ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

ཁྲོ་གཏུམ།



གནའ་གཏམ་གྱི་གསེབ་ན།
06.03.2018 23:55:54

ལམ་ཁ་ནས་མེ་ཏོག་གི་ཁ་ཏོག་ལ་ཧད
གནའ་བོའི་དཔེ་ལེགས་ཅན་གྱི་སྤུས་ཚད་ལ་སྐྱ་ཐིག་ཕབ
རི་རྒྱུད་ནས་གངས་འགྱེང་བའི་སྣེ་རུ
ཤོག་བུ་ཤོམ་ཅན་འགའི་སྣང་བ་མཐོན་པོར་སྤུར
ཤོག་སྟེང་ན་ཚིག་གི་གད་སྙིགས་ལས་མེད་པ་ནི་གཏམ་རྒྱུད་དུ་གྱུར



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 14949 | དེ་ལས་མང༌།...


 
༼སྨྱུག་ཐོགས་བོད་མོ།༽ཞེས་པའི་དེབ་གསར་ཞིག
20.02.2018 04:19:17

Tibet-booklunched-2018དེབ་ཀྱི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་གནང་བའི་དཔལ་ལྡན་བོད་མི་མིང་སྤྱི་འཐུས་ཚོགས་གཞོན་ཨ་ཅ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་རྒན་ཡེ་ཤེས་ཆོས་བཟང་ལགས། དེབ་ཀྱི་རྩོམ་སྒྲིག་པ་ཆོས་ཉིད་བཟང་པོ། དེ་མིན་གསར་འགོད་པ་དང་དོ་སྣང་ཅན། ཕྱག་སྦྲེལ་ལས་རོགས་རྣམས་བཅས་ཀྱིས་ཉིན་བཟང་སྐར་བཟང་༧རྒྱལ་བའི་བླ་བཟའ་ལྷག་སྐར་ཉིན་མོ་དང་། ཕྱི་ཟླ་ ༢ པའི་ཚེས་ ༡༤ འཛམ་གླིང་གི་དགའ་རོགས་དུས་ཆེན་ཉིན་མོ། བོད་ཀྱི་གནམ་ལོ་གསར་བའི་དགུ་ཟློགས་དང་དགུ་ཐུག་གི་ཉིན་མོ་སུམ་འཛོམས་ཐོག བཙན་བྱོལ་བོད་ཀྱི་བུད་མེད་བོད་ཡིག་ཐོག་རྩོམ་འབྲི་གནང་མཁན་དང་ཀློག་པ་པོ་རྣམས་སུ་ཁྱབ་མཉམ་འཅར་འདྲི་ཞུས་པའི་དེབ་གསར་གྱི་མཛད་སྒོ་སྟབས་བདེ་ཞིག་བཞུགས་སྒར་ངྷ་སར་འཚོགས་པ།



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 14197 | དེ་ལས་མང༌།...


 
ཁྲོ་གཏུམ་གྱི་སྙན་ངག་བཞི།
21.09.2017 00:14:15

རི་བའི་ཐོད་ནས་བལྟས་ན།

ལྷག་རླུང་མེད་པར་དུས་རབས་ཀྱི་རྗེས་སུ་རྐང་པ་འཇོག
བསིལ་ལྷམ་གོན་པའི་རྐང་ཐང་བ་འགས་དུས་ཚོད་ཀྱི་རྗེས་མ་ཟིན་པས
དུས་རབས་གསར་པའི་ཉི་འོད་ཀྱི་དྲོད་ཁོལ་མ་རག

ཁུག་མ་དངུལ་གྱིས་བཀང་བ་ལ་འབད་པའི་མི་འབོར་ཞིག
ལོ་ཟླའི་སྲུབ་ཀ་རུ་གཉིད་ལམ་དུ་རྨི་ལམ་གཏོང་ཞོར
སང་ཉིན་གྱི་དངུལ་ལ་སྐེ་བསྲིངས་ཏེ་མིག་བགྲད



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 2855 | དེ་ལས་མང༌།...


