ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

བསྟན་པ་ཡར་འཕེལ།


སྐད་ཆ་ཁ་ནས་གང་ཐོན་ཞིག་བཤད་བསམ་ནས་འདིར་ཡོང་བ་ཡིན།


29.01.2011 22:57:58

གཞི་མེད་སྐྱོན་འཛུགས་ལ་ངོ་རྒོལ། ཁ་སང་སྟེ་ཕྱི་ཚེས་ ༢༩ ཉིན་གྱི་དགོང་མོ་གནས་མཆོག་རྡོ་རྗེ་གདན་དུ་༸རྒྱལ་དབང་ཀརྨ་པའི་བླ་བྲང་གི་དངུལ་གྱི་རྙོག་གླེང་ཐད་རྒྱ་གར་གསར་ལམ་ཁག་ནས་གནས་ཚུལ་མཁྱོག་བཤད་དང་གཞི་མེད་བསྐུར་འདེབས་ཚད་ལས་བརྒལ་བར་བྱེད་བཞིན་པར་ངོ་རྒོལ་གྱིས་མར་མེའི་ཁྲོམ་སྐོར་ཞིག་གནང་འདུག

  གཞི་མེད་སྐྱོན་འཛུགས་ལ་ངོ་རྒོལ།
བསམ་ཚུལ། 7 བཀླཌ་ཐེངས།: 3046  

12.12.2010 04:53:58

ཀརྨ་པ་དགུ་བརྒྱའི་དུས་དྲན་དབུ་འབྱེད་མཛད་སྒོ་དངོས་སུ་དབུ་ཚུགས་པ། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༢ ཚེས་ ༨ ཉིན་གྱི་ཞོགས་པ་གནས་མཆོག་རྡོ་རྗེ་གདན་དུ་རྗེ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ ༩༠༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོ་ཞིག་ཚོགས་ཡོད་ལ།


  
བསམ་ཚུལ། 0 བཀླཌ་ཐེངས།: 3389  

27.10.2010 05:11:07

༄༅། །སྐྱབས་མཆོག་རྡོ་རྗེ་འཆང་༧ངག་དབང་ཆོས་ཀྱི་རྒྱལ་མཚན་ནམ་ཤྲཱི་སེང་བྲག་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་བཀའ་དྲིན་དུ་སྩལ་བའི་ལུང་གི་ཐོབ་ཡིག་བཞུགས་སོ།། ཨོཾ་སྭསྟི། རྡོ་རྗེ་འཆང་སོགས་རྩ་བརྒྱུད་རིན་ཆེན་བླ་མ་དང༌། །འཁོར་ལོ་བདེ་མཆོག་ལ་སོགས་ དངོས་གྲུབ་སྩོལ་བའི་ལྷ། །མ་མགོན་ལྕམ་དྲལ་ལ་སོགས་ཕྲིན་ལས་འགྲུབ་མཛད་པའི། ། རྩ་གསུམ་རྒྱ་མཚོར་མཆོད་དོ་དགེ་ལེགས་ཤིས་པ་སྩོལ།

 


  
བསམ་ཚུལ། 1 བཀླཌ་ཐེངས།: 5225  

18.10.2010 04:15:02

བོད་རིག་པའི་ཚོགས་འདུ་ནས་ཕྱིར་མ་ལོག་པར་༸གོང་ས་མཆོག་ནས་ཐུགས་ཕམ་གནང་བ། འདི་ལོའི་བོད་རིག་པའི་ཚོགས་འདུར་རྒྱ་གར་ནས་བོད་མི་ཁག་ཅིག་མཉམ་ཞུགས་གནང་ནས་ཕྱིར་མ་ལོག་པར་༧གོང་ས་མཆོག་ནས་ཐུག་ཕམ་གནང་འདུག འདིའི་སྐོར་གོང་ས་མཆོག་ནས་འདི་ཟླའི་ཚེས་༡༢ཉིན་བྱང་ཁེ་ལེ་ཧྥོ་ནི་ཡའི་བོད་མི་ཚོར་གནང་བའི་བཀའ་སློབ་ནང་འཁོད་དོན། དེང་སང་བོད་མི་མི་ཉུང་བ་ཞིག་ཕྱི་རྒྱལ་ཁག་ཏུ་ཁྲིམས་འགལ་གྱིས་འགྲོ་མཁན་མང་དུ་སོང་ཡོད་པ་དང་།

  
བསམ་ཚུལ། 6 བཀླཌ་ཐེངས།: 7618  

13.07.2010 03:47:41

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བཏོན་པའི་བཀའ་ཁྲིའི་འོས་གཞི།
སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་འོས་གཞི།
༡༽ བཙན་བྱོལ་བོད་གཞུང་གི་དྲུང་ཆེ་གོ་འཇོ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ།
༢༽ སྐུ་སྒེར་དྲུང་ཆེ་ཟུར་པ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།
༣༽ སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་བཅས་ལ་གཏན་འཁེལ་ཞུས་ཡོད།


