ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

བསྟན་འཛིན་ཆོས་གྲགས།



20.12.2014 08:56:13

དྲ་གྲོགས་ལགས།
ཁྱེད་རྣམས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ཕྲན་ལ་བོད་ནས་ཐོན་པའི་ལྗོངས་ཞིང་ལྔ་མཉམ་འབྲེལ་ཀྱི་བོད་ཡིག་སློབ་དེབ་བོད་ཀྱི་སྐད་ཡིག་ཅེས་པའི་དེབ་ཕྲེང་ཆ་ཚང་བ་བརྒྱ་ལྷག་ཡོད།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 2 བཀླཌ་ཐེངས།: 1600  

06.12.2014 10:36:20

ཁྱེད་ལ་དགེ་རྒན་ཞིག་གིས་སློབ་ཁྲིད་གནང་སྐབས་སློབ་ཐུན་དང་བསྟུན་ནས་རང་ཉིད་ཀྱིས་ཁོང་དུ་ཆུད་མ་ཐུབ་ཚེ་དགེ་རྒན་དེས་གང་བསླབ་བསླབ་རེད། མ་ཟད་དགེ་རྒན་དེས་ཁྱོད་ལ་ཤ་ཚ་དང་ཁྱོད་ཀྱི་མདུན་ལམ་ལ་བསམ་བློ་མ་བཏང་ཚེ་ཉི་མ་བརྒྱ་ལ་སློབ་ཚན་གཅིག་བསླབས་ནས་འདུག་ན་ཡང་ཁྱེད་ཀྱིས་ཅི་ཤེས། རྒྱུ་མཚན་དེ་འདྲ་ཞིག་གི་འོག་ནས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་གྲྭ་རྣམས་འདི་འདྲ་ཆགས་པ་རེད་ཟེར་ཆོག

  གངས་དཀར་སེམས།
བསམ་ཚུལ། 0 བཀླཌ་ཐེངས།: 1437  

05.12.2014 06:11:09

བཙན་བྱོལ་ནང་གི་བོད་དང་བོད་ནང་གི་བོད་ཀྱི་མི་འདྲ་ས་གཤམ་གསལ་ལྟར་ཡིན་ནམ། གལ་སྲིད་བཙན་བྱོལ་སྲིད་གཞུང་འཛུགས་དོན་བོད་ཡིག་དང་བོད་སྐད་གཙོས་བོད་པའི་ཡུལ་གྱི་གོམས་པའི་གཤིས་ལུགས་མི་ཉམས་རྒྱུད་འཛིན་ཆེད་ཡིན་ན། དོན་དངོས་ལག་ལེན་ལ་ཁེལ་བ་ག་ཚོད་ཙམ་ཡིན་ནམ།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1406  

04.12.2014 10:05:11

དཔལ་དོན་གྲུབ་རྒྱལ་གྱི་རྩོམ་འདི་ཕྲན་གྱི་དགའ་ཤོས་དེ་ཡིན་ཙང་ཟིན་བྲིས་པ་ཡོངས་ལ་རྟེན་འབྲེལ་གྱི་ཆེད་དུ་ཕུལ་བ་ལགས་སོ།
ཚེ་རིང་གི་སྐད་ཆ།
ངས་ཡིད་སྐྱོ་ཞིང་སེམས་སྡུག་པའི་གནས་ཚུལ་དེ་སེམས་ལ་དྲན་ཐེངས་རེར་དཔྲལ་བའི་མིག་གཉིས་ལས་མཆི་མའི་རྒྱུན་ནི་དབང་མེད་དུ་བཞུར་འོངས་ཏེ། གངས་དཀར་སེམས་ཀྱི་གཏིང་ལ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཞིག་འཁྱིལ་ཞིང༌། བསམ་པའི་བརྩེ་དུངས་ཀྱི་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་བཟོད་གླགས་མེད་པའི་རླབས་ཕྲེང་གི་ཟེགས་མ་མཁའ་ལ་འཐོར་གྱིན་འདུག མི་ལོ་ཉེར་བཞིའི་རིང་གི་འཇིག་རྟེན་གྱི་འཚོ་བ་ནི་སྐྱིད་སྡུག་འདྲེས་མའི་རྣམ་ཐར་ཞིག་རེད་ཨང༌།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
བསམ་ཚུལ། 0 བཀླཌ་ཐེངས།: 1612  


| -