 
མདུད་ལོག་གཅིག
10.08.2017 00:12:19

ལས་དབང་ལོ་ལོན་འགའི་དཀྱིལ་ལ

ཡར་མ་འཕགས་ཤིང་མར་མ་ལྷུང་བའི་སྡེ་འཚོ

ཚོད་ཚོད་ལ་སེམས་ཀྱི་ཉག་ཕྲ་བའི་རྩ་ལམ་དེར་བཞུར



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 1429 | དེ་ལས་མང༌།...


 
ཉི་མ་ནུབ་སོང་། རྒྱ་ནག་ནུབ་སོང་།
14.07.2017 04:36:38

ཉི་མ་ནུབ་སོང་། རྒྱ་ནག་ནུབ་སོང་།


_________________ཁྲོ་གཏུམ།


འཇིག་རྟེན་དཀར་ངོགས་སུ་གངས་ཏི་སེ་མཐོ་ཟེར
ཉི་འོད་ཀྱི་ལག་པ་རི་བོ་དེའི་བང་རིམ་ལ་སྙོབ་ཡོད
གངས་འཁྱག་བརྩེགས་རིམ་གྱི་ཁྲོད་ལ་ཉི་འོད་ཀྱིས་འཕྱིད་བརྡར་བྱས་མོང



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 1351 | དེ་ལས་མང༌།...


 
རྫ་དམར་སྡེ་བས་དྭགས་པོ་སྡེ་བར་དགྲ་ཤ་བླངས་པ།
13.06.2017 04:16:07

བཀླགས་བྱང་འབྲི་མཁན། ཁྲོ་གཏུམ།

དེབ་མིང་། རྫ་དམར་གེ་མོ་དཔལ་ལྡན་གྱིས་དྭགས་པོའི་ནང་ལ་དགྲ་བརྒྱབ་པ་དང་རྫ་དམར་དཔོན་ཞྭ་སྒྲ་འཆི་མེད་ཀྱིས་ཁ་མཆུ་འདུམ་པའི་གཏམ་རྒྱུད།
བསྡུ་བསྒྲིགས་མཁན། ཐོག་མེད་རྣམ་རྒྱལ།
བཤད་མཁན། བགྲེས་སོང་དབང་གྲགས་སོགས།
དཔར་དུས། ཕྱི་ལོ་༢༠༠༦ཟླ་༦ཚེས་༦ལ།
མི་སྣ་གཙོ་བོ། རྫ་དམར་གེ་མོ་དཔལ་ལྡན།

དུམ་མཚམས་གཉིས། དང་པོ། རྫ་དམར་གེ་མོ་དཔལ་ལྡན་གྱིས་དྭགས་པོའི་ནང་ལ་དགྲ་བརྒྱབ་པ།
གཉིས་པ། རྫ་དམར་དཔོན་ཞྭ་སྒྲ་འཆི་མེད་ཀྱིས་ཁ་མཆུ་འདུམ་པ།



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 1999 | དེ་ལས་མང༌།...


 
ཤོག་བུའི་ཟུར།
25.05.2017 23:49:06

སྒྲོག་ཙེ་སྟེང་དུ་ལེབ་མོ་ལེབ་མོར་བཤམས
སྐྱ་མདའ་ཤར་མར་བབས་པའི་ཁ་དོག་ཅིག་གི་ངོས
སྙུ་གུའི་ཚོགས་འདུ་སྐོང་བའི་མིག་མདུན་དུ
བསམ་བློའི་རྐང་མར་བཞུར་བའི་བྲོ་བ་སྟེ
རྐང་གཉིས་མི་ཡི་རང་དབང་ལོངས་སྤྱོད་ཅིག་ལ་ཅི་ཡང་འཁྲུལ



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 1185 | དེ་ལས་མང༌།...