  
བསམ་ཚུལ། 10 བཀླཌ་ཐེངས།: 7840  

13.07.2010 03:42:06

སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི། ཕྱི་ལོ་ ༢༠༡༡ ལོའི་སྐབས་བཅོ་ལྔ་པའི་བོད་མི་མང་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་དང་། སྐབས་ ༡༣ པའི་བཀའ་བློན་ཁྲི་པའི་འོས་གཞིའི་ས་བོན་འདོན་ཕྱོགས་ཐད་མདོ་ཁམས་ཆུ་བཞི་སྒང་ དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཆེན་གྱི་སྤྱི་མོས་ཀྱིས་གཏན་ལ་དབབ་པའི་གྲོས་ཆོད་དགོངས་དོན་གཞིར་བཟུང་ས་གནས་སོ་སོའི་རྒྱུན་ལས་རྣམ་པས་སྤྱི་འཐུས་ཀྱི་འོས་གཞིའི་ས་བོན་འདེམ་སྒྲུག་གིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབུལ་དགོས་པ་དང་།

  
བསམ་ཚུལ། 1 བཀླཌ་ཐེངས།: 7052  

15.05.2010 00:44:50

ཡུལ་ཤུལ་ཁུལ་གྱི་སྐྱེ་དགུ་གྲོང་རྡལ་བཀྲ་ཤིས་ནུབ་ལམ་སྒོ་རྟགས་རེ་དགུ་བའི་ཁྱིམ་ན་ཉར་ཡོད་པའི་བཀའ་བསྟན་ལག་བྲིས་མ་དེ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་ཞིག་ཡིན་ལ། ཁྱིམ་ཚང་འདི་ནི་བོད་ལྡོང་མིའི་རུས་རྒྱུད་ཡིན་པས་ལྡོང་ཚང་ཞེས་ཟེར་ལ། ཁ་དཔེ་ལ། རྟ་རྒྱུད་མ་ཆད་ཁ་དཀར་རྐྱང་། མི་རྒྱུད་མ་ཆད་སྨུག་པོ་ལྡོང་ཞེས་རྗེས་མ་རྣམས་ཀྱིས་བཀའ་བསྟན་ལག་བྲིས་བྱེད་པ་དང་།


  
བསམ་ཚུལ། 0 བཀླཌ་ཐེངས།: 9159  

20.04.2010 23:06:00

ས་ཡོམ་གོད་ཆག་བྱུང་དུས་སྡུག ། སྐྱིད་སྡུག་ཉམམ་མྱོང་མཐོང་དུས་དགའ།།

བྱེས་སྡོད་བོད་མི་ཚོས་དེ་རིང་ཞལ་འདེབས་གནང་སྟངས་དེ་མཐོང་དུས་ངོ་མ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་འགག་ལ་ཐུག་དུས་འདུག་ཨ་བསམ་པ་ཞིག་ཤར་སོང་། མདང་དགོང་ལས་ཁུངས་གྲོལ་ནས་མེག་ལོར་སྲང་ལམ་དུ་འབྱོར་སྐབས་སྐྱེ་རྒུའི་ས་ཡོམ་གོ་ཆག་བྱུང་བར་ཞལ་འདེབས་བསྡུ་བཞིན་འདུག་ལ་མི་ཚོགས་ཚང་ཀ་ཤིག་ཤིག་གིས་ཞལ་འདེབས་ཧིན་སྒོར་གཅིག་སྟོང་དང་ལྔ་བརྒྱ་ཁ་ཤས་གཅིག་སྤྲོད་ཀྱིས་འདུག


  
བསམ་ཚུལ། 2 བཀླཌ་ཐེངས།: 7601  

18.04.2010 22:23:02

༄༅། །མཚོ་སྔོན་ཡུལ་ཤུལ་ཁུལ་སྐྱེ་དགུ་མདོར་ས་ཡོམ་གྱི་འཇིགས་པ་ མི་བཟད་པ་བྱུང་སྟེ། ད་བར་འདས་གྲོངས་སུ་གྱུར་པའི་མི་གྲངས་ཆིག་ སྟོང་ལྷག་ཟིན་པ་དང་། གནོད་སྐྱོན་ཚབས་ཆེན་བྱུང་བའམ་སྟོང་ཕྲག་ཟིན་ཅིང་། སྐྱེ་བོ་ཁྲི་ཕྲག་བརྒལ་བ་རྨས་པ་སོགས་བཀྲ་མི་ཤིས་པའི་གནས་ཚུལ་དེ་དག་གོ་རིམ་གྱིས་ཁོ་བོའི་ཡིད་ལ་སྐྱོ་གདུང་ཚད་མེད་བྱུང་བ་དང་ཆབས་ ཅིག

