུལ། 0 བཀླཌ་ཐེངས།: 1680  

05.09.2011 02:39:05

ཁ་སང་གི་རྒན་ལགས།
གོམ་རླབས་ཁྱར་ཁྱོར་ངང་
གཡང་གཟར་དང་བྲག་རོང་ད་དུང་།
གྲང་ཞིང་མཁྲེགས་པའི་གངས་རྒན་སོགས་རྡོག་འོག་ཏུ་མནན་ནས།
རང་སྲོག་དམར་པོ་འབེན་ལ་བཞག་ཞིང་།

  
བསམ་ཚུལ། 0 བཀླཌ་ཐེངས།: 2359  

31.08.2011 00:19:25

སྨག་རུམ་མུན་པའི་འགག་འཕྲང་དཀྱིལ་དུ་བཅོ་ལྔའི་ཟླ་བས་ཟིལ་མདངས་འཕྲོ།།
དྲག་ཆར་ནག་པོའི་རླུང་འཚུབ་ཁྲོད་དུ་ཟུམ་མེད་མར་མེས་རང་ཚུགས་མངོན།།
རིགས་རྒྱུད་སྟོང་ཉེའི་མི་རིགས་དབུས་ནས་རྒྱལ་གཅེས་དཔའ་བོ་གསོ་སྐྱོངས་བྱེད།།
ཀྱེ་མ་མ་ཡུམ་ས་རྭ་མཐོ་སློབ་མ་འོངས་བོད་ཀྱི་ལམ་འཁྲིད་ཡིན།།

  
བསམ་ཚུལ། 1 བཀླཌ་ཐེངས།: 1933  

28.08.2011 12:02:10

རྒྱུས་མངའ་མེད་པའི་རི་ལུང་ཡོངས་ཀྱི་ང་ལ་སྡིགས་མོ་བྱེད་བཞིན་འདུག།
རྒྱུ་མེད་སྤྲང་པོའི་རང་མཚང་ཤོར་ཡང་ང་ལ་དཕྱ་སྨོད་བྱེད་བཞིན་མཆིས།།
རྒྱུ་འབྲས་མེད་པའི་མགོ་སེར་འགའ་ཡིས་ང་ལ་འདྲེ་སྐད་རྒྱབ་བཞིན་བྲེལ།།
རྒྱང་རིང་ཨ་མ་དྲན་པའི་མིག་ཆུ་ཆར་ཆུ་ལྷན་དུ་མདུན་དུ་ལྷུང་།།

  
བསམ་ཚུལ། 4 བཀླཌ་ཐེངས།: 2773  

28.08.2011 05:45:09

སྡུག་གི་འཁུན་སྒྲ།                              
ས་གཞི་འགུལ་ཤིག་ཤིག་དང་།
ཆུ་བོ་ཤར་ཤར་དུ་འབབ་པ་རེམ་མོད།
འོན་ཀྱང་ང་ཚོའི་ཕུགས་འདུན་ནི།

  
བསམ་ཚུལ། 0 བཀླཌ་ཐེངས།: 2047  

16.08.2011 09:29:34

ཕ་ཁྱིམ་གྲུ་བཞི།
མ་ཡུམ་བསིལ་ལྡན་སློབ་གླིང་གྲུ་བཞི་ཡི་ནང་དུ།།
མཉམ་འཚར་བྱུང་བའི་སྙིང་གྲོགས་ཆུ་སྐྱེས་ཀྱི་ལྷ་མོ།།
དབྱངས་གསལ་སོ་བཞིའི་འདབ་མ་མཉམ་བཞད་དུ་བྱེད་ཅིང་།།
འུ་ཚོའི་ལང་ཚོའི་ཟེའུ་འབྲུ་ཤེས་རིག་ལ་ཕྱོགས་འགྲོ།།