 
སྙན་ངག་ཅིག་ལ་ཕྲན་བཤད་བྲིས་པ།
29.01.2017 12:48:52

ངས་མཐོང་བའི་འཛུམ་ཆུང་དུམ་བུ།
ཁ་བ་སྐམ་པོ།
དྭངས་གཙང་ཆུ་མོ་ལྷོད་དང་སིམ་གྱིས་འབབ་དུས།།
སེམས་ཀྱི་བུ་ཆུང་ལུ་གུ་བཞིན་དུ་རྩེད་དུས།།
ཁྱེད་ཀྱིས་གནང་བའི་ལུས་སེམས་མཉེན་མོ་ཞིག་སྟེ།།
བདག་གི་ནང་ནོམ་གོས་ཆེན་འབྲུག་མ་ཞིག་ཡིན།།
དུང་དང་འོ་མའི་གྲུབ་པའི་ལྷུ་བཞིའི་ལྕུག་མ།།
འཇམ་ལ་ནེམ་ཤ་སྨིན་པའི་པགས་པ་སྲབ་མོ།།



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 2173 | དེ་ལས་མང༌།...


 
ངས་ཕ་ཡུལ་གྱི་དགུན་ཁ་རྔུབ་ཀྱིན་ཡོད།
13.12.2016 23:52:49

ཕ་ཡུལ་ལ་དབྱར་ཁ་བྱུང་མ་མྱོང་བའི་དུས་དེ་ནས

ཕ་ཡུལ་ནི་རླུང་ནག་འཚུབ་མ་འཁོར་སའི་ཡུལ་གྲུ་ཞིག་ཏུ་གྱུར

ཁ་བ་དང་བུ་ཡུག་གིས་མི་སེམས་དམར་གསོད་བྱས་ཤིང
ཙག་ལྡོམ་འགའི་ཧེབ་རྒན་གཡུག་ཕྱོགས་ལས
སྔོན་གྱི་ཕ་ཡུལ་ནི་གཏམ་རྒྱུད་ཁྲོད་ན་ལྷག



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 2003 | དེ་ལས་མང༌།...


 
དགེ་རྒན་ཞིག་གི་གཏམ་བཤད།
12.12.2016 05:00:54

རྩེ་ཁོག་དགེ་རྒན་ཞིག་གིས་སློབ་ཆུང་མཐར་ཕྱིན་མཛད་སྒོའི་སྟེང་སྤེལ་བའི་གཏམ་བཤད་ཅིག

མཐར་ཕྱིན་ཞུ་ཚིག
སྙིང་ཉེ་བའི་སློབ་གྲོགས་ཚོ། ཕྱི་དྲོ་བདེ་ལེགས།



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 2202 | དེ་ལས་མང༌།...


 
འོད་ངོགས་ཀྱི་གདོང་།
26.10.2016 06:19:10

14725494 1116374201782189 6787304698658091602 nའོད་ངོགས་སུ་རྒྱུ་བའི་ངོ་གདོང      
སྐྱ་བོ་སྐྱ་བོ་དེའི་ཁ་དོག་ངོས་སུ   
ཐ་མག་རྐང་གཅིག   
བསམ་གཞིགས་རྡོག་གཅིག      
མིག་ཟུང་གི་ཁ་ཕྱོགས་ས་ནི་གསང་བ་རུ་གྱུར



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 4403 | དེ་ལས་མང༌།...


 
ཆར་བ་འཇོ་ལོ་ལོ།
14.09.2016 23:55:51

ཆར་བའི་འབབ་ཤུལ་དེད་ན
རྩི་མགོ་སྔོན་མོ་གཡུ་ལ་ཆུ་ཐིགས་འཁྱོ་རིལ་ཆགས་ཡོད
རྐང་བས་མནན་ཡང་མ་བསམ
རྡོག་པས་བརྫི་ཡང་མ་འདོད
ཆར་བ་འཇོ་ལོ་ལོ་འདི
རྩྭ་དང་ཤིང་ལ་ཆགས་འདུག



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 5803 | དེ་ལས་མང༌།...