  
བསམ་ཚུལ། 2 བཀླཌ་ཐེངས།: 7670  

30.03.2010 03:35:28

ཁ་སང་ཕ་ཡུལ་ནས་ཁ་པར་བརྒྱུད་གནས་ཚུལ་འབྱོར་གསལ། བོད་མདོ་ཁམས་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་ཁོངས་སུ་ཡོད་པའི་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཆོས་སྡེ་ཆེ་མོ་འཇོ་ཕུ་དགོན་ནི་ད་ལྟའི་ཆར་ཁམས་ཁུལ་གྱི་བཀའ་དགོན་ཆེ་གྲས་ཡིན་པ་མ་ཟད། ནམ་རྒྱུན་སློབ་གཉེར་བ་བརྒྱ་ཕྲག་ཁ་ཤས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པར་འཆད་རྩོད་རྩོམ་གསུམ་གྱིས་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་གནང་མུས་ ཡིན་པ་དང།

  
བསམ་ཚུལ། 3 བཀླཌ་ཐེངས།: 8172  

15.03.2010 10:19:40

ཁ་སང་ཁམས་འཇོ་མདའ་འཛི་སྒར་དགོན་གྱི་ཉེ་མཁྲིས་སུ་རྒྱ་གཞུང་ཉེན་རྟོག་མི་སྣའི་རླངས་འཁོར་ཞིག་མེར་བསྲེག་བཏང་ཡོད་འདུག་ལ། དེ་ནས་ཉེན་རྟོག་པས་དགོན་པའི་གྲྭ་པ་གཉིས་ལ་རླངས་འཁོར་མེར་བསྲེག་བཏང་བའི་ཉེས་པ་གཡོག་ཏེ་དགོན་པ་ནས་བཙན་ཁྲིད་ཀྱིས་དེ་རིང་ཉིན་གང་པོར་འཇོ་མདའ་རྫོང་ཐོག་གི་གཞུང་ལམ་ནང་ནས་དམག་མིའི་མོ་ཀྲ་ཉི་ཤུའི་སྐོར་ནས་རྒྱེབ་རྡུང་མི་སྤྱོད་ལས་འདས་པ་གཏོང་བཞིན་ཡར་མར་ཁྲིད་ཀྱི་འདུག་ཟེར།


  
བསམ་ཚུལ། 0 བཀླཌ་ཐེངས།: 7434  

12.02.2010 23:50:06

མཐུན་ལམ་ལྕགས་ཀྱི་གོང་བུ་མ་འཐོར་ཞིང་།།
དཔའ་བོ་སྟག་གི་ཞལ་ལྕེ་མ་ཡལ་བའི།།

གདུང་དྲུག་མེས་པོའི་ཤུལ་འཛིན་བོད་རིགས་ཚོ།།
བཀྲ་ཤིས་གནམ་ལོ་གསར་པར་འཚམས་འདྲི་ཞུ།།


  
བསམ་ཚུལ། 2 བཀླཌ་ཐེངས།: 9108  

10.02.2010 23:08:35

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་སྐུ་ཞབསབཀྲ་ཤིས་ཚེ་རིང་མཆོག་ནས་བསྐུལ་དོན་ལྟར་བྲིས།


  
བསམ་ཚུལ། 0 བཀླཌ་ཐེངས།: 10725  

05.02.2010 05:35:28

༄༅། །ྋསྐྱབས་རྗེ་དམ་པ་ཨ་ལྡེའུ་རིན་པོ་ཆེ་རྗེས་སུ་དྲན་པ།
བསྐལ་མང་གོང་ནས་སྨོན་ལམ་མཐུ་བཙན་པོས།།
ལྷན་དུ་སྦྲེལ་བའི་ཀུན་མཁྱེན་འབྲུག་པ་རྗེ།།
ཕྲིན་ལས་ཤིང་རྟ་བརྒྱུད་པར་བཅས་རྣམས་ལ།།
ཡིད་ཆེས་དད་པའི་འདབ་མ་སྙིང་ཁར་སྤུངས།།


  
བསམ་ཚུལ། 4 བཀླཌ་ཐེངས།: 6948  

05.02.2010 00:48:05

པ་ལོ་སྤུ་གྲིས་བྲེགས་པའི་འུ་ཅག་ཚོ།།
ཕ་མེས་དམ་པ་རྣམས་ཀྱི་རྗེས་བསྙེགས་ཏེ།།
བ་ཚའི་འདམ་འདྲའི་འཁོར་བ་འདི་སྤོང་ནས།།
མ་རྒན་སེམས་ཅན་དོན་དུ་མི་བརྩོན་ནམ།།


  
བསམ་ཚུལ། 3 བཀླཌ་ཐེངས།: 8995  


| -