  
བསམ་ཚུལ། 0 བཀླཌ་ཐེངས།: 2211  

07.07.2011 07:39:37

དེ་རིང་ས་རྭ་མཐོ་སློབ་ཀྱི་སློབ་མ་ཡོངས་ལོ་འདིའི་ནང་འཛིན་གྲྭ་ཚུགས་པའི་ཐོག་མའམ་ཉིན་དང་པོ་སོང་ཙང་དངོས་གནས་བརྗོད་མི་ཤེས་པའི་ཚོར་བ་མངར་སྐྱུར་འདྲེས་མ་ཞིག་མ་ཡིན་ནམ་མི་ལ་ལ་ནི་འཛིན་གྲྭ་ལོ་རིམ་འཕར་བ་དང་གསར་དུ་འཛུལ་ཞུགས་ཐུབ་པས་དགའ་སྤོབས་ཟུང་འབྲེལ་ཀྱིས་ངོ་གདོང་གི་རྣམ་འགྱུར་སོགས་ནས་སྨྲ་མི་དཔོག་པའི་གསང་བའི་ཐོག་ནས་ཁོག་འཛུམ་ཤིག་ཤིག་ཡོད་པ་བརྗོད་ག་ལ་དགོས།


  
བསམ་ཚུལ། 0 བཀླཌ་ཐེངས།: 1972  

06.07.2011 11:00:18

སྤྱི་ཟླ་༧་པའི་ཚེས་གཅིག་དང་གཉིས་གསུམ་སོགས་ཉིན་གསུམ་རིང་ལ་ས་རྭ་མཐོ་སློབ་ཀྱི་དགེ་སློབ་ཡོངས་ནས་སྒྲོལ་མ་འབུམ་ཐེར་གཅིག་བསགས་ཤིང་ཉིན་གསུམ་པའི་དགོང་མོ་དེར་ཟབ་ལམ་བླ་མ་མཆོད་པའི་ཚོགས་མཆོད་གྲ་རྒྱས་པོ་ཞིག་ཀྱང་བཤམས་སོང་། འདི་ནི་ལོ་ལྟར་མཐོ་སློབ་ནང་སློབ་མ་གསར་དུ་འབྱོར་བ་དང་གུང་སེང་རྫོགས་ནས་སློབ་མ་རྣམས་མཉམ་འཛོམས་སྐབས་སུ་ལོ་ལྟར་འདོན་བཞིན་པས།

  
བསམ་ཚུལ། 0 བཀླཌ་ཐེངས།: 2959  

25.06.2011 23:52:25

བོད་གངས་སེང་དཀར་མོ་གངས་ལ་གནས།།
ཤར་གྲོ་མ་ནག་པོས་གངས་སེང་བསྐྲད།།
ལས་ངན་པའི་གངས་དཀར་དཀར་གྱུར་ཀྱང་།།
ཁྱེད་གངས་སེང་མེད་པས་གངས་དཀར་སྐྱོ།།

  
བསམ་ཚུལ། 2 བཀླཌ་ཐེངས།: 2463  

06.05.2011 01:39:10

བཀུར་འོས་དྲ་གྲོགས་ཚོ་ལ་ཐོག་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་གུས་པ་འདིར་ཟླ་བ་གཅིག་ཙམ་གྱི་རིང་ལ་དྲ་གྲོགས་ཚོའི་ལེགས་བཏུས་ཀྱི་བསླབ་བྱ་དང་བཀའ་སློབ་སོགས་ལྟ་ཀློག་མ་བྱས་པར་དུས་ཡུན་གང་ཙམ་འགོར་བ་འགྱོད་པ་ཆེ་ཡང་བྱེད་ཐབས་བྲལ།
འོན་ཀྱང་དེ་རིང་ལྷགས་རླུང་དང་རླུང་བུས་མ་དེད་པར་སླེབས་ཐུབ་པ་འདི་ནི་བདག་གི་བསོད་ནམས་འབའ་ཞིག་ཡིན་སེམས་བཞིན་བདག་སླར་ཡང་གནས་འདིར་འབྱོར་ཡོད།།

 


  
བསམ་ཚུལ། 3 བཀླཌ་ཐེངས།: 3185  

ཤོག་ངོས། 1 ནས། 3
| -