 
ས་མཐའི་ཤོག་ཐུར་འགའ།
10.08.2016 01:33:08

[ས་མཐའི་ཤོག་ཐུར་འགའ་བརྡ་འཕྲིན་གྱི་རླུང་འཚུབ་ལ་འདྲེས་དུས། ས་མཐའ་རེད་བསམ་ནས་ཀུ་ཡངས་གཏོང་མི་འདོད་ལ། ཤོག་བུ་སྤུས་དག་རེད་བསམ་ནས་ཉོ་འདོད་དེ་བས་མེད། རྒྱུ་མཚན། ཤོག་ཐོག་གི་ཞེ་མེར་བའི་ཚིག་གྲུབ་དེ་དག་གིས་ངེད་གངས་ཅན་པའི་བུ་རབས་ཚ་རྒྱུད་ཀྱི་ངག་ལ་རྨ་འབྱིན་གྱི་རེད།]



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 8167 | དེ་ལས་མང༌།...


 
རྡ་རྡ་ཚང་གི་གཞིས་ཀ་ནས་སྙན་ངག་པའི་མཚན་མོ་འཁོར་བ།
27.07.2016 04:52:38

རོ་སྟོད་ལ་བབས་པའི་མཚན་མོ།


ཁྲོ་གཏུམ།DhaDhas Home


---སྙན་ངག་པའི་མཚན་མོ་ལ་འཁྲེང་བའི་སྒད་ཚིག་གི་རུས་པ་དཀར་པོ།

 

བདག་གི་རོ་སྟོད་ལ་བབས་པའི་མཚན་མོ
གྲོགས་མ་གཤོག་ཐོགས
འབུ་རྒན་ནག་ར
འདྲེ་ཤིག་དམར་ལྡིང་གིས་ང་ལ་མཆུ་བཙག་མང་པོ་བྱས་མྱོང
དེ་བས་ངའི་རོ་སྟོད་ཀྱི་མཚན་མོ་ནི་ལྷིང་འཇགས་ཤིག་ག་ལ་ཡིན



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 5406 | དེ་ལས་མང༌།...


 
ཁྱེད་ཀྱི་ཉི་འོད་ཀྱིས་ང་ཚོའི་སེམས་རྩ་གསོས།
07.07.2016 05:48:17

ཁྱེད་ཀྱི་ཉི་འོད་ཀྱིས་ང་ཚོའི་སེམས་རྩ་གསོས།

ཉི་འོད་ཀྱི་གོ་ས་ན

འོད་དུ་འཚེར་བའི་བྱམས་བརྩེ་ཞིག
༧གོང་ས་མཆོག
ངས་ཁྱེད་ཀྱི་འཁྲུངས་སྐར་བསུ།



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 4906 | དེ་ལས་མང༌།...


 
གསར་འགོད་པའི་བསྐོར་བསྐྱོད་ཁྲོད་རག་ཟིན་བཏབ་པ།
27.05.2016 06:28:43

ཕྱི་ལོ་༢༠༡༦ཟླ་༠༥ཚེས་༢༢ནས་གསུམ་སྟེ་ཉིན་གཉིས་རིང་། བོད་ཀྱི་གཞུང་འབྲེལ་མིན་པའི་གསར་ཁང་ཁག་གི་གསར་འགོད་པ་བཅུ་རྒྱ་གར་རྒྱལ་ས་ ལྡི་ལིའི་གསར་ཁང་ཆེ་གྲས་ཁ་ཤས་སུ་བསྐོར་བསྐྱོད་བྱས་ཤིང་། ལྡི་ལིར་ཡོད་པའི་བོད་ཀྱི་ན་གཞོན་ནུས་འཕེལ་ལས་གཞི་ཁང་གི་ཨ་དཔལ་ལྷ་མོ་ལགས་ཀྱིས་སྣེ་ཤན་བྱས་ཏེ།



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 6253 | དེ་ལས་མང༌།...


 
གོམ་པ་སྤོ་སྟངས་ལས་གོམས་སྲོལ་ཞིག་ན་བ།
02.05.2016 06:03:40

ཁྱོད་རང་ཅི་ཞིག་གི་ཚུལ་དུ

ལུ་གུ་དང་བེའུ་འཚོ་ས་ནས་བསྐྱོད་མྱོང
མེ་ལོང་རྩྭ་ཐང་དུ་འདེགས་པའི་ཡོམ་ཤིང་གི་རྩེ་རུ
བྱ་ཁུ་ལོ་དང་བྱེའུ་མཇོལ་མོས
གློ་བ་ཁྱོད་ཀྱི་ཉེ་སར་གཏད་པ་གྲངས་ཀྱིས་དཔག་དཀའ



བརྗོད་གཞིའི་རིགས་བཀར་བ།:

བསམ་ཚུལ་ཁག 1 | བཀླཌ་ཐེངས།: 4952 | དེ་ལས་མང༌།...


 
རང་མོས་སྙན་ངག་ཟེར་དོན་ཅི།
27.04.2016 23:16:45

མིང༌། བོད། རང་མོས་སྙན་ངག ཨ་རི། Free Verse ཡོ་རབ། Vers Libre རྒྱ་ནག 自由诗
དར་དུས། བོད་ལ་དུས་རབས་༢༠མཇུག ཨ་རིར་དུས་རབས་༡༩མཇུག་དང་༢༠མགོ་སྟོད། ཡོ་རོབ་ལ་དུས་རབས་༡༩ནང༌། རྒྱ་ནག་ལ་དུས་རབས་༡༩མཇུག་དང་༢༠མགོ་སྟོད།



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 4341 | དེ་ལས་མང༌།...


 
ངག་གི་གཙང་བོར་དྲི་མ་ཁ་བ་ལ།
31.03.2016 00:48:03

____དྲོད་ལྷང་ལྷིང་གི་སེམས་པ་དག་ངག་གི་གཙང་བོའི་ཁྲོད་དུ་རུལ་ལ་ཉེ།
གཙང་བོ་བཞུར་ས་ན
རུལ་དྲི་ཐུབ་པའི་སྒྲུང་བ་ཞིག་གི་ངག་རྒྱུན་ཡོད།


བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 3395 | དེ་ལས་མང༌།...


 
རིག་གནས་སྲུང་སྐྱོབ་བམ།
29.03.2016 01:18:56

རིག་གནས་སྲུང་སྐྱོབ་བམ།
འོས་སྦྱོར། རྩོམ་པ་པོ། པད་མ་འབུམ་ནས།
གླེང་སློང་།
འདིར་བརྗོད་པའི་“རིག་གནས་སྲུང་སྐྱོབ་”ནི་སྐྱབས་བཅོལ་སྤྱི་ཚོགས་སུ་ “རིག་གཞུང་སྲུང་སྐྱོབ་”ཅེས་པ་དང་དོན་མཚུངས་་ཡིན། འདིར་“རིག་གནས་སྲུང་སྐྱོབ་”ཅེས་འབོད་དོན་ནི་བོད་ནང་ལ་འདི་ལྟར་གྲགས་ཆེ་བས་ཡིན།  ཐ་སྙད་ཅིག་བོད་ནང་ལ་གྲགས་ཆེ་དུས་བེད་སྤྱོད་གཏོང་མཁན་གྱི་མི་འབོར་དེ་ན་མང་བ་ནི་བཤད་མ་དགོས་པ་རེད།  “རིག་གཞུང་སྲུང་སྐྱོབ་”ཅེས་པའི་འབོད་སྟངས་འདི་ལ་རྒྱུ་མཚན་རེ་ཡོད་པ་སྨོས་མ་དགོས་ཤིང་།  ཐ་སྙད་ལ་རྒྱུ་མཚན་གལ་ཆེ་བ་ཡང་བདེན་མོད།  རྒྱུ་མཚན་ལས་ཀྱང་བེད་སྤྱོད་གལ་ཆེ།  རྒྱུ་མཚན་ཡོད་ཀྱང་བེད་སྤྱོད་གཏོང་མཁན་ཉུང་དུས་ཐ་སྙད་དེ་ལ་གསོན་སྟོབས་ཆུང་རྟགས་ཡིན།   རྒྱུ་མཚན་མི་དག་ན་ཡང་བེད་སྤྱོད་གཏོང་མཁན་མང་དུས་ཐ་སྙད་དེ་གསོན་པོར་གནས་ཡོད་པ་རེད།



བརྗོད་གཞིའི་རིགས་བཀར་བ།:

བཀླཌ་ཐེངས།: 2550 | དེ་ལས་མང༌།...


  ཤོག་ངོས། 1 ནས། 4
| -